དབུ་ཤོག>སྲིད་དོན།
  • ཅང་ཅེ་ཡིས་གནམ་ཐང་འཛུགས་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-14

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས“བརྡ་ཐོ་མི་གཏོང་བ་དང་། སྔོན་འབོད་མི་བྱེད་པ། སྙན་ཞུ་མི་ཉན་པ། ཕེབས་རོགས་མི་དགོས་པ། སྣེ་ལེན་བྱེད་མཁན་མི་དགོས་པ། གཞི་རིམ་དུ་ཐད་ཀར་སྐྱོད་པ། ས་གནས་ས་ཐོག་ཏུ་སྐྱོད་པ”བཅས་ཀྱི་རྣམ་པའི་ཐོག་ནས་ལྷ་ས་གོང་དཀར་གནམ་ཐང་གི་བབས་ཚུགས་གསར་པ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་ལེན་བསྟར་ཡུལ་དུ་ཕེབས་ཏེ། འཛུགས་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ། ཞིབ་ཕྲའི་གནད་དོན་ཐག་གཅོད་ལ་མཐུན་སྦྱོར་ཡང་གནང་བ་རེད།

    ཅང་ཅེས། ཨར་ལས་བྱ་རིམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པ། ཨར་ལས་བདེ་འཇགས་འགན་ལེན་བྱེད་པ། ལས་ཡུན་ལྡོག་སྒྲིག་བྱེད་པ། ལས་རིམ་གསལ་འགོད་བྱེད་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ལས་དོན་གཉིས་ཀར་འཐུས་ཤོར་མི་འགྲོ་བ་བྱེད་དགོས་པ་དང་། “སྤུས་ཚད་ཨང་དང་པོ་དང་རྩེར་སོན་འབད་གཏོད”ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། དུས་བབ་གསར་པར་དམིགས་ནས་ཚ་བ་ལྟ་སྒོ་དང་དུག་སེལ་སོགས་རིམས་འགོག་སྒྲིག་ཆས་དང་རིམས་འགོག་དངོས་རྫས་བཀོད་སྒྲིག་སྔ་ཙམ་བྱས་ནས་ཞིབ་ཕྲའི་ལས་འགན་ཁག་ལ་སྔར་བས་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱེད་དགོས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། རྒྱུག་ལམ་གཉིས་པའི་ལས་གྲྭ་འཛུགས་སྐྲུན་ལ་འཕྲད་པའི་གནད་དོན་ཐག་གཅོད་ལ་མཐུན་སྦྱོར་ཧུར་ཐག་བྱེད་པ། འཛུགས་སྐྲུན་བྱ་རིམ་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཤུགས་རྒྱག་པ་དང་འདེགས་སྐྱོར་གང་ཐུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།