དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྷ་ཉིང་ལྕགས་ལམ་དང་ཁྲོན་བོད་ལྕགས་ལམ་འཛུཌ་སྐྲུན་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-26

    ཚེས་23ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྷ་ཉིང་ལྕགས་ལམ་དང་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཅང་ཅེས་ཁྲོན་བོད་ལྕགས་ལམ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་སྒྲིག་དང་སྐུལ་འདེད་གནང་བའི་འཐབ་ཇུས་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་མི་དམངས་ལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད། རིམ་ཁག་སྡེ་ཚན་ཁག་དང་འཛུགས་སྐྲུན་ལ་ཞུགས་མཁན་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྐུལ་ལྕག་རང་འཁྲིའི་ལས་ཀ་ཡག་པོ་ཏན་ཏིག་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ཏེ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། ཕྱར་བ་གྲུ་འདེགས་དང་འགན་འཁྲི་ནན་དཀྲིས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཚན་རིག་དང་མཐུན་པའི་ངང་ཉེན་ཁའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་བདེ་འཇགས་ཀྱི་གནད་དོན་ཐད“ཐར་པར་གཏན་ནས་མི་གཏོང་བ”མཐའ་འཁྱོངས་ཀྱིས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་བཏོད་དེ། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་ཟླ་དྲུག་པའི་ཟླ་མཇུག་གོང་བདེ་བླག་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ནས། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་ངོ་70འཁོར་བར་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།