དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-01

    ཚེས་27ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དུས་རབས་གསར་པའི་མཐའ་སྟོབས་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམིགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སུམ་ཅུ་པར་ཟུར་ཞུགས་གནང་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་སྤེལ་རེས་དང་བསམ་འཆར་གསན་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅུན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་མཐའ་མཚམས་རྫོང་ནས་ཕེབས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མཐའ་མཚམས་རྫོང་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་20ལྷག་ཙམ་གྱིས་གཏམ་བཤད་གནང་ཞིང་།  ཚང་མས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པ་དང་། དུས་རབས་གསར་པའི་མཐའ་སྟོབས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུར་དམིགས་ནས་མྱོང་ཚོར་གླེང་བ་དང་། གནད་དོན་གླེང་བ། གྲོས་འགོ་འདོན་པ་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་འཐུས་མིས་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་ཅིང་། བློ་བཟང་རྒྱལ་མཚན་གྱིས་ནན་ཏན་ངང་གསན་རྗེས་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། རྫོང་རིམ་པའི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་དོན་ཆེན་ཡིན་པའི་མཐའ་སྟོབས་ལ་དམིགས་ནས་ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་བྱས་ཏེ་ལས་དོན་ཁག་གི་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་དགོས་པ་དང་། ལས་ཀའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་མཐའ་སྟོབས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་། སྲིད་ཇུས་ཀྱི་ཡིག་ཆ། གཟིགས་སྐྱོང་སྲིད་ཇུས་བཅས་དོན་འཁྱོལ་བྱུང་མིན་ལ་གཙོ་གནད་ཐོག་ཞིབ་བཤེར་དང་། མང་ཚོགས་ཚོས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་གཙོ་གནད་ཐོག་ཤེས་རྟོགས། མཐའ་སྟོབས་དོ་དམ་དང་འཛུགས་སྐྲུན་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་ཞིབ་འཇུག་བཅས་བྱས་ནས་མཐའ་སྟོབས་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ། མཐའ་སྟོབས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱེད་པ། གནད་དོན་དང་མི་འདང་ས་ཁོང་དུ་ཆུད་པ་བཅས་བྱས་ནས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོ་དང་། མཐའ་མཚམས་མི་སེར་གྱི་ཁྱིམ་དུ་བསྐྱོད་དེ་འདྲི་རྩད་དང་བརྟག་ཞིབ་གཏིང་ཟབ་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་གཏུག་དམ་ཟབ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། འགན་འཁྲི་འཁུར་ཕོད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། ལེགས་ཆ་འདོན་སྤེལ་བཅས་བྱས་ནས་མཐའ་སྟོབས་ལས་དོན་ལ་སྐུལ་འདེད་གཏོང་བར་རམ་འདེགས་ཧུར་ཐག་བྱེད་དགོས་པ་དང་། མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་གོང་གི་གནས་ཚུལ་འོག་ལ་ཁྱབ་བསྒྲགས་བྱེད་པའི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཐའ་སྟོབས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དམིགས་བསལ་སྲིད་ཇུས་དང་ཞིབ་ཕྲའི་བྱེད་ཐབས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་དགོས། མཐའ་མཚམས་མི་སེར་གྱི་ཁྱིམ་དུ་བསྐྱོད་དེ་དམངས་ཀྱི་འབོད་སྒྲ་ཉན་པ་དང་། དམངས་ཀྱི་འདོད་བློ་གཅིག་སྡུད་བྱེད་པ། དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། འོག་གི་གནས་ཚུལ་གོང་ལ་ཞུ་བའི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ནས་ལམ་ལུགས་དང་། བཅའ་ཁྲིམས། སྲིད་ཇུས་བཅས་ཐད་ནས་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་དགོས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་རིང་གི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ། ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་བ་དང་། “མོས་སེམས་ལྔ”ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་པ་བཅས་བྱས་ནས་ཐུན་མོང་ཐོག་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།