དབུ་ཤོག>སྲིད་དོན།
  • བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-19

    ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལྗོངས་ཡོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ལྷག་པར་དུ་རིམས་ནད་ཕྱི་ནས་མི་འགོ་བ་བྱེད་པའི་ལས་དོན་ལ་བསྐྱར་དུ་བཀོད་སྒྲིག་གནང་བ་རེད།

    ཅང་ཅེས་མཐའ་མཚམས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། གནས་ཚུལ་སྡུག་ཤོས་ནས་བསམ་བློ་གཏོང་བ་དང་ཕན་འབྲས་ཡག་ཤོས་ཡོང་བར་འབད་བརྩོན་བྱེད་པ་དང་། ལས་དོན་གྱི་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་གྱི་འཆར་གཞི་བཟོ་བ། འཇུག་གཞི་འཚོལ་མཁས་པོ་བྱས་ནས་མཐའ་མཚམས་མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་ཡག་པོ་གཏོང་བ། མཐའ་མཚམས་ནས་ལྐོག་འཛུལ་ལྐོག་བྲོས་བྱེད་རྒྱུ་གཏན་འགོག་བྱེད་པ། ཞིབ་ཚགས་དང་། གནད་སྨིན། ནུས་ལྡན་བཅས་ཀྱི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་མ་ལག་ཅིག་སྐྲུན་པ་བཅས་བྱས་ཏེ། མཐའ་མཚམས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་མཐའ་གཅིག་ཏུ་སྐྲུན་དགོས། གཙོ་གནད་མི་ཚོགས་དང་། གཙོ་གནད་ས་ཁོངས། ནང་འདྲེན་གྲང་ཕྲེང་བཟའ་བཅའ་དང་དངོས་ཟོག་བཅས་ལ་དོ་དམ་ཚོད་འཛིན་བྱེད་པའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དང་དངོས་ཟོག་གཉིས་ཀར་སྔོན་འགོག་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་ཞིང་གནད་སྨིན་ངང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་མཐོ་ཚད་ཐོག་ནས་ནེ་པ་ལར་རིམས་འགོག་དངོས་ཟོག་དང་མ་དངུལ་སོགས་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། འགག་རྩའི་གནད་དང་འགག་རྩའི་མཚམས་ཚིགས་ལ་དམ་འཛིན་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་མཐའ་མཚམས་འགག་སྒོ་མཐའ་གཅིག་ཏུ་ཡག་པོ་སྲུང་བ་དང་རིམས་ནད་རྒྱལ་ནང་དུ་གཏན་ནས་མ་མཆེད་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།