དབུ་ཤོག>སྲིད་དོན།
  • 2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-08

    གཅིག ཁོར་ཡུག་གི་སྤུས་ཚད་གནས་ཚུལ།

    ཁོར་ཡུག་དང་མཁའ་རླུང་། 2020ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་སྤྱི་ཡོངས་ལེགས་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ནས། ལྗོངས་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་ཆ་སྙོམས་བསྡུར་ཚད་99.4%ཟིན་ཡོད། ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་ཆ་སྙོམས་བསྡུར་ཚད་100%ཟིན་ནས། རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཁྲོད་དུ་ཨང་རིམ་གཉིས་པར་སླེབས་ཡོད། ས་ཁུལ(གྲོང་ཁྱེར)གཞན་དག་གི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་ཆ་སྙོམས་བསྡུར་ཚད་ནི། གཞིས་རྩེ་གྲོང་ཁྱེར་99.4%དང་། ལྷོ་ཁ་གྲོང་ཁྱེར་99.4% ཉིང་ཁྲི་གྲོང་ཁྱེར་100% ཆབ་མདོ་གྲོང་ཁྱེར་100% ནག་ཆུ་གྲོང་ཁྱེར་99.7% མངའ་རིས་ས་ཁུལ་97.0%བཅས་སོ་སོར་ཡིན་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་337གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཨང་རིམ་ནི་ཨང་ལྔ་པ་དང་། ཨང་བཅུ་གཅིག་པ། ཨང་དང་པོ། ཨང་དགུ་པ། ཨང་ཉེར་ལྔ་པ། ཨང་དགུ་པ་བཅས་སོ་སོར་ཡིན། ཇོ་མོ་གླང་མའི་ས་ཁོངས་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་མུ་མཐུད་བཟང་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱུང་ནས་རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད།

    ཆུའི་ཁོར་ཡུག 2020ལོར་ལྗོངས་ཡོངས་ཀྱི་ཆུ་བོ་དང་། གཙང་པོ། མཚོ་བཅས་གཙོ་བོའི་ཆུའི་སྤུས་ཚད་སྤྱི་ཡོངས་རྒྱུན་མཐུད་ཡག་པོ་བྱུང་ནས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དེ་མཚུངས་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིར་སླེབས་ཡོད། རྫ་ཆུ་དང་། འབྲི་ཆུ། ཡར་ཀླུང་གཙང་པོ། རྒྱལ་མོ་རྔུལ་ཆུའི་ཆུ་གཞུང་ཨ་མ་བཅས་ཀྱི་ཆུའི་སྤུས་ཚད《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིའི》(GB3838-2002)རིགས་IIཡི་ཚད་གཞིར་སླེབས་པ་དང་། ལྷ་ས་སྐྱིད་ཆུ་དང་། མྱང་ཆུ། ཉང་ཆུ་སོགས་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར་བཞུར་བའི་གཙང་པོའི་ཆུའི་སྤུས་ཚད《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིའི》(GB3838-2002)རིགས་IIIཡི་ཚད་གཞིར་སླེབས་ཡོད། ཆུ་འགོ་ཇོ་མོ་གླང་མ་ནས་ཡིན་པའི་རོང་ཕུ་ཆུའི་སྤུས་ཚད་རིགས་Iཡི་ཚད་གཞིར་སླེབས་ཡོད། གནམ་མཚོ་དང་། མཚོ་མོ་ངང་ལྷ་རིང་མོ། ཡར་འབྲོག་གཡུ་མཚོ་བཅས་ཀྱི་ཆུའི་སྤུས་ཚད་སྤྱི་ཡོངས《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིའི》(GB3838-2002)རིགས་IIཡི་ཚད་གཞིར་སླེབས་པ་དང་། སེར་གླིང་མཚོའི་ཆུའི་སྤུས་ཚད《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིའི》(GB3838-2002)རིགས་IIIཡི་ཚད་གཞིར་སླེབས་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)གནས་སའི་གྲོང་ཁྱེར་དང་གྲོང་རྡལ་20ཡི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚང་མ《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིའི》(GB3838-2002)དང《ས་འོག་ཆུའི་སྤུས་ཚད་ཀྱི་ཚད་གཞིའི》(GB/T14848-2017)རིགས་IIIཡི་ཚད་གཞིའི་བླང་བྱར་སླེབས་ཡོད།

    ས་རྒྱུའི་ཁོར་ཡུག 2020ལོར་ལྗོངས་ཡོངས་ཀྱི་ས་རྒྱུའི་ལྟ་ཞིབ་ཚད་ལེན་བྱེད་སའི་སྦགས་བཙོག་དངོས་པོ་ཁག་གི་གར་ཚད་ཀྱི་ཚོད་འཛིན་གྲངས་ཚང་མ《ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་ཀྱི་ཞིང་སྤྱོད་ས་ཆའི་ས་རྒྱུའི་སྦགས་བཙོག་ཉེན་ཁ་དོ་དམ་ཚོད་འཛིན་གྱི་ཚད་གཞི(ཚོད་ལྟའི་ལག་བསྟར)》(GB15618-2018)ཡི་རེའུ་མིག་དང་པོའི་ཉེན་ཁའི་གདམ་གསེས་གྲངས་གཞིའི་ཚོད་འཛིན་གྲངས་ཀྱི་བླང་བྱ་དང་མཐུན་ཡོད་པ་དང་། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་བདེ་འཇགས་ཀྱི་ཆུ་ཚད་དུ་སླེབས་ཡོད།

    སྐད་སྒྲའི་ཁོར་ཡུག 2020ལོར་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་སྐད་སྒྲའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་བརྟན་པོ་བྱུང་ཡོད། ལྷ་ས་གྲོང་ཁྱེར་གྱི་བྱེད་ནུས་ཁུལ་སྣ་ཚོགས་ཀྱི་ཉིན་མོའི་ཚད་གཞི་ལོན་ཚད་97.5%ཟིན་པ་དང་། མཚན་མོའི་ཚད་གཞི་ལོན་ཚད་71.7%ཟིན་ནས་ས་ཁོངས་ཀྱི་སྐད་སྒྲའི་ཁོར་ཡུག་གི་སྤུས་ཚད་རིམ་པ་གསུམ་པར་སླེབས་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་བྱེད་ནུས་ཁུལ་སྣ་ཚོགས་ཀྱི་ཉིན་མོའི་ཚད་གཞི་ལོན་ཚད་100.0%ཟིན་པ་དང་། མཚན་མོའི་ཚད་གཞི་ལོན་ཚད་95.2%ཟིན་ནས་ས་ཁོངས་ཀྱི་སྐད་སྒྲའི་ཁོར་ཡུག་གི་སྤུས་ཚད་རིམ་པ་དང་པོར་སླེབས་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་བྱེད་ནུས་ཁུལ་སྣ་ཚོགས་ཀྱི་ཉིན་མོའི་ཚད་གཞི་ལོན་ཚད་100.0%ཟིན་པ་དང་། མཚན་མོའི་ཚད་གཞི་ལོན་ཚད་100%ཟིན་ནས་ས་ཁོངས་ཀྱི་སྐད་སྒྲའི་ཁོར་ཡུག་གི་སྤུས་ཚད་རིམ་པ་གསུམ་པར་སླེབས་ཡོད། ཆབ་མདོ་གྲོང་ཁྱེར་གྱི་བྱེད་ནུས་ཁུལ་སྣ་ཚོགས་ཀྱི་ཉིན་མོའི་ཚད་གཞི་ལོན་ཚད་97.0%ཟིན་པ་དང་། མཚན་མོའི་ཚད་གཞི་ལོན་ཚད་92.0%ཟིན་ནས་ས་ཁོངས་ཀྱི་སྐད་སྒྲའི་ཁོར་ཡུག་གི་སྤུས་ཚད་རིམ་པ་གཉིས་པར་སླེབས་ཡོད། ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་ཉིན་མོའི་གཞུང་ལམ་འགྲིམ་འགྲུལ་གྱི་སྐད་སྒྲའི་ཁོར་ཡུག་གི་སྤུས་ཚད་ཚང་མ་རིམ་པ་དང་པོར་སླེབས་ཡོད།

    འགྱེད་འཕྲོའི་ཁོར་ཡུག 2020ལོར་ལྗོངས་ཡོངས་འགྱེད་འཕྲོའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཡག་པོ་བྱུང་ཡོད། ལྗོངས་ཡོངས་ཀྱི་འགྱེད་འཕྲོའི་ཁོར་ཡུག་གི་མཁའ་རླུང་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་9ཡིས་γའདུས་ཚད་ཀྱི་ལྟ་ཞིབ་ཚད་ལེན་གྱི་འབྲས་བུ་ཚང་མ་ས་གནས་དེ་གའི་རང་བྱུང་འཕར་ཆག་གི་ཁྱབ་ཁོངས་སུ་སླེབས་ཡོད། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་རང་བྱུང་འགྱེད་འཕྲོ་རང་བཞིན་གྱི་ཉིང་རྒྱུ་གསོན་ཚད་དང་འདུས་ཚད་ཚང་མ《འཚོ་བའི་འཐུང་ཆུའི་འཕྲོད་བསྟེན་ཚད་གཞི》(GB5749-2006)ཡི་གཏན་འབེབས་ཀྱི་མཛུབ་ཁྲིད་གྲངས་གཞི་ལས་དམའ་བ་ཡོད། ལྗོངས་ཡོངས་ཀྱི་གློག་ཁབ་ལེན་གྱི་འགྱེད་འཕྲོའི་ཆུ་ཚད《གློག་ཁབ་ལེན་གྱི་ཁོར་ཡུག་ཚོད་འཛིན་གྲངས་གཞི》(GB8702-2014)ཡི་གཏན་འབེབས་ཀྱི་སྤྱི་དམངས་ལ་ཡོངས་བསྒྲགས་བྱས་པའི་ཚོད་འཛིན་གྲངས་གཞི་ལས་ཧ་ཅང་དམའ་བ་ཡོད།

    ལྟ་ཞིབ་ཚད་ལེན་ལས་མངོན་དོན། 2020ལོར་ལྗོངས་ཡོངས་ཀྱི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རྒྱུན་མཐུད་བརྟན་པོ་བྱུང་སྟེ། བོད་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན།

    གཉིས། ལས་དོན་གཙོ་བོ།

    གཅིག་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཚད་གཞི་མཐོན་པོས་ཡག་པོ་བརྒྱབ་པ། དགུང་སྔོན་སྲུང་སྐྱོང་དམག་འཐབ་སྲ་བརྟན་དང་མཐོ་རུ་བཏང་ནས། ཐོན་ལས་དང་། ནུས་རྒྱུ། སྐྱེལ་འདྲེན། ས་སྤྱོད་གྲུབ་ཆ་བཅས་རྒྱུན་མཐུད་ལེགས་སྒྲིག་བྱས་ཤིང་། རླུང་འགོག་བྱེ་འཇགས་དང་སྔོ་འགྱུར་དང་། ཐལ་རྡུལ་དང་ཁྲའེ་ཡིའུ་སྣུམ་གྱི་ཟོག་འགྲེམས་རླངས་འཁོར་གྱི་སྦགས་བཙོག་འགོག་བཅོས་བྱེད་པ། ཁ་ཐོར་དང་། ཟང་ཟིང་། སྦགས་བཙོག་བཅས་ཀྱི་ཁེ་ལས་ལ་གྲལ་བཤེར་བཅོས་སྒྲིག་བྱེད་པ། བཟོ་ལས་དང་ཁེ་ལས་ཀྱི་འབུད་གཏོང་ཚད་གཞི་ལོན་ཚད་སོགས་ཀྱི་སྦགས་བཙོག་ཚོད་འཛིན་ལ་སྐུལ་འདེད་བཏང་བ་རེད། 2020ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་དྭངས་གཙང་ནུས་རྒྱུས་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་གྱི་བསྡུར་ཚད་བཟུང་ཚད་89.5%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.6མཐོ་རུ་ཕྱིན་ཡོད། དྭངས་གཙང་ཆུ་སྲུང་སྐྱོང་དམག་འཐབ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་རྫོང་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་141དང་མི་ཁྲི་རེར་ཏུན་སྟོང་གི་གྲོང་གསེབ་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་པ་དང་། གཙང་པོའི་ནང་དུ་བཙོག་ཆུ་འབུད་སར་གྲལ་བཤེར་བྱས་ནས་གཙང་པོའི་ནང་དུ་བཙོག་ཆུ་འབུད་ས་664ཡི་རྩིས་ཁྲ་བཙུགས་པ། ས་འོག་སྣུམ་གསོག་སྣོད་1491ནས་སྣུམ་འཛགས་རྒྱུ་འགོག་པའི་རིམ་སྤོར་སྒྱུར་བཀོད་བྱས་པ། མ་དངུལ་སྒོར་དུང་ཕྱུར་3.87བཏང་ནས་བཙོག་ཆུ་གཙང་བསིང་བཟོ་གྲྭ་14མུ་མཐུད་བསྐྲུན་པ་དང་གསར་སྐྲུན་བྱས་ཏེ་གྲོང་གསེབ་ཀྱི་བཙོག་ཆུ་གཙང་བསིང་གི་ཚོད་ལྟའི་ལས་གྲྭ་27འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། ལྗོངས་ཡོངས་ཀྱི་ཆུས་བཙུགས་གྲོང་ཁྱེར་དང་རྫོང་གྲོང་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་ཐག་གཅོད་བྱེད་ཚད་96.28%དང་78.06%བར་སོ་སོར་མཐོ་རུ་ཕྱིན་པ་བཅས་རེད། ས་གཙང་སྲུང་སྐྱོང་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་བཏང་བས། ལྗོངས་ཡོངས་ཀྱི་གཙོ་གནད་ལས་རིགས་དང་ཁེ་ལས་ཀྱི་ས་སྤྱོད་ཀྱི་ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་བརྟག་དཔྱད་དང་རྫོང་65ཡི་རྨོ་ཞིང་གི་ས་རྒྱུའི་ཁོར་ཡུག་སྤུས་ཚད་ལ་རིགས་དབྱེ་བ་རེད། ས་རྒྱུའི་སྦགས་བཙོག་གི་ཉེན་ཁར་རིགས་དབྱེ་དོ་དམ་ཚོད་འཛིན་བྱས་ནས་སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཚད་91%ཟིན་པ་དང་སྦགས་བཙོག་ཐེབས་པའི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་བདེ་འཇགས་ངང་སྤྱོད་ཚད་100%ཟིན་ཡོད། སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ཐོན་ཁུངས་ཅན་གྱི་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཆག་ཡོད། འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་མ་དངུལ་སྒོར་དུང་ཕྱུར་2.06བཏང་ནས་འཚོ་བའི་གད་སྙིགས་སྦས་ས་24དང་བརྒྱུད་འདྲེན་ས་ཚིགས་15མུ་མཐུད་འཛུགས་སྐྲུན་དང་གསར་བསྐྲུན་བྱས་པ་དང་ལྗོངས་ཡོངས་ཀྱི་ཆུས་བཙུགས་གྲོང་ཁྱེར་དང་རྫོང་གྲོང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་ཐག་གཅོད་བྱེད་ཚད་99.63%དང་97.34%སོ་སོར་ཟིན་ཡོད།

    གཉིས་ནས་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་སྲུང་ཡོལ་བསྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། 《བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ལག་ལེན་གཏིང་ཟབ་བསྟར་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་121.5བཏང་བ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས་མུའུ་ཁྲི་145.48ཟིན་པའི་ནགས་བཟོའི་ལས་འགན་ལེགས་སྒྲུབ་བྱས་པ། བྱེ་འགྱུར་ས་ཆ་མུའུ་ཁྲི་51.5བཅོས་སྒྲིག་བྱས་པ། གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་ཇུས་གཞི(2018ལོའི་ཆོག་མཆན་མ་ཟིན)》གྱི་གྲུབ་འབྲས་ལ་ཚོད་སྐོར་ལེགས་སྒྲིག་བྱས་པ་དང་། ལྷ་ས་གྲོང་ཁྱེར་ལ་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་20རག་པ་དེ་དག་རི་དང་ཆུ་བོ། ནགས་ཚལ། ས་ཞིང་། མཚོ། རྩྭ་ཐང་། བྱེ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ཆུ་རྒྱུད་འབྲེལ་མཐུད་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་པར་བཏང་ཡོད། ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་དོན་ལ་སྐུལ་འདེད་གཏོང་བར་གཞོགས་འདེགས་བྱས་པ་དང་། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་དང་སྐྱེ་ཁམས་སྐྱིན་གསབ་སྲིད་ཇུས་སྣ་ཚོགས་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་ཕྱོགས་བསྡུས་ཀྱི་སྐྱིན་གསབ་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་བཙུགས་ཡོད། རང་བྱུང་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛིན་ལྟ་འདོམས་ནན་པོ་བྱས་པ་དང་། 2015ལོ་ནས་2020ལོ་བར་སྐྱེ་ཁམས་གནས་ཚུལ་འགྱུར་ལྡོག་གི་རྒྱང་ཚོར་བརྟག་དཔྱད་ཚོད་སྐོར་དང་བོད་བྱང་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭའི་ཕན་འབྲས་ཚོད་སྐོར་བྱས་ནས་ལྟེ་གནས་1དང་ཡན་ལག་ས་ཚིགས་10ཡི་སྐྱེ་ཁམས་ཀྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་གཅིག་སྡུད་བྱས་ཡོད། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་ཚོད་སྐོར་གྱི་ཞིབ་འཇུག་ལས་དོན་ལ་འཚོལ་ཞིབ་དང་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྱི་དོ་དམ་ལམ་ལུགས་མ་ལག་བཙུགས་ནས་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)ཁག་བཞི་པའི་མཚན་སྙན་ཐོབ་ཡོད།

    གསུམ་ནས་ཁོར་ཡུག་ཁྲིམས་འཛིན་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ། ཀྲུང་དབྱང་དང་རིམ་པ་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་2020ལོ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་བྱས་ནས་དཔྱད་ཞིབ་བྱ་དགའི་མ་དངུལ་སྒོར་ཁྲི་9200དོན་འཁྱོལ་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བར་སྐྱིན་གསབ་སྤྲོད་པའི་ལམ་སྲོལ་བཙུགས་ཏེ་གནོད་འཚེ་བཏང་ནས་སྐྱིན་གསབ་འཇལ་བའི་གྱོད་གཞི་ཁག་10བསྒྲུབས་ཡོད། བཙོག་འབུད་ཆོག་འཐུས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་བཙོག་འབུད་ཆོག་འཐུས་ལག་ཁྱེར་493སྤྲད་པ་དང་། དུད་ཚང་5357ལ་ཐོ་འགོད་དོ་དམ་བྱས་ནས་གཏན་འཇགས་སྦགས་བཙོག་འབྱུང་ཁུངས་གཙང་སེལ་བཅོས་སྒྲིག་དང་བཙོག་འབུད་ཆོག་འཐུས་ལག་ཁྱེར་ཐོ་འགོད་ཕྱོགས་ཡོངས་ལ་ཁྱབ་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་2020ལོའི“ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད། བོད་སྐྱོད་བྱ་སྤྱོད”བྱེད་སྒོ་སྤེལ་བ། རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ་རྗེས་འདེད་ལྟ་ཞིབ་ཁག་ཐེངས་3ལག་བསྟར་བྱས་པར་རིམ་པ་དེ་གའི་ལྟ་ཞིབ་དག་ཐེར་ལེགས་སྒྲུབ་བྱེད་ཚད་90%ཟིན་ཡོད། མཚོ་སྔོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་དབར《ཞིང་ཆེན་བརྒལ་བའི་འབབ་རྒྱུད་ཀྱི་སྟོད་སྨད་རྒྱུད་ཀྱི་ཐོལ་བྱུང་ཆུའི་སྦགས་བཙོག་དོན་རྐྱེན་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། “དུས་བདེའི་བོད་ལྗོངས”ཀྱི་འགྱེད་འཕྲོའི་ཁོར་ཡུག་གི་འཕྲལ་སྡོམ་ནང་སྦྱོང་ཐེངས་དང་པོ་བྱས་ནས་འགྱེད་འཕྲོའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ནུས་པར་སྐྱེ་ཁམས་ཁོར་ཡུག་པུའི་ཚོད་སྐོར་ཐོག་མར་ཐོབ་པ། ལྗོངས་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་འཛིན་དཔུང་ཁག་སྒྱུར་བཅོས་བྱེད་པ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ། སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་གྱི་སྦྱོང་བརྡར་ཆེན་པོ་དང་གཙོ་གནད་ལས་རིགས(རྣམ་གྲངས)ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་མུ་མཐུད་བྱས་ནས་ཁྲིམས་འགལ་ངང་གཞན་སྒྱུར་ཐག་གཅོད་དང་ཉེན་ཡོད་ཟོག་རོ་ཕྱིར་འབུད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ནས་རིམ་རྩིས་བྱས་ན་ཁྲིམས་འཛིན་མི་སྣ་ཐེངས་10929བཏང་བ་དང་། ཁེ་ལས་4327ལ་ཞིབ་བཤེར་བྱས་པ། ཁྲིམས་འགལ་ཁེ་ལས་282ལ་ཞིབ་བཤེར་ཐག་གཅོད་བྱས་པ། ཉེན་ཡོད་ཟོག་རོ་དང་འབྲེལ་བ་ཡོད་པའི་ཁེ་ལས་2སྒོ་བརྒྱབ་པ། སྤྱི་བདེ་ལས་ཁུངས་ལ་གྱོད་གཞི་1རྩིས་སྤྲོད་བྱས་པ། དངུལ་ཆད་སྒོར་ཁྲི་1564.86བཏང་ཡོད། ཁོར་ཡུག་གི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཁག་525ཐག་གཅོད་བྱས་པར་ཐག་གཅོད་ཐུབ་ཚད་100%ཟིན་ཡོད།

    བཞི་ནས་རྨང་གཞིའི་འདེགས་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་འཆར་འགོད་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་འགོད་བཟོ་འགོ་བཙུགས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྲོལ་ཡིག》གི་ཁྲིམས་བཟོས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་འཛུཌ་སྐྲུན་གྱི་འཆར་འགོད》དང《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཉེན་ཡོད་ཟོག་རོ་གཅིག་སྡུད་ཐག་གཅོད་དང་ལྟ་འདོམས་ནུས་པ་འཛུགས་སྐྱོང་གི་འཆར་འགོད》བཟོས་པ་རེད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཧུར་ཐག་ཞུགས་པ་དང“སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ལེགས་སྒྱུར་མ་ལག”གི་ཞིབ་འཇུག་ལ་ཞུགས་ཡོད། ཐཱན་བསྡུ་ཚད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞིབ་འཇུག་དང་སྐྱེ་ཁམས་རྒྱུ་ནོར་ལ་ཚོད་སྐོར་བྱས་པར་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་རིན་ཐང་ཞིབ་རྩིས་སོགས་ཀྱི་ཚན་ཞིབ་གྲུབ་འབྲས་ཐོབ་ཡོད། “ས་མཐོའི་གྲང་ངར་ཆེ་བའི་ཁུལ་གྱི་ཚོད་ལྟ་ཁང”བསྐྲུན་པར་སྐུལ་འདེད་བཏང་ནས“བོད་ཀྱི་སྐྱེ་ཁམས་ཤེས་དཔལ་ཞིབ་འཇུག་ལྟེ་གནས”མཉམ་འབྲེལ་ཐོག་བཙུགས་པ། རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་སྦགས་བཙོག་འབྱུང་ཁུངས་ལ་ཡོངས་བཤེར་ཐེངས་གཉིས་པ་བྱས་པར་བདེ་བླག་ངང་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། ལྗོངས་ཡོངས་ཀྱི་མཉམ་སྡེབ་32དང་མི་སྒེར་161ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ་པ་རེད། ལྷོ་ཁ་དང་། ཉིང་ཁྲི། ཆབ་མདོ། མངའ་རིས་བཅས་ས་ཁུལ(གྲོང་ཁྱེར)4ལ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ཡུག་ཁུལ་གྱི་ས་ཚིགས་12བཙུགས་ཡོད། ཁོར་ཡུག་མཁའ་རླུང་དང་། ས་ངོས་ཀྱི་ཆུ། ས་རྒྱུ་སོགས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ཏན་ཏིག་ངང་སྤེལ་བ་རེད། ཁོར་ཡུག་དང་མཁའ་རླུང་སྤུས་ཚད་ཀྱི་ཉིན་རེའི་སྔོན་བརྡ་དང་ཉེན་བརྡ་གཏོང་བའི་ལམ་སྲོལ་བཙུགས་ནས་ཉིན་ལྟར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་གྱི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཀྱི་ཡོད། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལྟ་འདོམས་ལས་སྟེགས་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཆ་འཕྲིན་དོ་དམ་ལས་སྟེགས་བསྐྲུན་ནས་གཙོ་གནད་ཁེ་ལས་ཀྱི་སྦགས་བཙོག་འབྱུང་ཁུངས་ཀྱི་དྲ་ཐོག་རང་འགུལ་ལྟ་སྐུལ་ཚོད་འཛིན(ལྟ་ཞིབ་ཚད་ལེན)ལས་སྟེགས་དང་ཁོར་ཡུག་གི་ཁྲལ་འབྲེལ་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བསྐྲུན་ཡོད། “མཛེས་སྡུག་ལྡན་པའི་ཀྲུང་གོ་དང་ང་ནི་བྱ་སྤྱོད་སྤེལ་མཁན་ཡིན་པའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་ལྗོངས་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་ཆ་རྐྱེན་དང་འཚམ་པའི་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་ཚན་པ་རིགས་བཞིའི་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་ཚན་པ་29ཚང་མ་མང་ཚོགས་ལ་སྒོ་མོ་ཕྱེ་ཡོད།

    ལྔ་ནས་ཞབས་ཞུ་དང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་བ། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རིང་ཐོན་པའི་སྨན་བཅོས་སྙིགས་རོ་ཐག་གཅོད་དོ་དམ་གྱི་འཕྲལ་སྡོམ་སྔོན་ཇུས》བཀྲམ་པས། སྨན་བཅོས་སྒྲིག་གཞིའི་སྒྲིག་བཀོད་དང་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཚད་100%ཟིན་པ་དང་སྨན་བཅོས་སྙིགས་རོ་དང་ཆུ་སྙིགས་དུས་ཐོག་ཏུ་ཚུར་བསྡུ་དང་། དབོར་འདྲེན། གཞན་སྒྱུར་བཅས་བྱེད་ཚད་100%ཟིན་ཏེ་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཡོང་བའི་འགན་ལེན་ཐུབ་ཡོད། 《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་དཔོག་གི་འཕྲལ་སྡོམ་འགན་ལེན་དང་ཞིབ་མཆན་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དང《ཕག་པ་གཞི་ཁྱོན་ཅན་གྱི་གསོ་ཚགས་ཀྱི་ཁོར་ཡུག་དཔྱད་དཔོག་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རྣམ་གྲངས་303ལ་ཁོར་ཡུག་དཔྱད་དཔོག་གི་གསལ་བཤད་ཁས་ལེན་ལམ་ལུགས་ལག་བསྟར་བྱས་པ་དང་། ཁེ་ལས་580ལྟ་སྐུལ་ཁྲིམས་འཛིན་གྱི་དྲང་ཕྱོགས་གསལ་ཐོའི་མིང་གཞུང་ནང་བཅུག་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཁྱོན་ཡོངས་ནས་རོགས་རམ་བྱས་པ་རེད། ས་ཁོངས་བར་མཐོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གདེང་འཇོག་དང“དམར་ཐིག་དང་། མཐའ་ཚད། ཚད་བཀག གསལ་ཐོ”བཅས་བཟོས་པ་དང“དམར་ཐིག་དང་། མཐའ་ཚད། ཚད་བཀག གསལ་ཐོ”བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་ནས་དོ་དམ་ཚོད་འཛིན་བྱེད་པའི་ཇུས་གཞི་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཡོད། གཙོ་གནད་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་དང་། དབུལ་སྒྲོལ་འགག་སྒྲོལ། མཐའ་སྟོབས་མཐའ་བརྟན་སོགས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ཡོད། “གློད་སྡོམ་ཞབས་གསུམ”སྒྱུར་བཅོས་དང“དྲ་སྦྲེལ་+སྲིད་དོན་ཞབས་ཞུ”ཡི་དོ་དམ་གཏིང་ཟབ་ཏུ་བཏང་བ། འཆར་འགོད་18ལ་ཁོར་ཡུག་དཔྱད་དཔོག་ཞིབ་བཤེར་བྱས་ཟིན་པ། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་དཔོག་ཡིག་ཆ་1067ལ་ཞིབ་མཆན་བཀོད་པ། ཐོ་འགོད་སྙན་སེང་9269ཞུ་བ། གཙོ་གནད་འཆར་འགོད་དང་གཙོ་གནད་རྣམ་གྲངས་ལ་ཁོར་ཡུག་དཔྱད་དཔོག་ལག་བསྟར་བྱེད་ཚད་100%ཟིན་པ། “མཐོ་གསུམ”རྣམ་གྲངས་ནང་འདྲེན་གཅིག་ཀྱང་མི་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།