དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-28

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར། རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ཏེ། ལྗོངས་ཡོངས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་རྒྱལ་ཁབ་བདེ་སྲུང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་དཔའ་ངར་ཆེར་སྐྱེད་དང་། སྤྲོ་སེམས་འཁོལ་བ། སྤྱོད་ཚུལ་ཏན་ཏིག དཔའ་ངར་ཞུམ་མེད་བཅས་ཀྱི་ཐོག་ནས་བྱ་ཐབས་ཁག་ཞིབ་ཚགས་སུ་གཏོང་བ་དང་ལས་འགན་ཧུར་ཐག་བསྒྲུབས་ཏེ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཏན་ཏིག་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཅང་ཅེ་དང་ཧོ་ཝུན་ཧའོ་ཚོགས་འདུར་ཞུགས་པ་དང་འབྲེལ་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཀྲོང་ཡན་གྱིས། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་ཏང་ཀྲུང་དབྱང་གིས་ང་ཚོར་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དོར་ཐབས་མེད་པ་དང་བླ་ན་མེད་པའི་འགན་འཁྲི་ཞིག་ཀྱང་རེད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་ང་ཚོས་ངེས་པར་དུ“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ་དང་། ངེས་པར་དུ་ཆབ་སྲིད་ཀྱི་ཐད་ནས་དུས་བབ་ལ་བལྟ་བ་དང་། སྤྱི་ཡོངས་ལ་འཆར་འགོད། དོན་ཆེན་ལ་དམ་འཛིན་བྱེད་པ། ངེས་པར་དུ་ཚད་མཐོའི་དོགས་ཟོན་དང་རིག་པ་དྭངས་གསལ་ཡོད་པ། ངེས་པར་དུ་ཉེན་ཁའི་འདུ་ཤེས་དང་། མཐའ་ཚད་ཀྱི་འདུ་ཤེས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་བཅས་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བཅས་བྱས་ནས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་བསམ་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷགས་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། ཚུགས་གནས་དེ་བས་མཐོ་བ་དང་། འགན་འཁྲི་འཁུར་སེམས་དེ་བས་ཆེ་བ། ཚད་གཞི་དེ་བས་ནན་པ། ཉམས་འགྱུར་དེ་བས་བཟང་བ། དེ་བས་ཏན་ཏིག་གི་བྱ་ཐབས་བཅས་ཀྱི་ཐོག་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། མཉམ་དུ་ཞིབ་འཇུག་དང་། བཀོད་སྒྲིག སྐུལ་འདེད་བཅས་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱེད་དགོས། རིམས་ནད་ཕྱི་ནས་མ་འགོ་མཐའ་འཁྱོངས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལྷག་པར་དུ་མཐའ་མཚམས་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ཏེ། དམིགས་ཚད་དང་། ལས་འགན། འགན་འཁྲི། ལྟ་བཤེར་བཅས་ཁ་གསལ་བཟོ་བ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་རིམས་ནད་ཕྱི་ནས་མཐའ་གཅིག་ཏུ་མ་འགོ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།