དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-15

    ཚེས་13ཉིན་གྱི་སྔ་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་ཕེབས་ནས། ལས་ཁུངས་ནང་ཁུལ་གྱི་གཞུང་ལས་ཁང་དང་། རྩ་འཛུགས་འབྲེལ་གཏུག་པུའུ། རིག་རྩལ་ཞིབ་འཇུག་འཆར་འགོད་པུའུ། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས། བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས། བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་སོགས་སྡེ་ཚན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་དང་། གྲགས་ཅན་སྒྱུ་རྩལ་མཁས་ཅན། རྩོམ་རིག་སྒྱུ་རྩལ་ལས་རིགས་ལྷན་ཚོགས་ཀྱི་རིག་རྩལ་མཁས་ཅན་མཐུན་ཚོགས་ཁག་དང་སྡེ་ཚན་གྱི་འགན་འཁུར་བ་བཅས་དང་བཞུགས་མོལ་སྤེལ་རེས་གནང་ནས་ཚང་མའི་ལས་དོན་གྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད།

    དབང་ཧའེ་ཀྲོའུ་ཡིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པས་ཐོག་མཐའ་བར་གསུམ་དུ་བསམ་པའི་དར་ཆ་མཐོན་པོར་སྒྲེང་བ་དང་། རིག་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་ལ་སྟངས་འཛིན་ནན་པོ། བླ་སྲོག་གཏོད་པ་དང་རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་གི་འགན་འཁྲི་གལ་ཆེན་འཁུར་དགོས། ཐོག་མཐའ་བར་གསུམ་དུ་གཙོ་རྒྱུན་རིན་ཐང་དར་སྤེལ་གཏོང་བ་དང་། ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་འགན་འཁྲི་ཁོང་དུ་ཆུད་པ། དུས་རབས་ཀྱི་མཐོ་ཚད་དུ་ལང་བ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དམངས་ལ་བརྩེ་སེམས་འཆང་བ་དང་། མི་དམངས་ལྟེ་བར་བྱེད་པའི་གསར་རྩོམ་གྱི་སྟོན་ཕྱོགས་ལ་སྟངས་འཛིན་ནན་པོ། མི་དམངས་ཀྱི་ཆེད་དུ་སྐུལ་མ་གཏོང་བ་དང་། རེ་འབོད་བྱེད་པ། བསྟོད་གླུ་འབུལ་བ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྒྱུ་རྩལ་གྱི་གཤིས་རྒྱུད་གཏོད་པ་དང་། དུས་རབས་གསར་པའི་དར་སྲོལ་ལ་སྣེ་འཁྲིད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ཁོང་དུ་བརྟན་པོ་ཆུད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱེད་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རིག་རྩལ་བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱེད་པའི་ལས་འགན་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པ། རྒྱུན་འཛིན་དང་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་བཅས་ལ་བརྟེན་ནས་བསམ་བློ་གཏིང་ཟབ་པ་དང་། སྒྱུ་རྩལ་རྩེར་སོན་པ། སྤུས་ཀ་ལེགས་པ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་ཁག་གཅིག་ཧུར་ཐག་འདོན་དགོས། ཐོག་མཐའ་བར་གསུམ་དུ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། རིག་རྩལ་གྱི་ཕུལ་བྱུང་མི་སྣ་སྐྱོང་བའི་སྟོན་ཕྱོགས་ལ་སྟངས་འཛིན་ནན་པོ། ཀུན་སྤྱོད་བཟང་ཞིང་སྙན་གྲགས་ཆེ་བའི་སྒྱུ་རྩལ་མཁས་ཅན་རྒན་གྲས་དང་གསར་རྩོམ་གྱི་འཐབ་ས་དང་པོར་གསར་རྩོམ་ལ་གཞོལ་བཞིན་པའི་གཞོན་དར་སྣེ་ཁྲིད་མི་སྣ་རིག་རྩལ་ལས་དོན་གྱི་སྣེ་ཁྲིད་པ་དང་སྟོན་རྟགས་སུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།