ཟླ་4ཚེས་28ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བསྟན་ཁོ་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་མི་སྣས《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ《སྲོལ་ཡིག》གི་དགོངས་དོན་སྒྲོག་འགྲེལ་བྱེད་པར《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་དགོས་པའི་སྐུལ་སློང་དང་བཀོད་སྒྲིག་གནང་བ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། བཀྲ་ཤིས་ཟླ་བ་སོགས་ཏང་ཕྱིའི་འཐུས་ཚབ་མི་སྣས་རང་སོ་སོའི་ཁྱབ་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་སྐོར་གསུང་བཤད་གནང་བ་རེད།
བསྟན་ཁོས《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད་ལ། འཐབ་ཕྱོགས་གཅིག་གྱུར་མི་སྣས་གཞན་ལ་དཀྲི་ཐབས་བྲལ་བའི་འགན་འཁྲི་ཞིག་ཀྱང་ཡིན་པས། 《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཁར། “ཕན་འདོགས་པ་ལྔ”ཚད་གཞིར་བཟུང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ནས་ཁྱིམ་ཚང་གཅིག་གི་སྐད་ཆ་མང་ཙམ་ཤོད་པ་དང་། ཁྱིམ་ཚང་གཅིག་གི་བྱ་བ་མང་ཙམ་སྒྲུབ་པ། གཅིག་མཐུན་འདུས་གྲུབ་སྐོར་མང་ཙམ་ཤོད་པ། གཅིག་མཐུན་འདུས་གྲུབ་དགོས་ཚུལ་སྐུལ་སློང་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་དར་རྒྱས་གོང་འཕེལ་གྱིས་མི་རིགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱིས་སྣེ་ཁྲིད་དང་། རིན་ཐང་ལྟ་བས་སྣེ་ཁྲིད། བྱ་གཞག་གིས་སྣེ་ཁྲིད་བཅས་མཐའ་འཁྱོངས་ཀྱིས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་ཏང་ཕྱིའི་ཤེས་ལྡན་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། “སྐྱོན་བྲལ་གཉིས”ལ་སྐུལ་འདེད་གཏོང་བ་དམིགས་ཚད་དུ་བཟུང་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིམ་པའི་མི་སྣའི་ལས་དོན་གསར་པའི་དམིགས་སའི་རང་བཞིན་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཆབ་སྲིད་རང་བཞིན་དང་འཐུས་ཚབ་རང་བཞིན་མངོན་གསལ་དོད་པོར་གཙོ་གནད་དུ་བཞག་སྟེ་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཕྱི་རྒྱལ་དུ་རྒྱལ་གཅེས་དང་འཐབ་ཕྱོགས་གཅིག་གྱུར་ཟམ་མི་ཆད་པར་སྲ་བརྟན་དང་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།