དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-24

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་པ་རེད།ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཨན་གྱིས་ཚོཌ་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རང་སྐྱོང་ལྗོངས་ཏང་ཨུད་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་བཞུགས་ཚན་པ་དང་ལྷག་པར་དུ་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་རྒྱལ་དམངས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་བཅུག་ནས་ཕུགས་བསམ་དང་དད་སེམས་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཅས་ལ་ཤུགས་སྣོན་དང་། རྒྱལ་ཁབ་ཀྱི་སྤྱི་སྐད་དང་ཡི་གེ་ཁྱབ་གདལ་གཏོང་བའི་ལས་དོན་ཡག་པོ་ནན་ཏན་སྒྲུབ་པ། མི་རིགས་ཁག་གི་དགེ་སློབ་ལ་ཡང་དག་པའི“ལྟ་བ་ལྔ”འཛུགས་པ་དང“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས། ངལ་རྩོལ་ནི་གཟི་བརྗིད་ཆེ་བ་དང་། རྩལ་ནུས་ནི་རྩ་ཆེ་བ། གསར་གཏོད་ནི་རླབས་ཆེ་བ་བཅས་ཀྱི་དུས་རབས་ཀྱི་ཉམས་འགྱུར་དར་སྤེལ་ཤུགས་ཆེན་བཏང་ནས་ལས་རིཌ་སློབ་གསོ་དཔལ་འབྱོར་སྤྱི་ཚོགས་དང་དུས་མཉམ་དུ་གོང་འཕེལ་འགྲོ་བའི་འཆར་འགོད་བྱེད་པ་དང་། སློབ་གསོའི་འཁོར་སྦྲེལ་དང་ཐོན་ལས་འཁོར་སྦྲེལ་མཉམ་འདྲེས་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བ། ཁྱད་ལྡན་ལས་རིགས་སློབ་གསོའི་མ་ལག་མྱུར་པོ་སྐྲུན་པ་བཅས་བྱེད་དགོས། ལེཌ་ཆ་དང་། ཁྱད་ཆོས། དགོས་གཏུགས་བཅས་ཀྱི་རྩ་དོན་གཞིར་བཟུང་། རིག་ཚན་ཆེད་ལས་བབ་བསྟུན་ལེགས་སྒྲིག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་དམིགས་པ་དང་། སྲ་བརྟན། རྒྱ་སྐྱེད་བཅས་གཏོང་བ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན། མཁོ་ཆོད་གོ་ཆོད་ཀྱི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བཅས་བྱས་ཏེ་མཐོ་རིམ་སློབ་གསོས་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་དགོས། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུཌ་སྲིད་ཇུས་ལག་ལེན་བསྟར་ཏེ་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྲུན་ལ་ཤུཌ་སྣོན་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། སློབ་གྲྭའི་རིམས་ནད་གནས་ཚུལ་ལ་རྒྱུན་གཏན་ནས་སྔོན་འགོག་དང་ཚོད་འཛིན་དང་ལྷག་དོན་དུ་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དམ་འཛིན་བཅས་བྱས་ཏེ་སློབ་གསོའི་ཁོངས་གཏོཌ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།