དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-17

     ཚེས་13ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རང་ལྗོངས་ཀྱི་མཐའ་མཚམས་འཛུགས་སྐྲུན་དང་དེ་བཞིན་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་ཆབས་ཅིག འབྲེལ་ཡོད་ལས་དོན་གྱི་ལས་འགན་ཡང་བསྐྱར་བཀོད་སྒྲིག་གནང་བ་རེད། སྡེ་ཚན་དང་། གྲོང་ཁྱེར། ས་གནས་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་སྐོར་གྱི་སྙན་སེང་ནན་ཏན་གསན་རྗེས། ཅང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལས་འགན་ཁག་བགོས་ཞིབ་ཚགས། འགན་འཁྲི་ཁག་བགོས་དང་བརྒྱུད་ཁྲིད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་ཁག་གི་འགན་དབང་ཁ་གསལ་དང་ལས་འགན་ཁ་གསལ་ཡོང་བ་བཅས་བྱས་ནས་ལས་འགན་ཁག་གི་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་ཞིབ་ཚགས་དང་གནད་སྨིན་ནུས་ལྡན་གཏོང་དགོས་པ་དང་། འབྲེལ་བ་སྣ་ཚོགས་ལ་མཐུན་སྦྱོར་དང་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་འབྲེལ་མཐུད་ཡག་པོ་བྱས་ཏེ་དམངས་ཕན་མ་དངུལ་དངོས་སུ་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ། དེ་དང་ཆབས་ཅིག་ཚད་གཞི་གཅིག་གྱུར་བཟོ་བ་དང་། ཚན་རིག་དང་མཐུན་པའི་འཆར་འགོད། ཆུ་གློག་ལམ་དྲ་དང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་བཀོད་སྒྲིག་ལུགས་མཐུན་བཅས་བྱས་ནས་བྱ་བ་བཟང་པོ་དང་བྱ་བ་དངོས་ཡག་པོ་སྒྲུབ་དགོས་པ། ལས་ཀའི་ལྟ་སྐུལ་ཞིབ་བཤེར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཆེད་དོན་ཚན་ཁག་བཙུགས་ནས་གཟའ་འཁོར་རེར་སྙན་སེང་ཞུ་བ་དང་། ཟླ་བ་རེར་བཀོད་པ་གཏོང་བ། དུས་ཚིགས་རེར་ཕྱོགས་སྡོམ་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་ལེན་བསྟར་ནས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་དགོས་པ། ལས་དོན་སྒྲུབ་པའི་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་གཏོང་བ་དང་། ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་གཏོང་བ། མཐའ་མཚམས་སྟོབས་ཆེན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། མཐའ་སྲུང་སྲ་བརྟན་དང་སྤྱི་ཚོགས་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མཐའ་མཚམས་ནུས་ཤུགས་ཡོད་རྒུས་སྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།