དབུ་ཤོག>སྲིད་དོན།
  • ཅང་ཅེས་བོད་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་ནས་2021ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོའི་བོད་ལྗོངས་འགྲེམས་ཁང་ལ་ལྟ་སྐོར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-05-12

    ཚེས་10ཉིན་དུས་ཡུན་ཉིན་གསུམ་གྱི་2021ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་ཧྲང་ཧའེ་རུ་འགོ་ཚུགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་བོད་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཚོགས་ར་གཙོ་བོའི་བྱེད་སྒོ་རབ་དང་རིམ་པར་ཞུགས་པ་དང་འབྲེལ་བོད་ཀྱི་འགྲེམས་ཁང་ལ་ལྟ་སྐོར་གནང་བ་རེད། ཅང་ཅེས་བསམ་བློར་སྔར་བས་བཅིངས་འགྲོལ་དང་རང་འགུལ་ངང་ལས་དོན་བསྒྲུབས་ནས“ས་གོ་ལའི་ཡང་རྩེའི”སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་གྲགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། བོད་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་བའི་ལམ་དུ་ཧུར་ཐག་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།

    ལྟ་སྐོར་གནང་རིང་ཅང་ཅེས་རང་ལྗོངས་ཀྱི་འགྲེམས་ཞུགས་ཚོང་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཁེ་ལས་གཉེར་སྐྱོང་དང་། སྤུས་རྟགས་འཛུགས་སྐྱོང་། ཁྲོམ་རར་ཁྱབ་གདལ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་སྟེ་ཚང་མས་ཀྲུང་གོའི་སྤུས་རྟགས་ཉིན་མོའི་ལས་སྟེགས་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ནས་བོད་ཀྱི་སྤུས་རྟགས་ཀྱི་གཟུགས་བརྙན་ཡག་པོ་གང་ལེགས་མངོན་པ་དང་། “ས་གོ་ལའི་ཡང་རྩེའི”སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད། ཅང་ཅེས“ས་གོ་ལའི་ཡང་རྩེའི”ཁུལ་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཏོད་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ཁག་གིས“ས་གོ་ལའི་ཡང་རྩེའི”སྤུས་རྟགས་གཏོད་པ་ཚད་བརྒལ་བྱ་གཞིར་བརྩིས་ནས་མ་ལག་ཅན་དང་བརྒྱུད་རིམ་ཅན་གྱིས་བོད་ཀྱི་ཁྱད་ལྡན་དང་ལེགས་ཆ་ལྡན་པའི་སྤུས་རྟགས་བསྡུ་སྒྲིལ་འཕེལ་རྒྱས་བཏང་སྟེ་བོད་ཀྱི་ཐོན་རྫས་སྤུས་ལེགས་དང་ལེགས་ཆ་ལྡན་པའི་སྤུས་རྟགས་དེ་བས་མང་བ་ལྗོངས་ཕྱི་དང་རྒྱལ་ཡོངས་སུ་ཁྱབ་པར་བྱེད་དགོས། ཁྲོམ་ར་ཅན་གྱི་ལམ་དུ་མཐའ་འཁྱོངས་བསྐྱོད་དེ་སྲིད་གཞུང་གིས་གཙོ་ཁྲིད་དང་སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ལ་བརྟེན་པ་དང་། ཚད་གཞི་ལྟར་བཟོ་བ་དང་། སྤུས་རྟགས་དྲིལ་བསྒྲགས། ཐོན་རྫས་འོས་སྦྱོར་སོགས་བརྒྱུད་སྤུས་རྟགས་ཚོམ་བུ་དང་ཁེ་ལས་ཀྱི་འོས་གྲབས་དཔུང་ཁག་སྐྱེད་སྲིང་མགྱོགས་སུ་བཏང་ནས“ས་གོ་ལའི་ཡང་རྩེའི”ཁུལ་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ཐུན་མོང་ཐོག་གཉེར་ཏེ་ཐོན་ལས་སྐྱེ་ཁམས་ཡག་པོ་ཞིག་ཆགས་པ་དང་། བོད་ཀྱི་ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྔར་བས་སྐུལ་ཁྲིད་བྱེད་པ། འཁོར་རྒྱུག་གཉིས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་སྔར་བས་ཡག་པོ་ཞུ་བ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།