《གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ལས་བཟོའི་དཀའ་ངལ་སེལ་བའི་ལས་དོན་སྤེལ་རིང་བྱས་རྗེས་གལ་ཆེན་འཇོག་མཁན་གྱི་མཉམ་སྡེབ་དང་མི་སྒེར་འོས་སྦྱོར་བྱེད་རྒྱུའི་སྐོར་གྱི་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་གཞུང་དོན་ཐིང་གི་བརྡ་ཐོ》(བཟོ་ཚོགས་སྤེལ〔2021ལོའི〕ཡིག་ཨང་19པ)ཡི་བླང་བྱར་གཞིགས་ནས། འདི་ལོ་རང་ལྗོངས་ཀྱིས་མངའ་རིས་ས་ཁུལ་བཟོ་ཚོགས་དོན་གཅོད་ཁྲུའུ་དཀའ་ངལ་ཡོད་པའི་ལས་བཟོའི་རོགས་སྐྱོར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལྷག་པ་ཚེ་རིང་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཀྱི་འོས་མིར་འོས་སྦྱོར་བྱེད་རྩིས་ཡོད། གཤམ་ལ་བློ་མཐུན་ལྷག་པ་ཚེ་རིང་གི་གཞི་རྩའི་གནས་ཚུལ་ཡོངས་བསྒྲགས་བྱེད་ཀྱི་ཡིན་པས། ཡོངས་བསྒྲགས་བྱེད་རིང་གལ་ཏེ་འོས་སྦྱོར་ཐད་བསམ་འཆར་ཡོད་ཚེ་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ལ་གོང་ཞུ་གནང་རོགས།
ཡོངས་བསྒྲགས་ཀྱི་དུས་ཚོད། 2021ལོའི་ཟླ་5ཚེས་10ནས་14ཉིན་བར།
འབྲེལ་གཏུག་བྱ་ཡུལ། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ངལ་རྩོལ་དང་དཔལ་འབྱོར་ལས་དོན་པུའུ།
འབྲེལ་གཏུག་ཁ་པར། 0891—6322998
གློག་རྡུལ་ཡིག་སྒམ། xzldjjb@163.com
འཕྲིན་གཏོང་ས་གནས། ལྷ་ས་གྲོང་ཁྱེར་ཅང་སུའུ་ལམ་སྒོ་རྟགས་ཨང་18པ།
བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ནས།
2021ལོའི་ཟླ་5ཚེས་8ཉིན།