དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་2021ལོའི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2021-05-14

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའི་2021ལོའི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དང་། ཆིང་ཧྭ་སློབ་ཆེན། ཀོང་ཤིས་བཅས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་ཏེ་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་གྲོས་བསྡུར་གནང་བ་རེད།

    ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ལེ་ཀུའེ་ལུང་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཝང་ཡ་ལིན་དང་། སངས་རྒྱས་གྲགས་པ། སྒྲོལ་དཀར། རྒྱ་མཚོ་ལྷ་མོ། ཏུའུ་ཅན་ཀུང་བཅས་ཚོགས་འདུར་ཕེབས་པ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང·ཐུབ་བསྟན་མཁས་གྲུབ་དང་བཀྲ་ཤིས་ཟླ་བ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དང་། ཆིང་ཧྭ་སློབ་ཆེན། ཀོང་ཤིས་བཅས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་བླང་བྱ་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དེས་སྤྱི་ཁྱབ་ཧྲུའུ་ཅིའི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དང་། དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་གང་ལེགས་མངོན་ཡོད། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་ལག་བསྟར་བྱེད་པ།

    དབུལ་སྒྲོལ་འགག་སྒྲོལ་དང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་འགན་ལེན་དང་ལེགས་གཏོང་། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་གསོན་ཉམས་ལྡན་པའི་སློབ་གཞི་ཡག་པོ་སྤྱད་དེ། དོན་དངོས་དང་། གྲངས་གཞི། ཐོན་རྫས། ཟུར་མང་། ཕྱོགས་མང་། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་། དར་རྒྱས་ཡར་ཐོན། ལྟ་ན་སྡུག་པ། ཕྱི་ཕྱོགས་སྒོ་དབྱེ་བཅས་ཀྱི་གཟུགས་བརྙན་གསར་པ་འོས་སྦྱོར་བྱེད་དགོས། འགན་འཁྲི་ནན་དུ་གཏོང་བ་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། རང་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་ཀྱིས་འོས་སྦྱོར་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་གཉེར་ཐུབ་པའི་འགན་ལེན་ཧུར་ཐག་བྱེད་དགོས་ཞེས་བསྟན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།