《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོཌ་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་སྲོལ།
(1981ལོའི་ཟླ་4ཚེས་18ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་སྐབས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ། 1984ལོའི་ཟླ་དང་པོའི་ཚེས་18ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་བཟོ་བཅོས་ཐེངས་དང་པོ་བྱས། 1987ལོའི་ཟླ་7ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་བཟོ་བཅོས་ཐེངས་གཉིས་པ་བྱས། 1995ལོའི་ཟླ་9ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་བཟོ་བཅོས་ཐེངས་གསུམ་པ་བྱས། 2004ལོའི་ཟླ་11ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་བཟོ་བཅོས་ཐེངས་བཞི་པ་བྱས། 2011ལོའི་ཟླ་7ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་དག་བཅོས་བྱས། 2016ལོའི་ཟླ་3ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་བཟོ་བཅོས་ཐེངས་ལྔ་པ་བྱས། 2020ལོའི་ཟླ་11ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་བཟོ་བཅོས་ཐེངས་དྲུག་པ་བྱས)
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2020〕ཡིག་ཨང་10པ།
《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས〉ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་སྲོལ》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འདི་2020ལོའི་ཟླ་11ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2020ལོའི་ཟླ་11ཚེས་27ལ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོཌ་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་སྲོལ་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན།
(2020ལོའི་ཟླ་11ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོཌ་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོཌ་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་སྲོལ་ལ་གཤམ་གསལ་བཟོ་བཅོས་རྒྱག་རྒྱུའི་ཆོད་དོན་བཞག་པ་སྟེ།
གཅིག དོན་ཚན་གཅིག་ཁ་སྣོན་བརྒྱབ་ནས་དོན་ཚན་གཉིས་པར་བརྩི་རྒྱུ་སྟེ། “རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་རྒྱུ་མཐའ་འཁྱོངས། དོན་དག་ཁྲིམས་བཞིན་ནན་པོ་གཅོད་རྒྱུ་མཐའ་འཁྱོངས་བཅས་བྱེད་རྒྱུ”ཞེས་པ་དེ་ཡིན།
གཉིས། དོན་ཚན་བཅུ་གཉིས་པ་དེ་དོན་ཚན་བཅུ་གསུམ་པར་བཅོས་རྒྱུ་མ་ཟད། ནང་ཚན་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་རྣམས་ནང་ཚན་གསུམ་དུ་བཅོས་རྒྱུ་སྟེ།
“(གཅིག)ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་གྱི་གཞི་གྲངས་ནི་འཐུས་མི་ཉིས་བརྒྱ་བཞི་བཅུ་ཡིན་ཞིང། མི་ཉིས་ཁྲི་ལྔ་སྟོང་རེར་འཐུས་མི་རེ་ཁ་སྣོན་བྱས་ན་འགྲིག་པ་དང་།
(གཉིས)ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་གྱི་གཞི་གྲངས་ནི་མི་བརྒྱ་དང་བཞི་བཅུ་ཡིན་ཞིང་། མི་ལྔ་སྟོང་རེར་འཐུས་མི་རེ་ཁ་སྣོན་བྱས་ན་འགྲིག་པ་དང་། མི་འབོར་ཁྲི་གཅིག་ལས་བརྒལ་བ་དང་ཁྲི་ལྔ་མ་ལོན་པའི་རིགས་ཀྱི་གཞི་གྲངས་ནི་འཐུས་མི་བརྒྱ་དང་བཅོ་ལྔ་ནས་བརྒྱ་དང་བཞི་བཅུ་བར་ཡིན། མི་འབོར་ཁྲི་གཅིག་མན་གྱི་གཞི་གྲངས་ནི་འཐུས་མི་དགུ་བཅུ་གོ་ལྔ་ནས་བརྒྱ་དང་བཅོ་ལྔ་བར་ཡིན།
(གསུམ)ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་གྱི་གཞི་གྲངས་ནི་མི་བཞི་བཅུ་ཞེ་ལྔ་ཡིན་ཞིང་། མི་ཆིག་སྟོང་ལྔ་བརྒྱ་རེར་འཐུས་མི་གཅིག་ཁ་སྣོན་བྱས་ན་འགྲིག་པ་དང་། མི་འབོར་ཉིས་སྟོང་མ་ལོན་པའི་རིགས་ལ་འཐུས་མིའི་སྤྱིའི་མིང་སྐལ་བཞི་བཅུ་ཞེ་ལྔ་ལས་ཉུང་བ་ཡོད་ནའང་འགྲིག་པ་མ་ཟད། རྫོང་རིམ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《འདེམས་བསྐོའི་བཅའ་ཁྲིམས》གཞིར་བཟུང་གཏན་འཁེལ་བྱེད་རྒྱུ། བསྐྱར་དུ་འཐུས་མིའི་མིང་སྐལ་གཏན་འཁེལ་བྱས་རིགས། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཉིན་བཅུའི་ནང་ཚུན་དུ་གཏན་འཁེལ་བྱས་པའི་འཐུས་མིའི་མིང་སྐལ་དེ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཐོ་དཔོ་དགོས”ཞེས་པ་དེ་ཡིན།
གསུམ། དོན་ཚན་བཅུ་གསུམ་པ་དེ་དོན་ཚན་བཅུ་བཞི་པར་བཅོས་རྒྱུ་མ་ཟད། ནང་ཚན་གཅིག་ཁ་སྣོན་བརྒྱབ་ནས་ནང་ཚན་གཉིས་པར་བརྩི་རྒྱུ་སྟེ། “ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་བསྐྱར་དུ་གཏན་འཁེལ་བྱས་རྗེས། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་བསྐྱར་དུ་གཏན་འཁེལ་བྱས་པའི་འཐུས་མིའི་མིང་སྐལ་གྱི་གནས་ཚུལ་དེ་ཉིན་ཉི་ཤུའི་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཐོ་དཔོ་དགོས”ཞེས་པ་དེ་ཡིན།བཞི།དོན་ཚན་རེ་བདུན་པ་དེ་དོན་ཚན་རེ་བརྒྱད་པར་བཅོས་རྒྱུ་དང་། ནང་གསེས་གཉིས་པ་དེ“རྒྱལ་ཁབ་ཀྱི་ལས་བྱར་གོང་གསལ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་ཚེ། ལྟ་ཞིབ་ལས་ཁུངས་ཀྱིས་ངེས་པར་དུ་བཅའ་ཁྲིམས་གཞིར་བཟུང་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུའམ་ཡང་ན་དེ་གནས་སའི་ལས་ཁུངས་དང་ཚན་པས་ཆད་པ་གཅོད་རྒྱུ”ཞེས་བཟོ་རྒྱུ།
ཆོད་དོན་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོཌ་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོཌ་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་སྲོལ་ལ་ཆོད་དོན་འདི་གཞིར་བཟུང་བཟོ་བཅོས་འོས་འཚམ་བརྒྱབ་ཡོད་པས། བསྐྱར་དུ་ཁྱབ་བསྒྲཌ་བྱེད་རྒྱུ་ཡིན།
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། འདེམས་བསྐོའི་ཚན་པ།
ལེའུ་གསུམ་པ། འཐུས་མིའི་མིང་སྐལ།
ལེའུ་བཞི་པ། གྲངས་ཉུང་མི་རིཌ་ཀྱི་འཐུས་མིའི་འདེམས་བསྐོ།
ལེའུ་ལྔ་པ། འདེམས་ཁུལ་དབྱེ་སྟངས།
ལེའུ་དྲུག་པ། འདེམས་དམངས་ཐོ་འགོད།
ལེའུ་བདུན་པ། འཐུས་མིའི་འོས་མི་འདོན་སྟངས།
ལེའུ་བརྒྱད་པ། འདེམས་བསྐོའི་གོ་རིམ།
ལེའུ་དགུ་པ། འཐུས་མིར་ལྟ་སྐུལ་བྱེད་སྟངས་དང་། འཐུས་མི་གནས་དབྱུང་གཏོང་སྟངས། འཐུས་མིའི་ལས་གནས་དགོངས་ཞུ་བྱེད་སྟངས་བཅས།
ལེའུ་བཅུ་པ། འཐུས་མི་གསབ་འདེམས་བྱེད་སྟངས།
ལེའུ་བཅུ་གཅིག་པ། འདེམས་བསྐོར་གཏོར་བཤིག་གཏོང་རིགས་ལ་ཁྲིམས་འདོམས་བྱེད་སྟངས།
ལེའུ་བཅུ་གཉིས་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》(གཤམ་དུ《འདེམས་བསྐོའི་བཅའ་ཁྲིམས》ཞེས་བསྡུ་རྒྱུ)དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཐོག་རང་སྐྱོང་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཞིབ་སྲོལ་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་རྒྱུ་མཐའ་འཁྱོངས། དོན་དག་ཁྲིམས་བཞིན་ནན་པོ་གཅོད་རྒྱུ་མཐའ་འཁྱོངས་བཅས་བྱེད་རྒྱུ།
དོན་ཚན་གསུམ་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་རྣམས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་འདེམས་བསྐོ་བྱེད་རྒྱུ།
རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་ཆུད་བཙུགས་པའི་གྲོང་ཁྱེར་དང་ས་གནས་ཁོངས་གཏོགས་སུ་ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་ཐོག་འདེམས་བསྐོ་བྱེད་རྒྱུ།
ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་གྲོང་ཁྱེར་དེ་གའི་ཁོངས་གཏོགས་ཀྱི་ཆུད་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་ཐོག་འདེམས་བསྐོ་བྱེད་རྒྱུ།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་འདེམས་དམངས་ཀྱིས་ཐད་ཀར་འདེམས་བསྐོ་བྱེད་རྒྱུ།
མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེས་རྫོང་རིམ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་ནང་ཞུཌ་རྒྱུ།
རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱེད་མཁན་མི་དམངས་བཅིངས་འགྲོལ་དམག་གིས《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་རྫོང་རིམ་ཡན་གྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་རྒྱུའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བྱ་ཐབས》གཞིར་བཟུང་འཐུས་མི་འདེམས་བསྐོ་བྱེད་རྒྱུ།
དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཁོངས་ཀྱི་རང་ལོ་བཅོ་བརྒྱད་ཟིན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་ཕྱིན་མི་རིགས་དང་། རིགས་རྒྱུད། ཕོ་མོ། ལས་རིགས། ཁྱིམ་ཚང་གི་གཞི་ཁུངས། ཆོས་ལུགས་དད་མོས། སློབ་གསོ་ཐོབ་ཚད། རྒྱུ་ནོར་གྱི་གནས་ཚུལ། སྡོད་ཡུན་རིང་ཐུང་སོགས་གང་ཡིན་ལ་མ་ལྟོས་པར་ཚང་མར་གདམ་བྱ་དང་འདེམས་བྱེད་ཀྱི་དབང་ཆ་ཡོད།
བཅའ་ཁྲིམས་གཞིར་བཟུང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་མིར་གདམ་བྱ་དང་འདེམས་བྱེད་ཀྱི་དབང་ཆ་མེད།
དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་ངེས་པར་དུ་རྒྱ་ཁྱབ་ཆེ་བའི་འཐུས་ཚབ་རང་བཞིན་ཡོད་དགོས་པ་དང་། ངེས་པར་དུ་གཞི་རིམ་གྱི་འཐུས་མི་དང་ལྷག་པར་དུ་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན་བཅས་ཀྱི་འཐུས་མིའི་གྲངས་འབོར་འོས་འཚམ་ཞིག་ཡོད་དགོས་པ། ངེས་པར་དུ་རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིའི་གྲངས་འབོར་འོས་འཚམ་ཞིག་ཡོད་དགོས་ཤིང་། བུད་མེད་འཐུས་མིའི་བསྡུར་ཚད་20%ལས་མི་ཉུང་བ་དགོས་པ་མ་ཟད། བུད་མེད་འཐུས་མིའི་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་དགོས།
འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་དང་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་བོད་རིགས་སྤུན་ཟླ་ཅུང་མང་བའི་ས་ཆར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་དང་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་བོད་རིགས་སྤུན་ཟླའི་འཐུས་མིའི་མིང་སྐལ་འོས་འཚམ་ཞིག་ཡོད་དགོས།
དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་འགྲོ་གྲོན་རྣམས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་རྒྱུ། ནོར་སྲིད་བཙུགས་མེད་པའི་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་འགྲོ་གྲོན་རྣམས་རང་ལས་རིམ་པ་གཅིག་གིས་མཐོ་བའི་ནོར་སྲིད་སྔོན་རྩིས་ནང་འཇུག་རྒྱུ།
འདེམས་བསྐོའི་འགྲོ་གྲོན་རྣམས་ཆེད་དངུལ་ཆེད་སྤྱོད་བྱེད་རྒྱུ།
དོན་ཚན་བདུན་པ། འདེམས་བསྐོའི་ཡིག་ཆ་དང་། འདེམས་དམངས་ཀྱི་མིང་ཐོ། འདེམས་དམངས་ཀྱི་ལག་ཁྱེར། འཐུས་མིའི་འོས་མིའི་མིང་ཐོ། བདམས་ཐོན་བྱུང་བའི་འཐུས་མིའི་ལག་ཁྱེར། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཐམ་ག་སོགས་ལ་ངེས་པར་དུ་བོད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡིག་རིགས་གཉིས་ཀ་མཉམ་དུ་སྤྱོད་དགོས།
ལེའུ་གཉིས་པ། འདེམས་བསྐོའི་ཚན་པ།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་དང་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོ་གཙོ་སྐྱོང་བྱེད་རྒྱུ། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ལ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་བཙུགས་ནས་དེས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོ་གཙོ་སྐྱོང་བྱེད་རྒྱུ། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་རྫོང་གི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་བྱེད་རྒྱུ། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་བྱེད་རྒྱུ།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་ཁོངས་གཏོཌ་ཀྱི་ཆུད་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དེ་གའི་ཁོངས་གཏོགས་ཀྱི་ཆུད་དང་། རྫོང་། ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ།
རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་གཞིར་བཟུང་ས་གནས་དེ་གའི་རྫོང་དང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ།
དོན་ཚན་བཅུ་པ། འདེམས་བསྐོ་ཨུ་ཡོན་ལྷན་ཁང་ནི་རིམ་པ་དེ་གའི་ཏང་ཨུད་དང་། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། མི་དམངས་སྲིད་གཞུང་། ཁྲོམ་གཞུང་དོན་གཅོད་ཁྲུའུ། ཤང་གྲོང་སོགས་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་མི་སྣ་ལས་གྲུབ་དགོས་པ་ཡིན། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་རྫོང་གི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་ཀྲུའུ་རེན་གཅིག་དང་། ཀྲུའུ་རེན་གཞོན་པ་གཅིག་ནས་གསུམ་བར། ཨུ་ཡོན་བདུན་ནས་བཅུ་གཅིག་བར་བཅས་བཀོད་སྒྲིག་བྱེད་དགོས་ཤིང་། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་གཞག་བྱེད་རྒྱུ།
ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་ཀྲུའུ་རེན་གཅིག་དང་། ཀྲུའུ་རེན་གཞོན་པ་གཅིག་ནས་གཉིས་བར། ཨུ་ཡོན་ཁ་ཤས་བཅས་བཀོད་སྒྲིག་བྱེད་དགོས་ཤིང་། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྐོ་གཞག་བྱེད་རྒྱུ།
འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དེ་འཐུས་མིའི་འོས་མི་ཡིན་ཚེ་ངེས་པར་དུ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་གོ་གནས་དགོངས་ཞུ་བྱེད་དགོས།
དོན་ཚན་བཅུ་གཅིག་པ། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གཤམ་གསལ་གྱི་འགན་འཁྲི་ཁག་སྒྲུབ་དགོས་པ་སྟེ།
(གཅིག)《འདེམས་བསྐོའི་བཅའ་ཁྲིམས》དང་། ཞིབ་སྲོལ་འདི་དང་འདེམས་བསྐོའི་ལས་དོན་གྱི་འབྲེལ་ཡོད་གཏན་འབེབས་དྲིལ་བསྒྲགས་དང་ལག་བསྟར་བྱས་ཏེ་འབྲེལ་ཡོད་ཀྱི་འདེམས་བསྐོའི་གནད་དོན་རིགས་ལ་ཁྲིམས་ལྟར་འགྲེལ་བཤད་རྒྱག་དགོས།
(གཉིས)རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོ་གཙོ་སྐྱོང་བྱེད་པ་དང་། འདེམས་བསྐོའི་ལས་དོན་གྱི་འཆར་གཞི་དང་འདེམས་བསྐོའི་བྱ་ཐབས་བཟོ་བ། འདེམས་བསྐོའི་ལས་བྱར་སྦྱོང་བརྡར་སྤྲོས་པ། འདེམས་བསྐོའི་ལས་དོན་བཀོད་སྒྲིག་དང་དེར་མཛུབ་ཁྲིད་བཅས་བྱེད་དགོས་པ།
(གསུམ)འདེམས་ཁུལ་དབྱེ་རྒྱུ་དང་འཐུས་མིའི་མིང་སྐལ་བགོ་འགྲེམས་བྱེད་དགོས་པ།
(བཞི)འདེམས་དམངས་ཐོ་འགོད་དང་། འདེམས་དམངས་ཀྱི་ཐོབ་ཐང་ལ་ཞིབ་བཤེར། འདེམས་དམངས་ཀྱི་མིང་ཐོ་ཁྱབ་བསྒྲགས། འདེམས་དམངས་ལག་ཁྱེར་བཟོ་སྤྲོད། འདེམས་དམངས་ཀྱི་མིང་ཐོར་མོས་མཐུན་མེད་པའི་ཞུ་སྦྱོར་རིགས་བདག་སྤྲོད་བཅས་བྱེད་དགོས།
(ལྔ)འདེམས་བསྐོའི་དུས་ཚོད་གཏན་འཁེལ་བྱེད་དགོས་པ།
(དྲུག)འདེམས་དམངས་སྒྲིག་འཛུགས་བྱས་ནས་འཐུས་མིའི་འོས་མི་འོས་སྦྱོར་བྱེད་པ་དང་། འཐུས་མིའི་འོས་མིའི་མིང་ཐོ་ཁྱབ་བསྒྲགས་བྱེད་པ། འཐུས་མིའི་འོས་མིའི་གནས་ཚུལ་ཤེས་རྟོགས་ཞིབ་དཔྱད་བྱེད་པ་དང་སྦྲགས་ངོ་སྤྲོད་བྱེད་པ། དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་གཏན་འཁེལ་དང་ཁྱབ་བསྒྲགས་བཅས་བྱེད་དགོས་པ།
(བདུན)འདེམས་ཤོག་ལྟ་སྐུལ་འོག་བཟོ་བ་དང་འདེམས་ཤོག་འཕེན་ཐབས་བཟོ་བ་དང་། འདེམས་ཤོག་འཕེན་ནས་འདེམས་བསྐོ་བྱེད་རྒྱུར་གཙོ་སྐྱོང་བྱེད་པ། འདེམས་བསྐོ་བྱས་འབྲས་རྩིས་འགྲོ་ཡོད་མེད་གཏན་འཁེལ་བྱེད་པ། བདམས་ཐོན་བྱུང་བའི་འཐུས་མིའི་མིང་ཐོ་ཁྱབ་བསྒྲགས་བྱེད་པ། བདམས་ཐོན་བྱུང་བའི་འཐུས་མིར་ལག་ཁྱེར་སྤྲོད་པ་བཅས་བྱེད་དགོས་པ།
(བརྒྱད)འདེམས་བསྐོའི་འགྲོ་གྲོན་བདག་གཉེར་དང་བེད་སྤྱོད་བྱེད་དགོས་པ།
(དགུ)འདེམས་ཤོག་གི་བསྡོམས་རྩིས་རེའུ་མིག་དང་ཡིག་རིགས་དཔྱད་ཡིག་རྣམས་ལེགས་སྒྲིག་གིས་ཡིག་ཚགས་ཀྱི་ཁོངས་སུ་འཇུག་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ།
(བཅུ)འདེམས་བསྐོའི་ནང་གི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཐེར་འདོན་དང་ཞུ་སྦྱོར་བྱས་རིགས་བདག་སྤྲོད་བྱེད་དགོས་པ།
(བཅུ་གཅིག)འདེམས་བསྐོའི་ཆ་འཕྲིན་ཁྱབ་བསྒྲཌ་བྱེད་དགོས་པ།
(བཅུ་གཉིས)བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་བཅས་སོ།
དོན་ཚན་བཅུ་གཉིས་པ། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་རྫོང་གི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ལས་ཀའི་དགོས་མཁོ་གཞིར་བཟུང་ཤང་(གྲོང་རྡལ)དང་ཁྲོམ་གཞུང་དང་། དེ་བཞིན་ཅུང་ཆེ་བའི་ཁེ་ལས་དང་། བྱ་གཞག ལས་ཁུངས། སློབ་གྲྭ་སོགས་ཚན་པར་འདེམས་བསྐོའི་ལས་དོན་ཚོགས་ཆུང་བཙུགས་ན་འགྲིག འདེམས་བསྐོའི་ལས་དོན་ཚོགས་ཆུང་དེ་འདེམས་ཁུལ་དེ་ག་ནས་འོས་སྦྱོར་བྱས་པའི་འཐུས་མི་དང་རིམ་པ་དེ་གའི་འདེམས་བསྐོ་ཨུ་ལྷན་གྱིས་མངགས་གཏོང་བྱས་པའི་མི་སྣ་ལས་གྲུབ་ཅིང་། ཁོངས་གཏོགས་དེ་གའི་འདེམས་བསྐོའི་ལས་དོན་ལ་མཛུབ་ཁྲིད་བྱེད་འགན་འཁུར་རྒྱུ།
འདེམས་ཁུལ་ཁག་གིས་འདེམས་བསྐོའི་ལས་དོན་ཚོགས་ཆུང་ཁ་ཤས་བཙུགས་ནས་ཚོགས་ཆུང་དེ་གའི་འདེམས་བསྐོའི་ལས་དོན་བཀོད་སྒྲིག་བྱེད་འགན་འཁུར་ན་འགྲིག་པ་དང་། འདེམས་བསྐོའི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པ་དེ་འདེམས་དམངས་ཀྱིས་འོས་འདེམས་བྱེད་རྒྱུ།
ལེའུ་གསུམ་པ། འཐུས་མིའི་མིང་སྐལ།
དོན་ཚན་བཅུ་གསུམ་པ། ཆུད་བཙུགས་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་དེ་ཚོགས་འདུ་འཚོག་སྟབས་བདེ་བ་དང་། གནད་དོན་གྲོས་བསྡུར་དང་ཐག་གཅོད་བྱེད་སྟབས་བདེ་བའི་རྩ་དོན་ལྟར་གཏན་འཁེལ་བྱེད་རྒྱུ་གཤམ་གསལ་ཏེ།
(གཅིག)ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་གྱི་གཞི་གྲངས་ནི་འཐུས་མི་ཉིས་བརྒྱ་བཞི་བཅུ་ཡིན་ཞིང། མི་ཉིས་ཁྲི་ལྔ་སྟོང་རེར་འཐུས་མི་རེ་གསབ་སྣོན་བྱས་ན་འགྲིག་པ་དང་།
(གཉིས)ཆུད་བཙུགས་མེད་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་རྫོང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་གྱི་གཞི་གྲངས་ནི་མི་བརྒྱ་དང་བཞི་བཅུ་ཡིན་ཞིང་། མི་ལྔ་སྟོང་རེར་འཐུས་མི་རེ་གསབ་སྣོན་བྱས་ན་འགྲིག་པ་དང་། མི་འབོར་ཁྲི་གཅིག་ལས་བརྒལ་བ་དང་ཁྲི་ལྔ་མ་ལོན་པའི་རིགས་ཀྱི་གཞི་གྲངས་ནི་འཐུས་མི་བརྒྱ་དང་བཅོ་ལྔ་ནས་བརྒྱ་དང་བཞི་བཅུ་བར་ཡིན། མི་འབོར་ཁྲི་གཅིག་མན་གྱི་གཞི་གྲངས་ནི་འཐུས་མི་དགུ་བཅུ་གོ་ལྔ་ནས་བརྒྱ་དང་བཅོ་ལྔ་བར་ཡིན།
(གསུམ)ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་གྱི་གཞི་གྲངས་ནི་མི་བཞི་བཅུ་ཞེ་ལྔ་ཡིན་ཞིང་། མི་ཆིག་སྟོང་ལྔ་བརྒྱ་རེར་འཐུས་མི་གཅིག་གསབ་སྣོན་བྱས་ན་འགྲིག་པ་དང་། མི་འབོར་ཉིས་སྟོང་མ་ལོན་པའི་རིགས་ལ་འཐུས་མིའི་སྤྱིའི་མིང་སྐལ་བཞི་བཅུ་ཞེ་ལྔ་ལས་ཉུང་བ་ཡོད་ནའང་འགྲིག་པ་མ་ཟད། རྫོང་རིམ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《འདེམས་བསྐོའི་བཅའ་ཁྲིམས》གཞིར་བཟུང་གཏན་འཁེལ་བྱེད་རྒྱུ། བསྐྱར་དུ་འཐུས་མིའི་མིང་སྐལ་གཏན་འཁེལ་བྱས་རིགས། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཉིན་བཅུའི་ནང་ཚུན་དུ་གཏན་འཁེལ་བྱས་པའི་འཐུས་མིའི་མིང་སྐལ་དེ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཐོ་དཔོ་དགོས།
དོན་ཚན་བཅུ་བཞི་པ། ཆུད་བཙུགས་པའི་གྲོང་ཁྱེར་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་། རྫོང་། ཤང་། མི་རིཌ་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་སྤྱི་འབོར་གཏན་འཁེལ་བྱས་རྗེས་འགྱུར་བ་གཏོང་རྒྱུ་མིན། གལ་ཏེ་སྲིད་འཛིན་ས་ཁོངས་ལ་འགྱུར་བ་བྱུང་བའམ་ཡང་ན་གཙོ་ཆེའི་ལས་གྲྭའི་འཛུགས་སྐྲུན་སོགས་ཀྱི་རྐྱེན་པས་མི་འབོར་ལ་འགྱུར་བ་ཆེ་ཙམ་བྱུང་ཚེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་གྱི་སྤྱི་འབོར་དེ་ངེས་པར་དུ《འདེམས་བསྐོའི་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་བསྐྱར་དུ་གཏན་འཁེལ་བྱེད་རྒྱུ།
ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་བསྐྱར་དུ་གཏན་འཁེལ་བྱས་རྗེས། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་བསྐྱར་དུ་གཏན་འཁེལ་བྱས་པའི་འཐུས་མིའི་མིང་སྐལ་གྱི་གནས་ཚུལ་དེ་ཉིན་ཉི་ཤུའི་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཐོ་དཔོ་དགོས།
དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མིང་སྐལ་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རིམ་པ་དེ་གའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྲིད་འཛིན་ས་ཁོངས་དེ་གའི་ཁོངས་གཏོགས་ཀྱི་རང་ལས་རིམ་པ་གཅིག་གིས་དམའ་བའི་སྲིད་འཛིན་ས་ཁོངས་ཁག་གམ་ཡང་ན་འདེམས་ཁུལ་ཁག་གི་མི་འབོར་གྲངས་ལ་གཞིགས་ཏེ་འཐུས་མི་རེས་ཚབ་བྱེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འབོར་གྲངས་གཅིག་མཚུངས་ཡིན་པའི་རྩ་དོན་དང་། དེ་བཞིན་ས་གནས་ཁག་དང་། མི་རིགས་ཁག ཕྱོགས་ཁག་བཅས་ཚང་མར་འཐུས་མིའི་གྲངས་འབོར་འོས་འཚམ་ཡོད་པ་བྱེད་རྒྱུའི་བླང་བྱ་ལྟར་བགོ་འགྲེམས་བྱེད་དགོས། རྫོང་རིམ་མི་དམངས་འཐུས་མི་ཚོགས་ཆེན་ནང་མི་འབོར་ཆེས་ཉུང་བའི་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ལ་ཉུང་མཐར་ཡང་འཐུས་མི་གཅིག་རེ་ཡོད་དགོས།
དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ནང་གི་བཅིངས་འགྲོལ་དམག་གི་འཐུས་མིའི་མིང་སྐལ་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱེད་རྒྱུ།
ལེའུ་བཞི་པ། གྲངས་ཉུང་མི་རིགས་ཀྱི་འཐུས་མིའི་འདེམས་བསྐོ།
དོན་ཚན་བཅུ་བདུན་པ། མོན་པ་དང་ལྷོ་པ་སོགས་གྲངས་ཉུང་མི་རིགས་དང་། ཤར་པ་དང་ཏེང་པ་འདུས་སྡོད་བྱེད་སར་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་ནང་ཞུགས་མཁན་ས་ཁུལ་དེ་གའི་འཐུས་མི་ཡོད་དགོས། གྲངས་ཉུང་མི་རིགས་གཞན་དག་དང་རྒྱ་རིགས་གྲམ་སྡོད་བྱེད་སར《འདེམས་བསྐོའི་བཅའ་ཁྲིམས》ཀྱི་དོན་ཚན་ཉི་ཤུ་པའི་གཏན་འབེབས་གཞིར་བཟུང་གཉེར་སྒྲུབ་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། གྲངས་ཉུང་མི་རིགས་གཞན་དག་འདུས་སྡོད་བྱེད་སའི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བྱུང་སྟངས་ནི་ས་གནས་དེ་གའི་མི་རིགས་ཀྱི་འབྲེལ་བ་དང་སྡོད་གནས་ཀྱི་གནས་ཚུལ་ལ་གཞིགས་ཏེ་གྲངས་ཉུང་མི་རིགས་སོ་སོའི་འདེམས་དམངས་ཀྱིས་ལོགས་སུ་འདེམས་བསྐོ་བྱེད་པའམ་ཡང་ན་མཉམ་འབྲེལ་ཐོག་འདེམས་བསྐོ་བྱས་ན་འགྲིག
ལེའུ་ལྔ་པ། འདེམས་ཁུལ་དབྱེ་སྟངས།
དོན་ཚན་བཅུ་དགུ་པ། འདེམས་ཁུལ་དེ་སྡོད་གནས་ཀྱི་གནས་ཚུལ་ལ་གཞིགས་ཏེ་དབྱེ་ཆོག་ལ་ས་གནས་དེ་གའི་ཐོན་སྐྱེད་ཚན་པ་དང་། བྱ་གཞག་ཚན་པ། ལས་དོན་ཚན་པ་བཅས་ལ་གཞིགས་ནས་དབྱེ་ཆོག འཐུས་མི་གཅིག་ཀྱང་འདེམས་རྒྱུའི་མི་གྲངས་མ་འདང་ཚེ་ལས་རིགས་དབྱེ་བའམ་ཡང་ན་ཉེ་འབྲེལ་ཚན་པ་དང་མཉམ་འབྲེལ་ཐོག་འདེམས་ཁུལ་དབྱེ་ན་འགྲིག
འདེམས་ཁུལ་ཆེ་ཆུང་དེ་འདེམས་ཁུལ་རེ་ནས་འཐུས་མི་གཅིག་ནས་གསུམ་བར་འདེམས་རྒྱུར་གཞིགས་ནས་དབྱེ་རྒྱུ།
སྲིད་འཛིན་ས་ཁོངས་དེ་གའི་ནང་གི་འདེམས་ཁུལ་ཁག་གི་འཐུས་མི་མི་རེ་ངོ་རེས་ཚབ་བྱེད་པའི་མི་འབོར་དེ་ངེས་པར་དུ་སྤྱིའི་ཆར་གཅིག་མཚུངས་དགོས།
དོན་ཚན་ཉི་ཤུ་པ། གྲོང་ཁྱེར་ཁོངས་གཏོཌ་ཀྱི་ཆུད་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོཌ་ཆེན་གྱི་འཐུས་མིའི་མིང་སྐལ་དེ་འདེམས་ཁུལ་དུ་བགོ་འགྲེམས་བྱེད་རྒྱུ་དང་། འདེམས་ཁུལ་གཞིར་བཟུང་འདེམས་བསྐོ་བྱེད་རྒྱུ།
དོན་ཚན་ཉེར་གཅིག་པ། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་གྲོང་གསེབ་དང་འབྲོག་ཁུལ་དུ་རྩ་དོན་ཐོག་ཤང་སོ་སོ་བྱས་ནས་འདེམས་ཁུལ་དབྱེ་རྒྱུ་དང་། སྡོད་གནས་ཁ་ཐོར་ཡིན་པའི་ཤང་ལ་འདེམས་ཁུལ་འགའ་ཞིག་དབྱེ་ནའང་འགྲིག གྲོང་ཁྱེར་དང་གྲོང་རྡལ་རིགས་ལ་རྩ་དོན་ཐོག་གྲོང་མི་ཨུ་ཡོན་ལྷན་ཁང་སོ་སོ་བྱས་ནས་འདེམས་ཁུལ་དབྱེ་རྒྱུ། རང་སྐྱོང་ལྗོངས་དང་། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས) རྫོང་བཅས་ཀྱི་སྲིད་འཛིན་ས་ཁོངས་དེ་གའི་ནང་བཙུགས་པའི་ལས་ཁུངས་དང་། སློབ་གྲྭ། བཟོ་གཏེར། ཁེ་ལས་བྱ་གཞག་ཚན་པ། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བཅས་ཀྱིས་ཁོངས་གཏོགས་དང་ལས་རིགས་གཞིར་བཟུང་འདེམས་ཁུལ་ལོགས་སུ་དབྱེ་ཆོག་ལ་ཉེ་འབྲེལ་ཚན་པ་དང་མཉམ་འབྲེལ་ཐོག་འདེམས་ཁུལ་དབྱེ་ནའང་འགྲིག
དོན་ཚན་ཉེར་གཉིས་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་རྩ་དོན་ཐོག་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་གྲོང་མི་ཨུ་ཡོན་ལྷན་ཁང་སོ་སོ་བྱས་ནས་འདེམས་ཁུལ་དབྱེ་རྒྱུ།
ལེའུ་དྲུག་པ། འདེམས་དམངས་ཐོ་འགོད།
དོན་ཚན་ཉེར་གསུམ་པ། འདེམས་ཁུལ་གཞིར་བཟུང་འདེམས་དམངས་ཐོ་འགོད་བྱེད་རྒྱུ།
གདམ་བྱ་དང་འདེམས་བྱེད་ཀྱི་དབང་ཆ་ཡོད་པའི་སྤྱི་དམངས་ཡིན་ཕྱིན་ཚང་མས་ངེས་པར་དུ་འདེམས་དམངས་ཀྱི་ཐོ་འགོད་བྱེད་དགོས་ཤིང་། ཐོ་འགོད་བྱས་ནས་གཏན་འཁེལ་བྱུང་བའི་འདེམས་དམངས་ཀྱི་འོས་བབ་དེ་ཡུན་རིང་གོ་ཆོད་པ་ཡིན། ཐེངས་མི་རེ་ངོ་རེའི་འདེམས་བསྐོ་མ་བྱས་གོང་དེ་སྔོན་འདེམས་དམངས་ཐོ་འགོད་བྱས་རྗེས་རང་ལོ་བཅོ་བརྒྱད་ཟིན་པ་དང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་ལོ་དུས་ཐིམ་ནས་ཆབ་སྲིད་དབང་ཆ་སླར་གསོ་བྱུང་བའི་འདེམས་དམངས་ཡིན་ཕྱིན་ཐོ་འགོད་བྱས་ན་འགྲིག འདེམས་དམངས་ཐོ་འགོད་བྱས་རྗེས་དེ་སྔའི་འདེམས་ཁུལ་ནས་ཐེམ་ཐོ་བཏོན་རིགས་ད་ལྟའི་གནས་ཡུལ་གྱི་འདེམས་དམངས་ཀྱི་མིང་ཁོངས་སུ་འཇུག་དགོས་པ་དང་། འདས་གྲོངས་སོང་བ་དང་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་མི་རྣམས་འདེམས་དམངས་ཀྱི་ཐོ་ཁོངས་ནས་སུབ་དགོས།
འདེམས་བསྐོའི་དབང་ཆ་ལོངས་སུ་སྤྱོད་མི་ཐུབ་པའི་སྨྱོ་ནད་ཕོག་མཁན་རིགས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱས་རྗེས་འདེམས་དམངས་ཀྱི་མིང་ཐོའི་ནང་འཇུག་རྒྱུ་མེད། སྐབས་སྐབས་སུ་སྨྱོ་ནད་ལངས་མཁན་རིགས་ངེས་པར་དུ་འདེམས་དམངས་ཀྱི་ཁོངས་སུ་ཐོ་འགོད་བྱེད་དགོས་ཤིང་། ཡིན་ཡང་ནད་གཞི་ལངས་པའི་སྐབས་སུ་འདེམས་བསྐོའི་ནང་ཞུགས་མི་རུང་།
དོན་ཚན་ཉེར་བཞི་པ། འདེམས་དམངས་རྣམས་རང་གི་ཐེམ་ཐོ་ཡོད་སའི་འདེམས་ཁུལ་ལ་འདེམས་དམངས་ཀྱི་ཐོ་འགོད་བྱེད་དགོས་ཤིང་། ལས་ཁུངས་དང་། ཚོགས་པ། བཟོ་གཏེར། སློབ་གྲྭ། དེ་བཞིན་ཁེ་ལས་བྱ་གཞག་ཚན་པ་བཅས་ཀྱི་མི་སྣ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་རྣམས་ཚན་པ་དེ་གར་འདེམས་དམངས་ཀྱི་ཐོ་འགོད་བྱེད་དགོས། ལས་ཀ་དང་སློབ་སྦྱོང་བྱེད་ས་དང་ཐེམ་ཐོ་ཡོད་སའི་ས་ཆ་གཅིག་ལ་མིན་པའི་རིགས་དེ་སྔའི་འདེམས་ཁུལ་ནས་མོས་མཐུན་ཐོབ་རྗེས་ད་ལྟའི་ལས་ཀ་བྱེད་སའམ་ཡང་ན་སློབ་སྦྱོང་བྱེད་སའི་འདེམས་ཁུལ་དུ་འདེམས་དམངས་ཀྱི་ཐོ་འགོད་བྱེད་དགོས། ལས་འཁྱུར་དང་རྒན་ཡོལ་ཞུས་པའི་མི་རྣམས་ཐེམ་ཐོ་ཡོད་སར་འདེམས་དམངས་ཀྱི་ཐོ་འགོད་བྱེད་དགོས་ཤིང་། ཐེམ་ཐོ་ཡོད་ས་ནས་མོས་མཐུན་ཐོབ་རྗེས་དེ་སྔའི་ཚན་པའམ་ཡང་ན་ད་ལྟའི་སྡོད་སར་འདེམས་དམངས་ཀྱི་ཐོ་འགོད་བྱས་ན་འགྲིག
ཐེམ་ཐོའི་འགྲོ་ལུགས་གཉེར་མེད་པར་གནས་སྤོས་བྱས་ནས་ཡོང་མཁན་ཕྱོགས་མིའི་རིགས་ས་གནས་དེ་གར་གནས་སྐབས་སྡོད་པ་མ་ཟད་དེ་སྔའི་འདེམས་ཁུལ་གྱི་འདེམས་དམངས་འོས་ཐོབ་དཔང་ཡིག་རག་པ་དང་རང་ཉིད་ཀྱི་མོས་མཐུན་ཡོད་ཚེ། ད་ལྟ་གནས་སྡོད་བྱེད་སའི་འདེམས་ཁུལ་དུ་འདེམས་དམངས་ཀྱི་ཐོ་འགོད་བྱས་ན་འགྲིག
དོན་ཚན་ཉེར་ལྔ་པ། རྩ་འཛུགས་ཀྱིས་དངོས་སུ་རང་སྐྱོང་ལྗོངས་སུ་དུས་ཐུང་ལས་ཀ་བྱེད་པར་ལས་སྒྱུར་བྱས་ཀྱང་ཐེམ་ཐོ་བསྒྱུར་མེད་པའི་བོད་སྐྱོར་མི་སྣ་ཡིན་ཕྱིན། ངེས་པར་དུ་འདེམས་དམངས་ཀྱི་ཐོ་འགོད་བྱས་ནས་ལས་ཀ་བྱེད་སའི་འདེམས་ཁུལ་གྱི་འདེམས་བསྐོར་ཞུགས་དགོས། འདེམས་བསྐོའི་ལས་དོན་ཚན་པས་ངེས་པར་དུ་དེའི་ཐེམ་ཐོ་ཡོད་སར་འདེམས་དམངས་ཀྱི་ཐོ་འགོད་བསྐྱར་དུ་མི་བྱེད་རྒྱུའི་བརྡ་ཐོ་གཏོང་དགོས།
དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་ནས་ཡིན་པའི་ཕྱི་རྒྱལ་དུ་སྡོད་མཁན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རྣམས་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་རིང་རྒྱལ་ནང་དུ་བསྡད་ཡོད་ཚེ། རང་གི་སྐྱེ་ཡུལ་ལམ་ཡང་ན་ཕྱི་རྒྱལ་དུ་མ་འགྲོ་གོང་གི་སྡོད་སའི་འདེམས་ཁུལ་དུ་འདེམས་དམངས་ཀྱི་ཐོ་འགོད་བྱས་ན་འགྲིག
དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱེད་མཁན་མི་དམངས་བཅིངས་འགྲོལ་དམག་ཁོངས་གཏོགས་ཀྱི་ཚན་པའི་ནང་གི་དམག་མི་མ་ཡིན་པའི་རིགས་དང་དམག་མིའི་བཟའ་ཟླའི་རིགས《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོཌ་ཆེན་དང་རྫོང་རིམ་ཡན་གྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འདེམས་དམངས་ཀྱི་ཐོ་འགོད་བྱེད་རྒྱུ།
དོན་ཚན་ཉེར་བརྒྱད་པ། འདེམས་དམངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་རྗེས་འདེམས་བསྐོ་མ་བྱས་གོང་འདེམས་དམངས་ཀྱི་སྡོད་གནས་སམ་ཡང་ན་ལས་ཁུངས་བརྗེ་སྒྱུར་བྱས་རིགས་དེ་སྔའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་འདེམས་དམངས་ལག་ཁྱེར་དང་། གནས་སྤོ་དང་ལས་སྒྱུར་གྱི་ངོ་སྤྲོད་ཁྱེར་ནས་སྡོད་གནས་གསར་པའམ་ཡང་ན་ལས་ཁུངས་གསར་པ་ཡོད་སའི་འདེམས་ཁུལ་དུ་ཐོ་འགོད་བརྗེ་སྒྱུར་བྱས་ན་འགྲིག
དོན་ཚན་ཉེར་དགུ་པ། འདེམས་དམངས་ཐོ་འགོད་བྱེད་མཚམས་བཞག་ནས་འདེམས་བསྐོ་བྱེད་པའི་བར་འདེམས་དམངས་ཐེམ་ཐོ་ཚུར་འཇུག་དང་ཕར་འདོན་བྱས་པ་དང་། འདས་གྲོངས་སོང་བ་སོགས་ཀྱི་འགྱུར་བ་བྱུང་ཚེ་ངེས་པར་དུ་མིང་ཁོངས་སུ་ཐོ་གསར་པ་འགོད་པའམ་ཡང་ན་མིང་ཁོངས་ནས་སུབ་དགོས། དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་འདེམས་བསྐོའི་དུས་ཚེས་འགྱངས་དགོས་ཚེ་འདེམས་བསྐོ་འགྱངས་པའི་རིང་གལ་ཏེ་སྤྱི་དམངས་རང་ལོ་བཅོ་བརྒྱད་ལོན་ཚེ་ངེས་པར་དུ་ཁྲིམས་ལྟར་འདེམས་དམངས་ཀྱི་ཐོ་འགོད་བྱེད་དགོས།
དོན་ཚན་སུམ་ཅུ་པ། འདེམས་དམངས་ཀྱི་ལོ་ཚད་བརྩི་སྟངས་དེ་ངེས་པར་དུ་ས་ཁུལ་དེ་གའི་འདེམས་བསྐོའི་ཉིན་མོར་གཞིགས་ནས་བརྩི་དགོས།
འདེམས་དམངས་ཀྱི་རང་ལོ་གཏན་འཁེལ་བྱེད་མ་ཐུབ་ཚེ་ཐེམ་ཐོར་འཁོད་པའི་གྲངས་གཞི་ལྟར་བརྩི་རྒྱུ།
དོན་ཚན་སོ་གཅིག་པ། འདེམས་དམངས་ཀྱི་མིང་ཐོ་དེ་ངེས་པར་དུ་འདེམས་བསྐོ་མ་བྱས་གོང་གི་ཉིན་ཉི་ཤུའི་སྔོན་དུ་ཁྱབ་བསྒྲཌ་བྱེད་དགོས་པ་དང་། འདེམས་དམངས་ཀྱི་ལག་ཁྱེར་ལ་བརྟེན་ནས་འདེམས་ཤོག་འཕངས་ཏེ་འདེམས་བསྐོའི་ནང་ཞུགས་རིགས་ལ་ངེས་པར་དུ་འདེམས་དམངས་ལག་ཁྱེར་སྤྲོད་དགོས།
དོན་ཚན་སོ་གཉིས་པ། ཁྱབ་བསྒྲགས་བྱས་པའི་འདེམས་དམངས་ཀྱི་མིང་ཐོར་བསམ་འཆར་མི་འདྲ་བ་ཡོད་ཚེ་འདེམས་དམངས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ཉིན་ལྔའི་ནང་ཚུན་དུ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ལ་ཞུ་སྦྱོར་བྱས་ཆོག འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་གསུམ་གྱི་ནང་ཚུན་དུ་འདི་བྱས་འདི་མིན་གྱི་ཐག་གཅོད་གཏན་འབེབས་བྱེད་དགོས། ཞུ་སྦྱོར་བྱེད་མཁན་གྱིས་གལ་ཏེ་ཐག་གཅོད་གཏན་འབེབས་ལ་བློ་མོས་མ་བྱུང་ཚེ་འདེམས་བསྐོ་མ་བྱས་གོང་གི་ཉིན་ལྔའི་གོང་དུ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ན་འགྲིག་པ་དང་། མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་འདེམས་བསྐོ་མ་བྱས་གོང་དུ་དཔྱད་མཚམས་གཏོང་དགོས། མི་དམངས་ཁྲིམས་ཁང་ནས་དཔྱད་མཚམས་བཏང་བ་དེ་མཐའ་མཇུག་གི་གཏན་འབེབས་ཡིན།
ལེའུ་བདུན་པ། འཐུས་མིའི་འོས་མི་འདོན་སྟངས།
དོན་ཚན་སོ་གསུམ་པ། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འོས་མི་དེ་འདེམས་ཁུལ་ལམ་ཡང་ན་འདེམས་བསྐོའི་ཚན་པས་མིང་འདོན་བྱས་ནས་ཐོན་རྒྱུ།
སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་ལམ་ཡང་ན་ལོགས་སུ་འཐུས་མིའི་འོས་མི་འོས་སྦྱོར་བྱས་ན་འགྲིག འདེམས་དམངས་སམ་ཡང་ན་འཐུས་མི་བཅུ་ཡན་གྱི་མིང་མཉམ་བཀོད་ཐོག་ནས་འཐུས་མིའི་འོས་མི་འོས་སྦྱོར་བྱས་ནའང་འགྲིག འོས་སྦྱོར་བྱེད་མཁན་གྱིས་འོས་མི་འོས་སྦྱོར་བྱེད་སྐབས་ངེས་པར་དུ་ཡིག་ཐོག་ནས་འོས་སྦྱོར་བྱེད་དགོས་པ་དང་། འོས་སྦྱོར་བྱེད་མཁན་གྱིས་ངེས་པར་དུ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་འོས་མིའི་གནས་ཚུལ་ངོ་སྤྲོད་བྱེད་དགོས། འོས་སྦྱོར་དང་ལེན་བྱེད་མཁན་འཐུས་མིའི་འོས་མིས་ངེས་པར་དུ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་མི་སྒེར་གྱི་མིང་བབ་དང་ལོ་རྒྱུས་མདོར་བསྡུས་སོགས་གཞི་རྩའི་གནས་ཚུལ་ཇི་མ་ཇི་བཞིན་མཁོ་འདོན་བྱེད་དགོས། མཁོ་འདོན་བྱས་པའི་གཞི་རྩའི་གནས་ཚུལ་རྣམས་དོན་དངོས་དང་མ་མཐུན་ཚེ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ངེས་པར་དུ་འདེམས་དམངས་སམ་ཡང་ན་འཐུས་མིར་བརྡ་ཁྱབ་གཏོང་དགོས།
སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་ལམ་ཡང་ན་ལོགས་སུ་འོས་སྦྱོར་བྱས་པའི་འཐུས་མིའི་འོས་མིའི་མི་གྲངས་དང་། འདེམས་དམངས་མི་རེ་ངོ་རེའམ་ཡང་ན་འཐུས་མིས་མིང་མཉམ་བཀོད་ཐོག་ནས་འོས་སྦྱོར་བྱས་པའི་འཐུས་མིའི་འོས་མིའི་མི་གྲངས་དེ་འདེམས་ཁུལ་དེའམ་ཡང་ན་འདེམས་བསྐོའི་ཚན་པས་ངེས་པར་དུ་འདེམས་དགོས་པའི་མིང་སྐལ་ལས་བརྒལ་མི་ཆོག
སྲིད་ཏང་དང་། མི་དམངས་ཚོགས་པ་དང་འདེམས་དམངས་སམ་ཡང་ན་འཐུས་མི་བཅས་ཀྱིས་འོས་སྦྱོར་བྱས་པའི་འོས་མི་དེ་ངེས་པར་དུ་འཐུས་མིའི་འོས་མིའི་མིང་ཐོའི་ཁོངས་སུ་འཇུག་དགོས་ཤིང་། འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོཌ་ཆེན་གྱི་ཀྲུའུ་ཞི་ཚོགས་པས་བརྗེ་པོ་རྒྱག་པ་དང་སྣོན་འཕྲི་བྱེད་མི་ཆོག
དོན་ཚན་སོ་བཞི་པ། འདེམས་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐད་ཀར་འདེམས་དགོས་པའི་རིགས་འཐུས་མིའི་འོས་མི་དེ་འདེམས་ཁུལ་སོ་སོའི་འདེམས་དམངས་དང་། སྲིད་ཏང་། མི་དམངས་ཚོགས་པ་བཅས་ཀྱིས་མིང་འདོན་འོས་སྦྱོར་བྱེད་རྒྱུ། དེ་དག་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ནས་ཕྱོགས་བསྡོམས་བྱས་རྗེས་འཐུས་མིའི་འོས་མིའི་མིང་ཐོ་དང་འཐུས་མིའི་འོས་མིའི་གཞི་རྩའི་གནས་ཚུལ་རྣམས་འདེམས་བསྐོ་མ་བྱས་གོང་གི་ཉིན་བཅོ་ལྔའི་སྔོན་དུ་ཁྱབ་བསྒྲགས་བྱེད་དགོས་པ་མ་ཟད་འདེམས་ཁུལ་སོ་སོའི་འདེམས་དམངས་ཚོགས་ཆུང་ལ་སྤྲད་ནས་གྲོས་བསྡུར་དང་གྲོས་མོལ་བྱེད་དུ་བཅུག་སྟེ་འདེམས་དམངས་མང་ཆེ་བའི་བསམ་འཆར་གཞིར་བཟུང་དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་གཏན་འཁེལ་བྱེད་རྒྱུ། དངོས་གཞིའི་འཐུས་མིའི་འོས་མིར་བསམ་འཆར་གཅིག་མཐུན་མ་བྱུང་ཚེ་གྲ་སྒྲིག་འདེམས་བསྐོ་བྱས་ནས་གྲ་སྒྲིག་འདེམས་བསྐོ་བྱེད་སྐབས་ཀྱི་འདེམས་ཤོག་ཐོབ་མང་ཉུང་གི་གོ་རིམ་ལ་གཞིགས་ཏེ་དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་གཏན་འཁེལ་བྱེད་རྒྱུ། གྲ་སྒྲིག་འདེམས་བསྐོའི་ཞིབ་ཕྲའི་བྱ་ཐབས་དེ་རིམ་པ་དེ་གའི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་བཟོས་ནས་ལག་བསྟར་བྱེད་རྒྱུ།
དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་དང་འཐུས་མིའི་འོས་མིའི་གཞི་རྩའི་གནས་ཚུལ་དེ་ངེས་པར་དུ་འདེམས་བསྐོ་མ་བྱས་གོང་གི་ཉིན་བདུན་གྱི་སྔོན་དུ་ཁྱབ་བསྒྲགས་བྱེད་དགོས།
རྫོང་རིམ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོཌ་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་འཐུས་མིའི་འོས་མི་མིང་འདོན་དང་ནང་མོལ་བྱེད་པའི་དུས་ཚོད་དེ་ཉིན་གཉིས་ལས་མི་ཉུང་བ་བྱེད་དགོས། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་ཁག་གིས་ཁྲིམས་ལྟར་བཏོན་པའི་འཐུས་མིའི་འོས་མིའི་མིང་ཐོ་དང་འཐུས་མིའི་འོས་མིའི་གཞི་རྩའི་གནས་ཚུལ་འཐུས་མི་ཡོངས་ལ་པར་འགྲེམས་བྱེད་རྒྱུ་དང་། འཐུས་མི་ཡོངས་ནས་ནང་མོལ་དང་གྲོས་བསྡུར་བྱས་ཏེ་འཐུས་མི་མང་ཆེ་བའི་བསམ་འཆར་གཞིར་བཟུང་དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་གཏན་འཁེལ་བྱེད་རྒྱུ།
དོན་ཚན་སོ་ལྔ་པ། རྫོང་རིམ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས། འཐུས་མིའི་འོས་མི་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོཌ་ཆེན་ཁག་གི་འཐུས་མི་ཁོ་ན་ཡིན་དགོས་པའི་ངེས་པ་མེད། འདེམས་དམངས་ཀྱིས་ཐད་ཀར་འདེམས་རྒྱུའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འོས་མི་དེ་སྤྱིར་ན་འདེམས་ཁུལ་དེ་གའི་འདེམས་དམངས་ཡིན་དགོས་ཀྱང་འདེམས་ཁུལ་དེ་གའི་འདེམས་དམངས་མིན་ནའང་འགྲིག
དོན་ཚན་སོ་དྲུག་པ། དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་དེ་ངེས་པར་དུ་བོད་ཡིག་ཀ་མད་ཀྱི་གོ་རིམ་མམ་ཡང་ན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡིག་རིགས་ཀྱི་པིར་རིས་ཀྱི་གོ་རིམ་གཞིར་བཟུང་སྒྲིག་དགོས།
དོན་ཚན་སོ་བདུན་པ། རང་སྐྱོང་ལྗོངས་དང་། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས)གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད། རྫོང་བཅས་ཀྱི་ཚན་པའི་ལས་བྱ་གཞི་རིམ་འདེམས་ཁུལ་གྱི་འཐུས་མིའི་འོས་མིར་འོས་སྦྱོར་བྱེད་སྐབས་ངེས་པར་དུ་འོས་སྦྱོར་བྱེད་མཁན་གྱིས་གནས་ཚུལ་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་ནས་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་དགོས་པ་མ་ཟད། འདེམས་དམངས་ཀྱིས་རྒྱུས་མངའ་ཆེ་ཙམ་ཡོད་པའི་འདེམས་ཁུལ་དུ་འོས་སྦྱོར་བྱེད་དགོས།
དོན་ཚན་སོ་བརྒྱད་པ། འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ངེས་པར་དུ་འདེམས་དམངས་སམ་ཡང་ན་འཐུས་མིར་འཐུས་མིའི་འོས་མིའི་གནས་ཚུལ་ངོ་སྤྲོད་བྱེད་དགོས། འཐུས་མིའི་འོས་མི་འོས་སྦྱོར་བྱེད་མཁན་སྲིད་ཏང་དང་། མི་དམངས་ཚོགས་པ། འདེམས་དམངས། འཐུས་མི་བཅས་ཀྱིས་འདེམས་དམངས་ཚོཌ་ཆུང་ངམ་ཡང་ན་འཐུས་མི་ཚོགས་ཆུང་གི་ཚོགས་འདུའི་ཐོག་རང་གིས་འོས་སྦྱོར་བྱས་པའི་འཐུས་མིའི་འོས་མིའི་གནས་ཚུལ་རྣམས་ངོ་སྤྲོད་བྱེད་དགོས། འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་འདེམས་དམངས་སམ་ཡང་ན་འཐུས་མིའི་རེ་བ་གཞིར་བཟུང་ངེས་པར་དུ་འཐུས་མིའི་འོས་མི་དེ་འདེམས་དམངས་སམ་ཡང་ན་འཐུས་མི་དང་ངོ་འཕྲད་བྱེད་དུ་འཇུག་དགོས་པ་དང་། འཐུས་མིའི་འོས་མིས་རང་སོ་སོའི་གནས་ཚུལ་ངོ་སྤྲོད་བྱེད་དགོས་པ། འདེམས་དམངས་སམ་ཡང་ན་འཐུས་མིས་བཏོན་པའི་གནད་དོན་ལ་ལན་འདེབས་བཅས་བྱེད་དགོས། འོན་ཀྱང་འདེམས་བསྐོའི་ཉིན་མོར་ངེས་པར་དུ་འཐུས་མིའི་འོས་མི་ངོ་སྤྲོད་བྱེད་མཚམས་འཇོག་དགོས།
ལེའུ་བརྒྱད་པ། འདེམས་བསྐོའི་གོ་རིམ།
དོན་ཚན་སོ་དགུ་པ། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་ངེས་པར་དུ་ཁྲིམས་གཏན་འཁེལ་བའི་གོ་རིམ་གཞིར་བཟུང་བྱེད་དགོས་པ་མ་ཟད། ལྟ་སྐུལ་དང་ལེན་ཡང་ཞུ་དགོས། ཚན་པ་གང་རུང་ཞིག་གམ་ཡང་ན་མི་སྒེར་སུ་འདྲ་ཞིག་གིས་ཀྱང་བྱེད་སྟངས་གང་རུང་གི་ཐོག་ནས་འདེམས་དམངས་སམ་ཡང་ན་འཐུས་མིས་རང་མོས་ཐོག་འདེམས་བསྐོའི་དབང་ཆ་སྤྱོད་པར་ཐེ་གཏོགས་བྱེད་མི་ཆོག
སྤྱི་དམངས་ནས་རིམ་ཁག་མི་དམངས་འཐུས་མི་ཚོཌ་ཆེན་གྱི་འཐུས་མིའི་འདེམས་བསྐོའི་ནང་ཞུགས་སྐབས་རྒྱལ་ཁོངས་ཕྱིའི་ཚན་པ་དང་། རྩ་འཛུཌ། མི་སྒེར་བཅས་ནས་མཁོ་འདོན་བྱས་པའི་རྣམ་པ་གང་རུང་གི་རོགས་དངུལ་ཐད་ཀར་རམ་ཡང་ན་གཞན་བརྒྱུད་དེ་ལེན་མི་ཆོག
ནང་ཚན་འདིའི་གཏན་འབེབས་ལས་འགལ་བའི་གནས་ཚུལ་ཡོད་རིགས། འཐུས་མིའི་འོས་མིའི་མིང་ཐོའི་ནང་འཇུག་རྒྱུ་མེད་པ་དང་། འཐུས་མིའི་འོས་མིའི་མིང་ཐོའི་ནང་བཅུག་ཡོད་ཚེ་མིང་ཐོའི་ནང་ནས་འབུད་རྒྱུ། བདམས་ཐོན་བྱུང་རིགས་དེ་རྩིས་མེད་དུ་གཏོང་རྒྱུ།
དོན་ཚན་བཞི་བཅུ་པ། འདེམས་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐད་ཀར་འདེམས་བསྐོ་བྱེད་སྐབས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་གཞིར་བཟུང་རང་གི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་འདེམས་དམངས་ལག་ཁྱེར་ལ་གཞིགས་ཏེ་འདེམས་ཤོག་ལེན་དགོས། འདེམས་དམངས་ལག་ཁྱེར་གཞན་ལ་གཡར་མི་ཆོག
དོན་ཚན་ཞེ་གཅིག་པ། འདེམས་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐད་ཀར་འདེམས་བསྐོ་བྱེད་སྐབས། འདེམས་ཁུལ་གྱིས་འདེམས་བསྐོའི་ཚོགས་ཆེན་ཚོགས་ནས་འདེམས་བསྐོ་བྱས་ཆོག་ལ། འདེམས་ཤོག་འཕེན་སའི་ས་ཚུགས་དང་སྐོར་སྐྱོད་འདེམས་ཤོག་འཕེན་སྒམ་སོགས་བཟོས་ནས་འདེམས་བསྐོ་བྱས་ནའང་འགྲིག
འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་འདེམས་ཁུལ་སོ་སོའི་ཁྱབ་ཚུལ་ལ་གཞིགས་ཏེ་འདེམས་དམངས་ལ་འདེམས་ཤོག་འཕེན་བདེ་བ་ཡོང་བའི་རྩ་དོན་གཞིར་བཟུང་འདེམས་ཤོག་འཕེན་སའི་ས་ཚུགས་བཟོས་ནས་འདེམས་བསྐོ་བྱེད་དགོས། འདེམས་དམངས་སྡོད་ས་ཅུང་གཅིག་སྡུད་ཡིན་ཚེ་འདེམས་བསྐོའི་ཚོགས་ཆེན་སྐོང་ཚོགས་བྱས་ནས་འདེམས་བསྐོ་བྱས་ན་འགྲིག ནད་གཞི་ཕོག་པ་སོགས་ཀྱི་རྐྱེན་པས་འགྲོ་སྐྱོད་སྟབས་བདེ་མེད་པའམ་ཡང་ན་སྡོད་གནས་ཁ་ཐོར་ཡིན་པའི་རྐྱེན་གྱིས་འགྲིམ་འགྲུལ་སྟབས་བདེ་མེད་པའི་འདེམས་དམངས་ལ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ལས་བྱ་གཉིས་ཡན་སྒྲིག་འཛུགས་བྱས་ཏེ་སྐོར་སྐྱོད་འདེམས་ཤོག་འཕེན་སྒམ་འཁྱེར་ནས་སྒོ་རྩར་བསྐྱོད་དེ་འདེམས་བསྐོ་བྱས་ན་འགྲིག སྐོར་སྐྱོད་འདེམས་ཤོག་འཕེན་སྒམ་ནང་གི་འདེམས་ཤོག་རྣམས་ངེས་པར་དུ་འདེམས་ཁུལ་དེ་གའི་འདེམས་ཤོག་རྩིས་མ་བརྒྱབ་གོང་འཕེན་ཚར་པ་བྱེད་དགོས།
རྫོང་དང་ཤང་རིམ་པ་གཉིས་དུས་གཅིག་ཏུ་འདེམས་བསྐོ་བྱེད་སྐབས་འདེམས་ཤོག་འཕེན་སའི་ས་ཚུགས་གཅིག་རང་དུ་ཁག་སོ་སོར་འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱས་ན་འགྲིག
འདེམས་དམངས་ཀྱིས་ཐད་ཀར་འདེམས་བསྐོའི་འདེམས་ཤོག་འཕེན་པའི་དུས་ཚོད་དེ་སྤྱིར་ན་ཉིན་གཅིག་ཡིན་པ་དང་། སྐོར་སྐྱོད་རང་བཞིན་ཆེ་བ་དང་། སྡོད་གནས་ཁ་ཐོར་ཡིན་པ། འགྲིམ་འགྲུལ་སྟབས་བདེ་མེད་པ་བཅས་ཀྱི་འདེམས་ཁུལ་དུ་འདེམས་བསྐོ་བྱས་ཉིན་ནས་བཟུང་ཉིན་གསུམ་ནང་ཚར་བ་བྱས་ན་འགྲིག་པ་དང་། དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་དུས་ཚོད་འགྱངས་དགོས་ཚེ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱེད་རྒྱུ། འདེམས་ཤོག་ཉིན་གཉིས་ཡན་འཕེན་དགོས་ཚེ། འཕངས་ཟིན་པའི་འདེམས་ཤོག་རྣམས་ངེས་པར་དུ་འདེམས་ཤོག་ལྟ་བཤེར་བས་ཐམ་མནན་དམ་འཇུག་བྱེད་དགོས་པ་མ་ཟད། ཉར་ཚགས་ཡག་པོ་བྱེད་དགོས།
དོན་ཚན་ཞེ་གཉིས་པ། རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་ཁག་གིས་གཙོ་སྐྱོང་བྱེད་རྒྱུ།
དོན་ཚན་ཞེ་གསུམ་པ། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འདེམས་བསྐོ་ཚང་མར་མིང་མ་བཀོད་པའི་ཐོག་ནས་འདེམས་ཤོག་འཕེན་པའི་བྱ་ཐབས་སྤྱོད་རྒྱུ། འདེམས་བསྐོ་བྱེད་སྐབས་ངེས་པར་དུ་འདེམས་ཤོག་གསང་བའི་ཐོག་འབྲི་ས་བཟོས་ནས་འདེམས་ཤོག་འབྲི་དགོས་པ་དང་། ངེས་པར་དུ་བོད་ཡིག་གམ་ཡང་ན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡིག་རིགས་ཐོག་ནས་འབྲི་དགོས།
དོན་ཚན་ཞེ་བཞི་པ། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་མ་བྱས་གོང་ངེས་པར་དུ་གཤམ་གསལ་གྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་སྟེ།
(གཅིག)འདེམས་བསྐོ་མ་བྱས་གོང་གི་ཉིན་ལྔའི་སྔོན་ནས་འདེམས་ཁུལ་ཁག་གིས་འདེམས་བསྐོའི་དུས་ཚེས་དང་། འདེམས་ཤོག་འཕེན་པའི་དུས་ཚོད། འདེམས་ཤོག་འཕེན་ས་བཅས་ཡང་བསྐྱར་ཁྱབ་བསྒྲགས་བྱེད་དགོས་པ་དང་།
(གཉིས)འདེམས་ཤོག་གཅིག་གྱུར་ཐོག་པར་རྒྱག་བྱེད་དགོས་པ་མ་ཟད། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཐམ་གའང་རྒྱག་དགོས་པ་དང་། འདེམས་ཤོག་ཐོག་གི་འཐུས་མིའི་འོས་མིའི་མིང་ཐོ་དེ་བོད་ཡིག་ཀ་མད་ཀྱི་གོ་རིམ་མམ་ཡང་ན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡིག་རིགས་ཀྱི་པིར་རིས་གོ་རིམ་བཞིན་སྒྲིག་དགོས་པ།
(གསུམ)འདེམས་བསྐོ་མ་བྱས་གོང་དུ་འདེམས་ཁུལ་ཁག་གིས་ངེས་པར་དུ་འདེམས་དམངས་ཀྱི་མི་གྲངས་ཞིབ་དཔྱད་བྱས་ཏེ། འདེམས་བསྐོའི་ཉིན་མོར་འདེམས་ཤོག་འཕེན་པའི་ནང་ཞུགས་ཐུབ་མཁན་གྱི་མི་གྲངས་དང་། ཚབ་བྱེད་འདེམས་ཤོག་འཕེན་མཁན་གྱི་མི་གྲངས། འདེམས་ཤོག་འཕེན་པའི་ནང་ཞུགས་མ་ཐུབ་པའི་མི་གྲངས་བཅས་རྩིས་རྒྱག་དགོས་པ།
(བཞི)ཚོགས་འདུ་ཚོགས་ས་དང་འདེམས་ཤོག་འཕེན་སའི་ས་ཚུགས་བཟོ་དགོས་པ།
(ལྔ)འདེམས་དམངས་སྒྲིག་འཛུཌ་བྱས་ནས་འདེམས་ཤོག་ལྟ་བཤེར་བ་དང་འདེམས་ཤོག་རྩིས་བཤེར་བ་ཁ་ཤས་འོས་འདེམས་བྱེད་དགོས་པ།
(དྲུག)འདེམས་བསྐོའི་འདེམས་ཤོག་འཕེན་ཐབས་དང་ཡིད་གཟབ་བྱེད་དགོས་པའི་དོན་གནད་བཟོ་འབེབས་བྱེད་དགོས་པ།
(བདུན)གྲ་སྒྲིག་གི་ལས་དོན་གཞན་དག་བཅས་སོ།
དོན་ཚན་ཞེ་ལྔ་པ། འདེམས་བསྐོའི་ཚོགས་ཆེན་ཐོག་གཙོ་སྐྱོང་པས་ངེས་པར་དུ་འདེམས་དམངས་ལ་འདེམས་ཁུལ་དེ་གའི་འདེམས་དམངས་ཀྱི་ཐོ་འགོད་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་། དངོས་གཞིའི་འཐུས་མིའི་འོས་མིའི་མིང་ཐོ་དང་འདེམས་ཤོག་འཕེན་སྐབས་དོ་སྣང་བྱེད་དགོས་པའི་དོན་གནད་ཁྱབ་བསྒྲགས་བྱས་ཏེ་འདེམས་དམངས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་འདེམས་ཤོག་འཕེན་རྒྱུ་སྒྲིག་འཛུགས་བྱེད་དགོས།
དོན་ཚན་ཞེ་དྲུག་པ། འདེམས་དམངས་ཡིག་རྨོངས་བ་དང་དབང་པོ་སྐྱོན་ཅན་ཡིན་པའམ་ཡང་ན་རྒྱུ་རྐྱེན་གཞན་དག་གི་རྐྱེན་པས་འདེམས་ཤོག་འབྲི་མི་ཐུབ་ཚེ། མི་གཞན་ཞིག་ལ་རང་གི་ཚབ་བྱས་ནས་འདེམས་ཤོག་འབྲི་རྒྱུའི་མངག་བྱ་བྱས་ཆོག ཚབ་བྱེད་མཁན་དེས་ངེས་པར་དུ་འདེམས་དམངས་རང་གི་འདོད་བློ་བཞིན་འབྲི་དགོས།
འདེམས་དམངས་འདེམས་ཤོག་འཕེན་པའི་ནང་ཞུགས་མ་ཐུབ་ཚེ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་མོས་མཐུན་ཐོབ་པ་བརྒྱུད་ཡིག་ཐོག་གམ་ཡང་ན་ངག་ཐོག་གང་རུང་ནས་འདེམས་དམངས་གཞན་ཞིག་ལ་རང་གི་ཚབ་བྱས་ནས་འདེམས་ཤོག་འཕེན་རྒྱུའི་མངག་བྱ་བྱས་ན་འགྲིག འདེམས་དམངས་གཅིག་གིས་མི་གསུམ་མན་གྱི་མངག་བྱ་ལས་ཁས་ལེན་བྱེད་མི་ཆོག་པ་མ་ཟད། ངེས་པར་དུ་མངག་བྱ་བྱེད་མཁན་གྱི་འདོད་བློ་གཞིར་བཟུང་འདེམས་ཤོག་འཕེན་རྒྱུའི་ཚབ་བྱེད་དགོས།
དོན་ཚན་ཞེ་བདུན་པ། འདེམས་དམངས་སམ་ཡང་ན་འཐུས་མིས་འཐུས་མིའི་འོས་མིར་མོས་མཐུན་ཡོད་པའི་འདེམས་ཤོག་འཕངས་ན་འགྲིག་ལ་མོས་མཐུན་མེད་པའི་འདེམས་ཤོག་འཕངས་ནའང་འགྲིག ཡང་ན་འདེམས་དམངས་གཞན་ཞིག་བདམས་ནའང་འགྲིག་ལ་དབང་ཆ་དོར་ནའང་འགྲིག
དོན་ཚན་ཞེ་བརྒྱད་པ། འཐུས་མིའི་འོས་མི་དང་དེའི་གཉེན་ཚན་གྱིས་འདེམས་ཤོག་ལྟ་བཤེར་བ་དང་འདེམས་ཤོག་རྩིས་བཤེར་བའི་འགན་འཁུར་མི་ཆོག
དོན་ཚན་ཞེ་དགུ་པ། འདེམས་ཤོག་འཕེན་མཇུག་འགྲིལ་རྗེས་འདེམས་དམངས་སམ་ཡང་ན་འཐུས་མིས་འོས་སྦྱོར་བྱས་པའི་འདེམས་ཤོག་ལྟ་བཤེར་བ་དང་། འདེམས་ཤོག་རྩིས་བཤེར་བ། འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མི་སྣ་བཅས་ཀྱིས་འདེམས་ཤོག་འཕེན་མཁན་གྱི་མི་གྲངས་དང་འདེམས་ཤོག་གི་གྲངས་འབོར་ལ་ཞིབ་བསྡུར་བྱས་ནས་ཟིན་ཐོ་འགོད་དགོས་པ་མ་ཟད། འདེམས་བསྐོའི་ཚོགས་ཆེན་གྱི་གཙོ་སྐྱོང་བ་དང་། འདེམས་ཤོག་ལྟ་བཤེར་བ། འདེམས་ཤོག་རྩིས་བཤེར་བ་བཅས་ཀྱི་མིང་རྟགས་འགོད་རྒྱུ།
དོན་ཚན་ལྔ་བཅུ་པ། འདེམས་བསྐོ་བྱེད་ཐེངས་རེར་འཕངས་པའི་འདེམས་ཤོག་གི་གྲངས་འབོར་དེ་འདེམས་ཤོག་འཕེན་མཁན་གྱི་མི་གྲངས་ལས་མང་བ་ཡོད་ན་རྩིས་འགྲོ་མེད་པ་དང་། འདེམས་ཤོག་འཕེན་མཁན་གྱི་མི་གྲངས་དང་མཚུངས་པའམ་ཡང་ན་ཉུང་བ་ཡོད་ན་རྩིས་འགྲོ་ཡོད།
འདེམས་ཤོག་མི་རེ་ངོ་རེའི་ནང་བདམས་པའི་མི་གྲངས་དེ་གཏན་འབེབས་ལྟར་འདེམས་དགོས་པའི་འཐུས་མིའི་མི་གྲངས་ལས་མང་བ་ཡོད་ན་རྩིས་མེད་དུ་གཏོང་རྒྱུ་དང་། གཏན་འབེབས་ལྟར་འདེམས་དགོས་པའི་འཐུས་མིའི་མི་གྲངས་དང་མཚུངས་པའམ་ཡང་ན་ཉུང་བ་ཡོད་ན་རྩིས་འགྲོ་ཡོད།
འཕེན་པའི་འདེམས་ཤོག་ཐད་རྩིས་འགྲོ་ཡོད་མེད་ཀྱི་དཀའ་གནད་འཕྲད་སྐབས་འདེམས་ཁུལ་གྱི་འདེམས་བསྐོའི་ཚོགས་ཆེན་གྱི་གཙོ་སྐྱོང་པ་དང་འདེམས་ཤོག་ལྟ་བཤེར་བས་ཐུན་མོང་ཐོག་ཞིབ་འཇུག་གིས་གཏན་འཁེལ་བྱེད་རྒྱུ།
དོན་ཚན་ང་གཅིག་པ། འདེམས་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐད་ཀར་འདེམས་བསྐོ་བྱེད་སྐབས་འདེམས་ཁུལ་གྱི་འདེམས་དམངས་ཡོངས་ཀྱི་མི་གྲངས་ཕྱེད་ཀ་ཡན་འདེམས་ཤོག་འཕེན་པའི་ནང་ཞུགས་ན་འདེམས་བསྐོར་རྩིས་འགྲོ་ཡོད། འཐུས་མིའི་འོས་མིར་འདེམས་བསྐོའི་ནང་ཞུགས་མཁན་འདེམས་དམངས་ཕྱེད་ཀ་ཡན་གྱི་འདེམས་ཤོག་ཐོབ་ཚེ་བདམས་ཐོན་བྱུང་བ་ཡིན།
རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་བསྐོ་བྱེད་སྐབས་འཐུས་མིའི་འོས་མིར་འཐུས་མི་ཡོངས་ཀྱི་འདེམས་ཤོག་ཕྱེད་ཀ་ཡན་ཐོབ་ཚེ་བདམས་ཐོན་བྱུང་བ་ཡིན།
བདམས་ཐོན་བྱུང་བའི་འཐུས་མིའི་མི་གྲངས་དེ་འདེམས་དགོས་པའི་འཐུས་མིའི་མིང་སྐལ་ལས་ཉུང་བ་ཡོད་ན་མ་ལྡེང་བའི་མིང་སྐལ་དེ་ལོགས་སུ་འདེམས་རྒྱུ།
དོན་ཚན་ང་གཉིས་པ། འདེམས་བསྐོ་བྱས་འབྲས་དེ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་ངམ་ཡང་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས《འདེམས་བསྐོའི་བཅའ་ཁྲིམས》དང་ཞིབ་སྲོལ་འདིའི་གཏན་འབེབས་གཞིར་བཟུང་རྩིས་འགྲོ་ཡོད་མེད་གཏན་འཁེལ་བྱེད་རྒྱུ་མ་ཟད་ཁྱབ་བསྒྲགས་ཀྱང་བྱེད་རྒྱུ།
དོན་ཚན་ང་གསུམ་པ། འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་བདམས་ཐོན་བྱུང་བའི་འཐུས་མི་དེ་རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ཀྱི་གཏན་འབེབས་ནང་འཁོད་ཀྱི་འཐུས་མིའི་གཞི་རྩའི་ཆ་རྐྱེན་དང་མཐུན་མིན་དང་། འདེམས་བསྐོ་བྱས་ཚུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ནང་འཁོད་ཀྱི་འདེམས་བསྐོའི་གོ་རིམ་དང་མཐུན་མིན། དེ་བཞིན་འདེམས་བསྐོར་གཏོར་བཤིག་གཏོང་བ་དང་བདམས་ཐོན་བྱུང་བའི་རིགས་རྩིས་མེད་དུ་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་གཞན་དག་བཅས་ལ་ཞིབ་བཤེར་བྱེད་རྒྱུ་དང་། འཐུས་མི་བདམས་ཐོན་བྱུང་བ་རྩིས་འགྲོ་ཡོད་མེད་ཀྱི་བསམ་འཆར་བཏོན་ནས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་སྙན་སེང་ཞུ་རྒྱུ།
རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནས་བཏོན་པའི་སྙན་ཞུར་གཞིགས་ཏེ་འཐུས་མིའི་འོས་བབ་ལ་རྩིས་འགྲོ་ཡོད་པར་ངོས་གཏན་འཁེལ་བའམ་ཡང་ན་འཐུས་མི་བདམས་ཐོན་བྱས་པར་རྩིས་འགྲོ་མེད་པ་གཏན་འཁེལ་བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་རེའི་ཚོགས་འདུ་ཐེངས་དང་པོ་མ་འཚོག་གོང་འཐུས་མིའི་མིང་ཐོ་ཁྱབ་བསྒྲགས་བྱེད་རྒྱུ།
དོན་ཚན་ང་བཞི་པ། སྤྱི་དམངས་ཀྱིས་དུས་གཅིག་ཏུ་གཏོགས་ཁོངས་ཀྱི་འབྲེལ་བ་མེད་པའི་སྲིད་འཛིན་ས་ཁོངས་གཉིས་ཡན་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བྱེད་མི་ཆོག
ལེའུ་དགུ་པ། འཐུས་མིར་ལྟ་སྐུལ་བྱེད་སྟངས་དང་། འཐུས་མི་གནས་དབྱུང་གཏོང་སྟངས། འཐུས་མིའི་ལས་གནས་དགོངས་ཞུ་བྱེད་སྟངས་བཅས།
དོན་ཚན་ང་ལྔ་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འདེམས་དམངས་དང་དེ་སྔའི་འདེམས་བསྐོ་བྱེད་མཁན་ཚན་པས་ལྟ་སྐུལ་བྱེད་དགོས་ཀྱི་ཡོད། འདེམས་དམངས་སམ་ཡང་ན་དེ་སྔའི་འདེམས་བསྐོ་བྱེད་མཁན་ཚན་པར་རང་གིས་བདམས་པའི་འཐུས་མི་གནས་དབྱུང་གཏོང་བའི་དབང་ཆ་ཡོད།
འཐུས་མི་གནས་དབྱུང་གཏོང་བའི་ཞིབ་ཕྲའི་བྱ་རིམ་ནི《འདེམས་བསྐོའི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་བརྒྱད་པ་ནས་ང་གཉིས་བར་གྱི་གཏན་འབེབས་གཞིར་བཟུང་བྱེད་རྒྱུ།
དོན་ཚན་ང་དྲུག་པ། རང་སྐྱོང་ལྗོངས་དང་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རང་ཉིད་འདེམས་བསྐོ་བྱེད་མཁན་གྱི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་ལས་གནས་དགོངས་པ་ཞུས་ཆོག གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཡིག་ཐོག་ནས་ལས་གནས་དགོངས་པ་ཞུས་ཆོག ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་ལ་ཡིག་ཐོག་ནས་ལས་གནས་དགོངས་ཞུ་འབུལ་ཆོག
འཐུས་མི་ལས་གནས་དགོངས་ཞུ་བྱེད་པའི་ཞིབ་ཕྲའི་བྱ་རིམ་ནི《འདེམས་བསྐོའི་བཅའ་ཁྲིམས》ཀྱི་དོན་ཚན་ང་གསུམ་པ་ནས་ང་བཞི་པ་བར་གྱི་གཏན་འབེབས་གཞིར་བཟུང་བྱེད་རྒྱུ།
ལེའུ་བཅུ་པ། འཐུས་མི་གསབ་འདེམས་བྱེད་སྟངས།
དོན་ཚན་ང་བདུན་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོཌ་ཆེན་གྱི་འཐུས་མི་འགན་ཡུན་འཁུར་རིང་འདས་གྲོངས་སོང་ནས་སྟོང་པར་ལུས་ཚེ་དེ་སྔའི་འདེམས་ཁུལ་ལམ་ཡང་ན་དེ་སྔའི་འདེམས་བསྐོ་བྱེད་མཁན་ཚན་པས་ངེས་པར་དུ་གསབ་འདེམས་བྱེད་དགོས།
དོན་ཚན་ང་བརྒྱད་པ། གཤམ་གསལ་གྱི་རྒྱུ་རྐྱེན་གང་རུང་ཞིག་ཡོད་པས་འཐུས་མིའི་འོས་ཐོབ་རང་ཤུགས་ཀྱིས་མཚམས་འཇོག་བྱས་ནས་སྟོང་པར་ལུས་ཚེ་ངེས་པར་དུ་གསབ་འདེམས་བྱེད་དགོས།
(གཅིག)སྲིད་འཛིན་ས་ཁོངས་དེ་ནས་ས་ཆ་གཞན་ལ་ལས་སྒྱུར་རམ་ཡང་ན་གནས་སྤོ་བྱས་རིགས་དང་།
(གཉིས)བཅའ་ཁྲིམས་གཞིར་བཟུང་གོ་གནས་གནས་དབྱུང་བཏང་རིགས།
(གསུམ)ལས་གནས་དགོངས་ཞུ་བྱས་པར་དང་ལེན་བྱས་རིགས།
(བཞི)ཆོག་མཆན་མ་ཐོབ་པར་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུར་ཐེངས་གཉིས་མ་ཞུགས་པའི་རིགས།
(ལྔ)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཤོར་རིཌ།
(དྲུག)བཅའ་ཁྲིམས་གཞིར་བཟུང་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པའི་མི།
(བདུན)བྱ་སྤྱོད་སྤེལ་ནུས་ཤོར་བའི་རིགས་བཅས་སོ།
དོན་ཚན་ང་དགུ་པ། རང་སྐྱོང་ལྗོངས་དང་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཚོགས་འདུ་ཚོགས་རིང་འཐུས་མི་གསབ་འདེམས་བྱེད་དགོས་ཚེ་སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་ལམ་ཡང་ན་ལོགས་སུ་མིང་འདོན་བྱས་ན་འགྲིག་ལ་འཐུས་མིའི་མི་གྲངས་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་འཐུས་མིའི་འོས་མི་འོས་སྦྱོར་བྱས་ནའང་འགྲིག
རང་སྐྱོང་ལྗོངས་དང་ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་གྲོལ་རིང་འཐུས་མི་གསབ་འདེམས་བྱེད་དགོས་ཚེ་སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་ལམ་ཡང་ན་ལོགས་སུ་མིང་འདོན་བྱས་ན་འགྲིག་ལ་འཐུས་མིའི་མི་གྲངས་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ནའང་འགྲིག་པ་མ་ཟད། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མི་གྲངས་ལྔ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འཐུས་མིའི་འོས་མི་འོས་སྦྱོར་བྱས་ནའང་འགྲིག
དོན་ཚན་དྲུག་ཅུ་པ། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུད་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཚོགས་འདུ་ཚོགས་རིང་འཐུས་མི་གསབ་འདེམས་བྱེད་དགོས་ཚེ་སྲིད་ཏང་དང་མི་དམངས་ཚོགས་པ་མཉམ་འབྲེལ་ལམ་ཡང་ན་ལོགས་སུ་མིང་འདོན་བྱས་ན་འགྲིག་ལ་འདེམས་དམངས་མི་གྲངས་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་འཐུས་མིའི་འོས་མི་འོས་སྦྱོར་བྱས་ནའང་འགྲིག
གྲོང་ཁྱེར་ཐད་གཏོགས་ཆུད་དང་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་གྲོལ་རིང་འཐུས་མི་གསབ་འདེམས་བྱེད་རྒྱུ་དེ་ཏང་སྲིད་དང་མི་དམངས་ཚོགས་པ་མཉམ་འབྲེལ་ལམ་ཡང་ན་ལོགས་སུ་མིང་འདོན་བྱས་ན་འགྲིག་ལ་འདེམས་དམངས་མི་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ནའང་འགྲིག་པ་མ་ཟད། རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གསུམ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ནས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འཐུས་མིའི་འོས་མི་འོས་སྦྱོར་བྱས་ནའང་འགྲིག གསབ་འདེམས་ལས་དོན་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱེད་རྒྱུ།
དོན་ཚན་རེ་གཅིག་པ། ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཚོགས་འདུ་ཚོགས་རིང་འཐུས་མི་གསབ་འདེམས་བྱེད་དགོས་ཚེ་སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་ལམ་ཡང་ན་ལོགས་སུ་མིང་འདོན་བྱས་ན་འགྲིག་ལ་འཐུས་མི་མི་གྲངས་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་འཐུས་མིའི་འོས་མི་འོས་སྦྱོར་བྱས་ནའང་འགྲིག
ཤང་དང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཚོགས་འདུ་གྲོལ་རིང་འཐུས་མི་གསབ་འདེམས་བྱེད་དགོས་ཚེ་སྲིད་ཏང་དང་མི་དམངས་ཚོགས་པས་མཉམ་འབྲེལ་ལམ་ཡང་ན་ལོགས་སུ་མིང་འདོན་བྱས་ན་འགྲིག་ལ་འདེམས་དམངས་མི་གྲངས་བཅུ་ཡན་གྱིས་མཉམ་དུ་མིང་འདོན་བྱས་ཏེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་འཐུས་མིའི་འོས་མི་འོས་སྦྱོར་བྱས་ནའང་འགྲིག གསབ་འདེམས་ཀྱི་ལས་དོན་དེ་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོཌ་པས་སྒྲིག་འཛུཌ་བྱེད་རྒྱུ།
དོན་ཚན་རེ་གཉིས་པ། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གསབ་འདེམས་བྱེད་སྐབས་ངེས་པར་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མོས་མཐུན་ཐོབ་དགོས།
དོན་ཚན་རེ་གསུམ་པ། འཐུས་མི་གསབ་འདེམས་བྱེད་སྐབས་འཐུས་མིའི་འོས་མིའི་མི་གྲངས་དེ་འདེམས་དགོས་པའི་འཐུས་མིའི་མི་གྲངས་དང་གཅིག་མཚུངས་ཡིན་དགོས།
དོན་ཚན་རེ་བཞི་པ། གྲོང་ཁྱེར་ཁོངས་གཏོགས་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གསབ་འདེམས་བྱེད་སྐབས་འདེམས་ཁུལ་གཅིག་གི་འཐུས་མི་གསབ་འདེམས་བྱས་ཚར་རྗེས་འདེམས་ཁུལ་དེ་གའི་འཐུས་མིའི་མི་གྲངས་གསུམ་ནས་བརྒལ་མི་ཆོག
དོན་ཚན་རེ་ལྔ་པ། གྲོང་ཁྱེར་ཁོངས་གཏོགས་དང་། རྫོང་། ཤང་། མི་རིགས་ཤང་། གྲོང་རྡལ་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གསབ་འདེམས་བྱེད་སྐབས་དེ་སྔའི་འདེམས་ཁུལ་གྱིས་ངེས་པར་དུ་འདེམས་དམངས་ཀྱི་མིང་ཐོ་བསྐྱར་དུ་ཞིབ་བཤེར་བྱེད་དགོས་པ་དང་འདེམས་དམངས་ཀྱི་གནས་ཚུལ་འགྱུར་ལྡོག་སོང་བར་མིང་ཐོ་ཁ་གསབ་བྱེད་དགོས་པའམ་ཡང་ན་མིང་སུབ་དགོས་པ་མ་ཟད། འདེམས་བསྐོ་བྱེད་ཉིན་གྱི་ཉིན་བདུན་གོང་ལ་ཁྱབ་བསྒྲཌ་བྱེད་དགོས།
དོན་ཚན་རེ་དྲུག་པ། འཐུས་མི་གསབ་འདེམས་བྱས་འབྲས་དེ་ངེས་པར་དུ་རང་སར་ཁྱབ་བསྒྲགས་བྱེད་དགོས།
རྫོང་རིམ་པ་ཡན་གྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་འཐུས་མི་གསབ་འདེམས་བྱས་འབྲས་དེ་ངེས་པར་དུ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་དགོས།
གསབ་འདེམས་བྱས་ནས་ཐོན་པའི་འཐུས་མིར་ཞིབ་སྲོལ་འདིའི་དོན་ཚན་ང་གསུམ་པའི་གཏན་འབེབས་ལྟར་འཐུས་མིའི་འོས་བབ་ལ་ཞིབ་བཤེར་བྱེད་རྒྱུ།
དོན་ཚན་རེ་བདུན་པ། ས་གནས་ཁག་གི་སྟོང་པར་ལུས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གསབ་འདེམས་བྱེད་སྐབས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་ལས་དོན་ཨུ་ཡོན་ལྷན་ཁང་ནས་སྒྲིག་འཛུགས་བྱེད་པར་གཞོགས་འདེགས་བྱེད་རྒྱུ།
ལེའུ་བཅུ་གཅིག་པ། འདེམས་བསྐོར་གཏོར་བཤིག་གཏོང་རིགས་ལ་ཁྲིམས་འདོམས་བྱེད་སྟངས།
དོན་ཚན་རེ་བརྒྱད་པ། འདེམས་བསྐོར་གཏོར་བཤིག་གཏོང་བ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ལས་འགལ་བའི་གཤམ་གསལ་གྱི་བྱེད་སྤྱོད་རིགས་ཤིག་ཡོད་ཚེ་བཅའ་ཁྲིམས་གཞིར་བཟུང་བདེ་འཇཌ་དོ་དམ་ཐད་ཀྱི་ཆད་པ་གཅོད་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་རིཌ་བཅའ་ཁྲིམས་གཞིར་བཟུང་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ།
(གཅིག)རྒྱུ་དངུལ་ལམ་ཡང་ན་རྒྱུ་ནོར་གཞན་དག་སྤྲད་དེ་འདེམས་དམངས་སམ་ཡང་ན་འཐུས་མིར་ལྐོག་རྔན་སྤྲད་ནས་བསླུ་ཁྲིད་བྱས་ཏེ་འདེམས་དམངས་སམ་ཡང་ན་འཐུས་མིས་རང་མོས་ཀྱིས་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་སྤྱོད་པར་འགོག་རྐྱེན་བཟོ་བ་དང་།
(གཉིས)གཏུམ་སྤྱོད་དང་། འཇིཌ་སྐུལ། མགོ་སྐོར་གཏོང་བ་བཅས་སམ་ཡང་ན་ཁྲིམས་དང་མ་མཐུན་པའི་བྱེད་ཐབས་གཞན་དག་ལ་བརྟེན་ནས་འདེམས་དམངས་སམ་ཡང་ན་འཐུས་མིས་རང་མོས་ཀྱིས་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་སྤྱོད་པར་འགོག་རྐྱེན་བཟོ་བ།
(གསུམ)མི་རིགས་དབར་དབྱེན་སྦྱོར་དཀྲུག་ཤིང་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། མི་རིགས་ཁ་ཕྲལ་གཏོང་རྒྱུའི་ངན་སྐུལ་བྱེད་པ་སོགས་ཁྲིམས་དང་མ་མཐུན་པའི་བྱེད་སྤྱོད་ལ་བརྟེན་ནས་འདེམས་བསྐོར་གཏོར་བཤིག་གཏོང་བ་དང་། འདེམས་དམངས་སམ་ཡང་ན་འཐུས་མིས་གདམ་བྱ་འདེམས་བྱེད་ཀྱི་དབང་ཆ་སྤྱོད་པར་འགོག་རྐྱེན་བཟོ་བ།
(བཞི)འདེམས་བསྐོའི་ཡིག་ཆ་རྫུན་མ་བཟོ་བ་དང་འདེམས་ཤོག་གྲངས་འབོར་རྫུན་ཞུ་བྱེད་པའམ་ཡང་ན་འདེམས་བསྐོའི་ནང་ཐོན་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་གཞན་དག་རིགས།
(ལྔ)འདེམས་བསྐོའི་ནང་ཁྲིམས་དང་མ་མཐུན་པའི་བྱ་སྤྱོད་སྤེལ་བར་ཞུ་གཏུག་དང་ཐེར་འདོན་བྱེད་མཁན་ནམ་ཡང་ན་འཐུས་མི་གནས་དབྱུང་གཏོང་རྒྱུའི་རེ་བ་བཏོན་མཁན་ལ་མགོ་མནོན་དང་འཁོན་ལན་སློག་རིཌ།
རྒྱལ་ཁབ་ཀྱི་ལས་བྱར་གོང་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ་ལྟ་ཞིབ་ལས་ཁུངས་ཀྱིས་སྲིད་དོན་གྱི་ཆད་པ་གཅོད་པའམ་ཡང་ན་རང་གནས་སའི་ལས་ཁུངས་དང་ཚན་པས་ཆད་པ་གཅོད་རྒྱུ།
དོན་ཚན་དེ་གའི་ནང་གསེས་དང་པོའི་ནང་འཁོད་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་རིཌ་ཡོད་ཀྱང་འདེམས་ཐོན་བྱུང་རིཌ་རྩིས་མེད་གཏོང་རྒྱུ།
དོན་ཚན་རེ་དགུ་པ། འདེམས་བསྐོ་གཙོ་སྐྱོང་བྱེད་མཁན་ཚན་པས་འདེམས་བསྐོར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཤེས་རྟོགས་བྱུང་བའམ་ཡང་ན་འདེམས་བསྐོར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཐེར་འདོན་བྱེད་མཁན་བྱུང་ཚེ་ངེས་པར་དུ་འཕྲལ་མར་བཅའ་ཁྲིམས་གཞིར་བཟུང་བརྟག་དཔྱད་བྱས་ཏེ་ཐག་གཅོད་བྱེད་དགོས་པ་དང་། བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་རིགས་དུས་ཐོག་ཏུ་འབྲེལ་ཡོད་ཚན་པར་ཐག་གཅོད་བྱེད་རྒྱུར་སྐྱེལ་དགོས།
ལེའུ་བཅུ་གཉིས་པ། ཞར་བྱུང་།
དོན་ཚན་བདུན་ཅུ་པ། ཞིབ་སྲོལ་འདི་སྤྱི་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
(བོད་རང་སྐྱོངས་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་གཞུང་དོན་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣