དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་གནས་ནང་དགོན་དང་མཚུར་ཕུ་དགོན་དུ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-25

    ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་གནས་ནང་དགོན་དང་མཚུར་ཕུ་དགོན་དུ་ཕེབས་ནས་དགོན་སྡེའི་ཞབས་འདེགས་དོ་དམ་དང་རིག་དངོས་སྲུང་སྐྱོང་། ཉམས་བཟོ་སོགས་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་གནང་རིང་ཡན་ཅིན་ཧའེ་དང་བཅས་པ་དང་ཐོག་རླངས་འཁོར་དུ་བསྡད་ནས་གནས་ནང་དགོན་དུ་ཕེབས་ཏེ་དཔའ་བོ་རིན་པོ་ཆེ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། དགོན་སྡེའི་དགེ་འདུན་པ་དང་དགོན་སྡོད་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཡན་ཅིན་ཧའེ་ཡིས་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། དགོན་སྡེ་དང་གྲྭ་བཙུན་ཚང་མར་དྲོ་སྐྱིད་སྦྱིན་པ། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་གྲྭ་བཙུན་གྱི་སྒོམ་སྒྲུབ་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ། རྒྱ་ཆེའི་མང་ཚོགས་ཀྱི་ཆོས་དད་རང་དབང་འགན་ལེན་ནུས་ལྡན་བྱས་པ་བཅས་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལས་རིགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་གང་ལེགས་མཚོན་ཡོད། དཔའ་བོ་རིན་པོ་ཆེས་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཚད་གཞི་མཐའ་འཁྱོངས་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན། ཤེས་ཡོན་ལ་འབད་བརྩོན་ཧུར་ཐག་དང་དགེ་སྦྱོང་ལྷོད་མེད། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་སྣེ་ཁྲིད་བྱེད་པའི་རེ་བ་ཡོད། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་གྲྭ་བཙུན་གྱིས་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ་གསལ་པོར་ཤེས་པ་བྱས་ཏེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས། ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དེ་རྗེས་ཡན་ཅིན་ཧའེ་མཚུར་ཕུ་དགོན་དུ་ཕེབས་ནས་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་དགྲ་འདུལ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། མཚུར་ཕུ་དགོན་གྱིས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་བཟང་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་རེད། ཡན་ཅིན་ཧའེ་ཡིས་མཚུར་ཕུ་དགོན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། དགེ་འདུན་པ་ཡོངས་ཀྱིས་དུས་རབས་ཀྱིས་སྡོམ་ཁྲིམས་བསྟན་དོན་ལ་དཀྲིས་པའི་དེང་སྐབས་ཀྱི་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་མཐུན་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་འཆད་འགྲེལ་བྱས་ཏེ། དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པའི་སློབ་གསོ་ཁྲིད་སྟོན་བྱས་པ་དང་། གོམས་སྲོལ་སྒྱུར་བ་དར་སྤེལ་གཏོང་བ་དང་སྲོལ་རྙིང་དང་གོམས་གཤིས་ངན་པ་འདོར་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ། བློ་རིག་དང་སྟོབས་ཤུགས་ཐོན་སྐྱེད་འཕེལ་རྒྱས་དང་། ལས་བརྩོན་ཕྱུག་འགྱུར། འཚོ་བ་ལེགས་གཏོང་བཅས་ལ་བཏོན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་བསྐྱལ་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།