དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པ་གྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-31

    ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པ་ལྷ་སར་གྲོལ་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་དང་། འོད་ཟེར། ཞུས་ཞུའེ་ཀོང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། མཱ་ཧྲེང་ཁྲང་། ཝང་ཅུན། ཐང་མིང་དབྱིང་། དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག《གན་ཁྲལ་བེད་སྤྱོད་ཞིབ་ཕྲ་བྱེད་རྒྱུའི་ཁྲལ་ཚད་སོགས་འབྲེལ་ཡོད་དོན་གནད་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་།《〈ལས་ཐོག་ཉེས་གསོག་སྔོན་འགོག་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་སྲོལ་ཡིག〉མེད་པར་བཟོ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》《རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2021ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད》《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་རེད། མི་དོན་བསྐོ་གཞག་གྲོས་གཞིར་གྲོས་འཆམ་བྱུང་བ་དང་འབྲེལ་བློ་བཟང་རྒྱལ་མཚན་གྱིས་བསྐོ་གཞག་བྱས་པའི་མི་སྣར་བསྐོ་གཞག་ཡི་གེ་སྤྲད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། ལྗོངས་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ལས་དོན་ཚོགས་འདུའི་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་རིང་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་གང་ལེགས་འདོན་དགོས། ཁྲིམས་འཛུགས་རྣམ་གྲངས་གནད་འཁེལ་འདེམས་པ་དང་། ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་པ། “དོན་ཆེན་བཞི”ལ་དམ་པོར་དམིགས་པ་བཅས་བྱས་ཏེ། ལྗོངས་ཏང་ཨུད་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱོད་གོ་ཆོད་པའི་བསམ་ཕྱོགས་དང་བྱ་ཐབས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དུ་རིམ་པ་སྤོར་དགོས། མང་ཚོགས་ཀྱི་དགོས་མཁོར་དམིགས་པ་དང་མི་དམངས་ཀྱི་རེ་སྒུག་དང་བསྟུན་ནས་དམངས་འཚོ་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་ཁྲིམས་འཛུགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། དགོས་མཁོ་དངོས་དང་བོད་ཀྱི་ཁྱད་ཆོས་ལ་དམིགས་ནས“གནད་དོན་ཆུང་ངུ་དང་གཏིང་ཟབ་ས”མཐའ་འཁྱོངས་ཀྱིས“ཆུང་མགྱོགས་སྟབས་བསྟུན”དང“མྱུར་སྒྲུབ་རྣམ་གྲངས”ཀྱི་ཁྲིམས་འཛུགས་རྣམ་གྲངས་བདམས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་སྟངས་འཛིན་བྱས་ཏེ་ངེས་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིམས་སྲོལ་ཚང་མར་མཉམ་འདྲེས་ཐུབ་པར་བྱེད་དགོས་པ་དང་། ངེས་པར་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཁྲིམས་སྲོལ་ཚང་མར་མཉམ་འདྲེས་ཐུབ་པར་བྱེད་དགོས། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ཁྲིམས་སྲོལ་ཚང་མར་མཉམ་འདྲེས་ཐུབ་པར་བྱེད་དགོས། གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་སྒོར་མཛུབ་ཁྲིད་བྱེད་པའི་རྩ་ཆེའི་ཐོན་ཁུངས་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ནས། ཁྲིམས་སྲོལ་གྱི་ཚུགས་གནས་མཐོ་བ་དང་། ཁ་ཕྱོགས་གནད་ལ་འཁེལ་བ། དོན་ཚན་ཚགས་ཚུད་བཅས་ཡོང་བའི་འགན་ལེན་བྱེད་དགོས། ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་གྱི་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་གྱི་བྱེད་ཐབས་མུ་མཐུད་ཡག་པོ་སྤྱད་དེ་ཁྲིམས་སྲོལ་གྱི་ངེས་གནས་དེ་བས་གནད་ལ་འཁེལ་བ་དང་། ཚད་གཞི་དེ་བས་ཚན་རིག་དང་མཐུན་པ། ཞིབ་གླེང་དེ་བས་གཟབ་ནན་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཆེད་དོན་ཚན་ཁག་གི་ཁྲིམས་འཛུགས་ལས་དོན་སྤེལ་ཐབས་མུ་མཐུད་ཡག་པོ་སྤྱད་དེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་འཇོན་ཐང་ཆེ་བ། ཆེད་ལས་ཀྱི་ཆུ་ཚད་མཐོ་བ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་དཔུང་ཁག་ཅིག་སྐྲུན་པར་ཤུགས་སྣོན་རྒྱག་དགོས། ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་བསྡུ་ལེན་བྱེད་པའི་བྱེད་ཐབས་མུ་མཐུད་ཡག་པོ་སྤྱད་དེ་སྒོ་འབྱེད་ཁྲིམས་འཛུགས་དང་། གང་བསམ་ལྷུག་གླེང་། ཐུན་མོང་ངོས་འཛིན་གཅིག་སྡུད་བཅས་ཀྱི་ལས་ཀའི་བླང་བྱ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་27ཉིན་གྱི་ཕྱི་དྲོར། བློ་བཟང་རྒྱལ་མཚན་གྱིས་ཀྲུའུ་རེན་ཚོགས་འདུ་ཐེངས་76པ་གཙོ་སྐྱོང་གནང་བ་དང་འབྲེལ་མཇུག་འགྲིལ་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་གནང་བ་རེད།

    མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཆད་ཁྲིད”བྱས་པ་དང་འོད་ཟེར་གྱིས་གཙོ་སྐྱོང་གནང་བ་རེད། ཀྲུང་གོ་གྲོང་གསེབ་ཁྲིམས་སྐྱོང་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་། ཞིང་ལས་གྲོང་གསེབ་པུའི་ཁྲིམས་སྲོལ་སིའི་སི་ཀྲང་། 《གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》ཀྱི་འཆར་ཟིན་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཙུང་ཅིན་ཡའོ་ཡིས《གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་འཆད་ཁྲིད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།