དབུ་ཤོག>སྲིད་དོན།
  • བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོའི་རྟགས་མའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-24

    555487_yis_1621785600000_s.jpg

    འདི་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོའི་རྟགས་མ་ཡིན་པ།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོའིརྟགས་མ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་བྱས་ནས་གཏན་འཁེལ་བྱས་པས། ད་ལྟ་ཆོག་མཆན་སྤྲད་ནས་སྤྱི་བསྒྲགས་བྱེད་རྒྱུ་གཤམ་གསལ།

    གཅིག རྟགས་མའི་དཔེ་རིས།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོའི་རྟགས་མ་ཧྲིལ་པོ་སྒོར་སྒོར་ཡིན་པ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བཏོད་དེ་ཀྲུང་ཧྭ་མི་རིགས་ཀྱི་ཆེས་མཛེས་པའི་བློ་སེམས་གཅིག་མཐུན་མཚོན་ཡོད། རྟགས་མ་དེ“ལྕགས་རི་རིང་པོ”དང་། “སྐར་མ་ལྔ”“ཁ་བཏགས”“སྤྲིན་བཟང”“ཕོ་བྲང་པོ་ཏ་ལ”བཅས་ལས་གྲུབ་པ་ལས་མེས་རྒྱལ་ཁྱིམ་ཚང་ཆེན་པོར་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་མཚོན་ཞིང་། དེའང་ལྕགས་རི་རིང་པོས་ཀྲུང་ཧྭ་མི་རིགས་ལ་ལྡན་པའི་ཐུན་མོང་ངོས་འཛིན་གྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་གྱུར་ཆེན་པོ་མཚོན་ནས་ཀྲུང་ཧྭའི་མི་རིགས་ཁག་གི་མི་དམངས་རྣམས་སྐྱིད་སྡུག་མཉམ་མྱོང་དང་སྤེལ་རེས་མཉམ་འདྲེས་བྱས་ནས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ཅན་གྱི་རྣམ་པ་ཞིག་གྲུབ་སྟེ་མཉམ་དུ་མེས་རྒྱལ་གྱི་རི་ཆུ་བཟང་པོ་གསར་སྤེལ་དང་རྒྱལ་ཁབ་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་མཚོན་གྱི་ཡོད། སྤྲིན་བཟང་གིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་མངོན་ཞིང་། དེ་ནི་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གལ་ཆེན་ལ་ད་བར་རྒྱུན་མཐུད་དེ་སྤྱོད་མྱོང་བའི་བཀྲ་ཤིས་རི་མོ་ཞིག་ཡིན་པས། སྲོལ་རྒྱུན་རིག་གནས་ཀྱི“འབྱུང་ཁུངས་གཅིག་ནས་བྱུང་བ་དང་། ཞི་མཐུན་མཉམ་དུ་གནས་པ”བསྟན་ལ། བཀྲ་ཤིས་རྟེན་འབྲེལ་དང་བདེ་སྐྱིད་དཔལ་ལ་རོལ་བའི་འདུན་པའང་མཚོན་གྱི་ཡོད། དཔེ་རིས་སྟེང་གི“སྐར་མ་ལྔའི”གཟི་འོད་བོད་ཀྱི་སྔོ་ལྗང་རི་ཆུར་ཆེམ་ཆེམ་དུ་འཕྲོས་པ་ལས་མེས་རྒྱལ་ཁྱིམ་ཚང་ཆེན་པོར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་ཞི་བས་བཅིངས་འགྲོལ་བཏང་སྟེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ད་ནས་བཟུང་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཁྱིམ་རང་བདག་ཏུ་གྱུར་པ་མཚོན་གྱི་ཡོད། དཔེ་རིས་དཀྱིལ་གྱི“ཁ་བཏགས”གཡོ་བའི་རྣམ་པར་སྒྱུ་རྩལ་གྱི་མཚོན་ཐབས་སྤྱད་ནས་ཨང་ཀི“བདུན་ཅུ”གྲུབ་པ་དེས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་བརྗོད་དོན་གཙོ་བོ་མཚོན་པ་དང་། “ཁ་བཏགས”གཡོ་བའི་རྣམ་པས་ད་ཆ་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཇི་མ་ཇི་བཞིན་མཚོན་ཡོད། “གནམ་སྔོན་པོས”ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བའི་ས་མཐོའི་ས་གཞི་ཆེན་པོར་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་རམ་འོག བརྟན་ལྷིང་འཕེལ་རྒྱས་དང་སྐྱེ་ཁམས་བཟང་བའི་མཐའ་མཚམས་སྟོབས་ཆེར་གཏོང་བའི་བྱ་གཞག་ཁག་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་མཛེས་སྡུག་དཔེ་རིས་མཚོན། “ཕོ་བྲང་པོ་ཏ་ལའི”སྟེང་གི“སྤྲིན་བཟང”གིས“ཁ་བཏགས”དམར་པོ་བཏེགས་ནས་གཟི་འོད་འཕྲོ་བའི“སྐར་མ་ལྔར”སྒྲོན་པ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་ཚད་མེད་དང་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་ལ་འཛད་མཐའ་མེད་པའི་བརྩེ་བ་འཆང་ལུགས་མཚོན་ལ། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོའི་སེམས་པ་ནམ་ཡང་ཏང་ལ་ཕྱོགས་པ་དང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་ཀྱང་མཚོན་ཡོད།

    གཉིས། བེད་སྤྱོད་ཀྱི་གསལ་བཤད།

    རྟགས་མ་འདི་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་གཏན་འཁེལ་བྱས་པའི་མཚོན་བྱེད་གཅིག་པུ་དེ་ཡིན།

    (གཅིག)བེད་སྤྱོད་ཀྱི་ཁྱབ་ཁོངས།

    1.བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཚོགས་ཆེན་དང་དེ་བཞིན་འབྲེལ་ཡོད་ཀྱི་བྱེད་སྒོ་གཞན་དག་ལ་སྤྱོད་རྒྱུ།

    2.རྟེན་འབྲེལ་མཛད་སྒོའི་ཁོར་ཡུག་བཀོད་པ་སྒྲིག་གཤོམ་དང་། དར་ཚོན་དང་འཕྲེད་འགེལ་ཡི་གེ་འཆར་འགོད། དེ་བཞིན་མགྲོན་ཤོག་དང་། ལག་ཁྱེར། མཚོན་རྟགས་བྱང་བུ། དྲིལ་བསྒྲགས་དེབ། དྲིལ་བསྒྲཌ་དངོས་པོ་བཅས་བཟོ་བར་སྤྱོད་རྒྱུ།

    3.མང་ཚོགས་རང་བཞིན་གྱི་སློབ་གསོའི་བྱེད་སྒོའི་རྒྱབ་ལྗོངས་འཆར་འགོད་དང་། ཉི་གདུགས། ཉི་སྒྲིབ་ཞྭ་མོ། ལྟོ་ཕད། འོག་འཇུག དྲན་གསོའི་དངོས་པོ་སོགས་བཟོ་བར་སྤྱོད་རྒྱུ།

    4.གསར་འགྱུར་གནས་ཚུལ་གཏོང་སྤེལ་གྱི་ཆེད་དོན་ལེ་ཚན་དང་། ཆེད་དོན་དྲ་ངོས། གཞི་རིམ་གྱི་དྲིལ་བསྒྲགས་སྒྲོམ། དྲིལ་བསྒྲགས་སྒྲོམ་སྟེགས། རིག་གནས་གྱང་སོགས་དང་དེ་བཞིན་དྲིལ་བསྒྲགས་འབོད་ཚིག་དང་། དྲིལ་བསྒྲགས་བརྡ་ཆ། སྤྱི་ཕན་བརྡ་ཁྱབ། སྤྱི་ཕན་དྲིལ་བསྒྲགས་པར་གཞི་སོགས་བཟོ་བར་སྤྱོད་རྒྱུ།

    5.སྤྱི་ཕན་རང་བཞིན་གྱི་དྲན་གསོའི་སྦྲག་འཛིན་དང་ཡིག་སྐོགས་ལ་སྤྱོད་རྒྱུ།

    6.དྲན་གསོ་བྱ་ཆེད་རྟེན་འབྲེལ་བྱེད་སྒོའི་རྟགས་མ་བཟོས་ནས་མང་ཚོགས་ལ་འདོགས་པར་སྤྱོད་རྒྱུ་བཅས་རེད།

    (གཉིས)བེད་སྤྱོད་ཀྱི་བླང་བྱ།

    1.རྟེན་འབྲེལ་བྱེད་སྒོའི་རྟགས་མ་སྤྱོད་སྐབས། སྒམ་ནན་དང་། མངོན་གསལ་དོད་པ། མཛེས་པ། ཆ་ཚང་བ་བཅས་དགོས་ལ། རྟེན་འབྲེལ་བྱེད་སྒོའི་རྟགས་མ་ཇི་མ་ཇི་བཞིན་བེད་སྤྱོད་དགོས་པ་མ་ཟད། བྱེད་སྒོ་སྤེལ་ཡུལ་གྱི་ས་ཆ་མངོན་གསལ་དོད་སར་བཞག་ནས་དེའི་ཡིག་འབྲུ་དང་། ཚོན་མདོག ཐིག གྲུབ་ཆ་གཙོ་བོ། དཔེ་རིས་ཀྱི་བཟོ་ལྟ་བཅས་བཟོ་བཅོས་རྒྱག་མི་ཆོག་ལ། དེའི་བཟོ་དབྱིབས་ཆེ་ཆུང་གང་རུང་བཟོས་ནས་རྟགས་མ་ཧྲིལ་པོར་སྐྱོན་བཏང་བ་སོགས་བྱ་མི་ཆོག

    2.རྟེན་འབྲེལ་བྱེད་སྒོའི་རྟགས་མ་འདི་ཚོང་ལས་དྲིལ་བསྒྲགས་དང་། ཚོང་རྟགས་ཐོ་འགོད་དམ་བཟོ་བ། ཚོང་ལས་གཞན་དག་བཅས་ལ་སྤྱད་མི་ཆོག་ལ་སྒེར་གྱི་བྱེད་སྒོར་ཡང་སྤྱད་མི་ཆོག

    3.རྟེན་འབྲེལ་བྱེད་སྒོའི་རྟགས་མ་འདིས་གཞི་རྒྱུ་བྱས་ཏེ་བཟོས་པའི་དངོས་རྫས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་འབྲེལ་ཡོད་བྱེད་སྒོར་སྤྱོད་པ་ལས་གང་བྱུང་དུ་སྤྱད་མི་ཆོག

    4.རྟེན་འབྲེལ་བྱེད་སྒོའི་རྟགས་མ་བེད་སྤྱོད་པར་དོན་དངོས་དང་མཐུན་དགོས་ལ་ཡུལ་བབ་དང་ཡང་མཐུན་པར་བྱས་ཏེ། ཕྱི་མཛེས་ལ་ཉམས་དོད་པ་དང་ཉེ་འཁོར་ཁོར་ཡུག་དང་མཐུན་སྦྱོར་གཅིག་གྱུར་ཡོང་བར་བྱས་ནས་ཁྱོན་ཡོངས་ཀྱི་ཕན་འབྲས་ལ་སྣང་ཆེན་གྱིས་སྤྱི་ཚོགས་ཀྱི་ཁོར་ཡུག་ཟབ་མོ་ཞིག་མངོན་པར་བྱེད་དགོས།

    (གསུམ)བེད་སྤྱོད་དོ་དམ།

    1.རྟེན་འབྲེལ་བྱེད་སྒོའི་རྟགས་མའི་བདག་དབང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ལ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོའི་རྟགས་མ་འདི་སྤྱོད་མཁན་ཚན་པ་དང་སྒྲིག་གཞིས་ངེས་པར་དུ་སྔོན་ལ་རང་སྐྱོང་ལྗོངས་རྟེན་འབྲེལ་ཆེན་པོའི་གཞུང་ལས་ཁང་ངམ་ཡང་ན་ས་གནས་ཀྱི་རྟེན་འབྲེལ་ཆེན་པོའི་གཞུང་ལས་ཁང་ལ་རེ་འདུན་ཕུལ་ནས་ཆོག་མཆན་ཐོབ་རྗེས་གཞི་ནས་སྤྱད་ཆོག

    2.ཁྲོམ་རའི་ལྟ་འདོམས་སྡེ་ཚན་གྱིས་རྟེན་འབྲེལ་མཛད་སྒོའི་རྟགས་མའི་ཚོང་རྟགས་ཐོ་འགོད་དང་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོའི་རྟགས་མ་ཧྲིལ་པོའི་བཟོ་དབྱིབས་དང་། དཔེ་རིས་སམ་ཡང་ན་དཔེ་རིས་ཀྱི་གཞི་རྒྱུ་ཚོང་རྟགས་ཐོ་འགོད་ལ་རེ་འདུན་ཞུས་རིགས་ཚང་མ་བདག་སྤྲོད་བྱེད་མི་དགོས། རྟགས་མ་སྤྱོད་པའི་ཁྲོམ་རའི་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་ལས་ལ་རྟགས་མ་སྤྱད་དེ་ཁེ་བཟང་ལེན་མཁན་ལ་འབྲེལ་ཡོད་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་ནན་པོ་བྱེད་དགོས།

    3.ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁོངས་གཏོཌ་ཁུལ་དང་གཙོ་འགན་དང་གཙོ་གཉེར་བྱེད་མཁན་གྱི་བྱེད་སྒོར་ལྟ་སྐུལ་བྱས་ནས་བླང་བྱ་ལྟར་རྟགས་མ་བེད་སྤྱོད་སོགས་ལ་གནད་དོན་ཡོད་ཚེ་དུས་ཐོག་ཏུ་དམིགས་ས་ཡོད་པའི་སྒོ་ནས་བྱ་ཐབས་སྤྱད་དེ་བཅོས་སྒྲིག་བྱེད་དགོས།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས།

    2021ལོའི་ཟླ་5ཚེས་23ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།