དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-18

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། དེ་བཞིན་ལྗོངས་ཡོངས་སུ“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་ལས་ཕྱོད་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་དང་། འོད་ཟེར། ཞུས་ཞུའེ་ཀོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་འཆི་མེད་རིག་འཛིན་དང་།ཉི་མ་ཚེ་རིང་། ཝང་ཅུན། ཐང་མིང་དབྱིང་། ཏང་ཙུའི་ཁོངས་མི་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། ཅི་གོ་ཀང་། ཝང་ཅུན། ཐང་མིང་དབྱིང་། ལིའུ་ཀོང་ཤུས་བཅས་ཀྱིས་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། སྤེལ་རེས་གཏམ་བཤད་གནང་བའམ་ཡང་ན་ཡིག་ཐོག་གི་གཏམ་བཤད་དཔྱད་གཞི་ཕུལ་བ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་དམ་པོར་དམིགས་པ་དང་། ལྗོངས་ཏང་ཨུད་ཀྱིས“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་དགོས་པའི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་པ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་ཟུང་འབྲེལ་དང་། མི་སྒེར་གྱི་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ། ངོས་འཛིན་དང་མྱོང་ཚོར་གླེང་ནས་འབད་བརྩོན་གྱི་ཁ་ཕྱོགས་ཁ་གསལ་བཟོས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་དེ་བཞིན་ལས་ཁུངས་ཀྱིས“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་དགོས་པའི་སྐོར་གྱི་གསུང་བཤད་གནང་ཞིང་། ཁོང་གིས“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གནང་བའི་ཐུགས་རེ་ཟབ་མོ་ཞིག་རེད་ལ། བོད་ཀྱི་ལས་བྱེད་པ་ཚང་མས་ངེས་པར་དུ་བྱ་སྤྱོད་ངོ་མའི་ཐོག་ནས་ལག་ལེན་བསྟར་དགོས་པའི་ཆབ་སྲིད་ཀྱི་བླང་བྱ་ཞིག་ཀྱང་རེད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལོན་པར་བྱེད་པ་དང་། “དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་གཞི་ཚུགས་པ། ལྗོངས་ཏང་ཨུད་ཀྱིས“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་དང་། ཏང་གཤིས་ཀྱི་བླང་བྱ་རྒྱུན་ཆད་མེད་པར་ནན་དུ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རྒྱུན་ཆད་མེད་པར་དམ་དུ་བཅས་གཏོང་དགོས། ཏང་ལ་འཕྲད་པའི“ཚོད་བགམ་ཆེན་པོ་བཞི”ཡི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་དང་། དེ་བཞིན“ཉེན་ཁ་བཞི”ཡི་རྣོ་ངར་རང་བཞིན་དང་ཛ་དྲག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ། ཚོད་བགམ་ཐེག་པ་དང་ཉེན་ཁར་ཁ་གཏད་གཅོག་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་དམིགས་ཚད་དང་བླང་བྱར་དམ་པོར་དམིགས་ཏེ། ཆེད་དོན་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས་ཤིང་། ཆབ་སྲིད་ཀྱི་རྣམ་དག་ཐད། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཏེ། སྲོག་ཤིང་གོང་དུ་བཀུར་བ་དང་། སྲོག་ཤིང་གི་རྗེས་སུ་འབྲང་བ། སྲོག་ཤིང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་ངེས་ཤུགས་ཐད། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཆབས་ཅིག ཕུགས་བསམ་དང་དད་སེམས་ཀྱི“གློག་སྒོ་ཨ་མར”སྟངས་འཛིན་ནན་པོ་བྱས་ཏེ། འགག་རྩའི་དུས་སུ་ཏང་གིས་ཡིད་ཆེས་ཆོག་པ་དང་། བློས་འགེལ་ཆོག་པ། བློ་བདེ་པོ་བྱེད་ཆོག་པ་བཅས་ཡོང་བར་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཐད། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པར་བྱས་ཏེ། རང་འགན་གཙང་སྒྲུབ་ཀྱིས་བྱས་རྗེས་འཇོག་ཕོད་པ་དང་། བདེ་སྡོད་ཉེན་བསམས་ཀྱིས་གྲ་སྒྲིག་ཡོད་པ། ཞུམ་མེད་འབད་འཐབ་ཀྱིས་འགྲན་སློང་ལ་ཁ་གཏད་གཅོག་ཕོད་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་འཇོན་ཐང་ཐད། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་དབྱེ་ཞིབ་དང་ཐག་གཅོད་བྱེད་མཁས་པོ་བྱས་ནས་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། ཏང་གཤིས་ཀྱི་བླང་བྱ་རྒྱུན་ཆད་མེད་པར་ནན་དུ་གཏོང་བར་འབད་བརྩོན་བྱས་ཏེ། ཏང་གཤིས་ཀྱི་བླང་བྱ་དང་ཚན་རིག་རང་བཞིན་གཅིག་གྱུར་དང་། ཏང་གཤིས་ཀྱི་བླང་བྱ་དང་མི་དམངས་རང་བཞིན་གཅིག་གྱུར། ཏང་གཤིས་ཀྱི་བླང་བྱ་དང་སྔོན་ཐོན་རང་བཞིན་གཅིག་གྱུར། ཏང་གཤིས་ཀྱི་བླང་བྱ་དང་འཐབ་རྩོད་རང་བཞིན་གཅིག་གྱུར། ཏང་གཤིས་ཀྱི་བླང་བྱ་དང་ལག་ལེན་རང་བཞིན་གཅིག་གྱུར་བཅས་ཡོང་བ་ཧུར་ཐག་བྱེད་དགོས། རྩ་འཛུགས་ཀྱི་སྒྲིག་ཁྲིམས་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོ་སྲུང་བ་དང་དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་གཤིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། སློབ་སྦྱོང་གི་དོན་ལ་བབས་ས་དེ་འཇོན་ཐང་ཆེ་རུ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུར་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་ལས་ཀའི་རྣམ་འགྱུར་ལེགས་སུ་གཏོང་བ་དང་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བ་ནས་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།