དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཉིང་ཁྲིའི་ལས་བྱེད་པའི་ངལ་གསོའི་རྟེན་གཞི་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-14

     རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉིན་ཤས་གོང་ཉིང་ཁྲིའི་ལས་བྱེད་པའི་ངལ་གསོའི་རྟེན་གཞི(རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཉིང་ཁྲིའི་ཡན་ལག་སློབ་གྲྭ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་ངལ་གསོའི་རྟེན་གཞི)འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ། སྙན་ཞུ་གསན་པ་དང་། གནད་དོན་ལ་ཞིབ་འཇུག་བྱས་པ་མ་ཟད། ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་དང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧྲེང་ཁྲང་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག ངལ་གསོའི་རྟེན་གཞིའི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་ལས་བཟོའི་བདེ་རྩ་དང་འབྲེལ་བ་ཡོད་པ་ཞིག་རེད་ལ། དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལས་སྒྲུབ་ལས་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཀྱང་རེད། ཉིང་ཁྲི་གྲོང་ཁྱེར་དང་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྟེན་གཞི་བསྐྲུན་རྗེས་ཀྱི་དོ་དམ་སྒྲིག་གཞི་བཀོད་སྒྲིག་དང་། སྡེ་ལས། རྒྱབ་ཕྱོགས་དོ་དམ། དེ་བཞིན་སྒྲིག་བཀོད་དང་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་རྣམ་གྲངས་སྔ་ཙམ་སྐྲུན་ཐུབ་པ་དང་སྔ་ཙམ་ཕན་པ་ཐོབ་པའི་འགན་ལེན་བྱེད་དགོས། སྤུས་ཚད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཨར་ལས་ཀྱི་བདེ་འཇགས་འགན་ལེན་བྱེད་པ། ཨར་ལས་ཚན་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་ལ་བདེ་འཇགས་དང་། ཚད་ལྡན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ། རྣམ་གྲངས་འདི་ཉིད་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པའི་སྤུས་དག་ལས་གྲྭ་དང་རྩེར་སོན་ལས་གྲྭ་ཞིག་ལ་འཛུགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས། ལས་གྲྭའི་སྤྱིའི་འཕེལ་རིམ་གྱི་བླང་བྱ་གཞིར་བཟུང་། ལས་ཡུན་ལྡོག་སྒྲིག་བྱེད་པ་དང་། ལས་རིམ་གསལ་འགོད་བྱེད་པ། འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ནས་དུས་བཀག་བཞིན་རྣམ་གྲངས་ཀྱི་ལས་མཇུག་འགྲིལ་བ་དང་དུས་བཀག་བཞིན་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། སྤྱོད་གཙང་འདུ་ཤེས་ཟབ་ཏུ་བཏང་སྟེ། ཁྲིམས་གཏན་འཁེལ་བའི་གོ་རིམ་གཞིར་བཟུང་རྣམ་གྲངས་ཇུས་འགོད་དང་། མཆན་འགོད། ལག་བསྟར་བཅས་བྱས་ནས་དངུལ་ཚང་མ་དགོས་པ་ཡོད་སར་བེད་སྤྱོད་ཡག་པོ་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།