དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོཌ་ཆུང་གིས་སློབ་སྦྱོང་བགྲོ་གླེང་ཚོཌ་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-26

    ཚེས་22ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་འཚོགས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཙོ་གནད་ཐོག་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། འོད་ཟེར། ཞུས་ཞུའེ་ཀོང་། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་། ཐང་མིང་དབྱིང་། ལིའུ་ཀོང་ཤུས་བཅས་ཀྱིས་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བའམ་ཡང་ན་ཡིག་ཐོག་གཏམ་བཤད་ཀྱི་དཔྱད་གཞི་ཕུལ་བ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་པོར་དམིགས་ཏེ། མི་སྒེར་གྱི་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ངོས་འཛིན་དང་མྱོང་ཚོར་གླེང་བ་དང་། བསམ་ཚུལ་དང་མྱོང་ཚོར་བརྗོད་པ། ལས་ཀའི་བསམ་ཕྱོགས་གླེང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་ནི་རྨང་གཞི་དང་། དགོངས་དོན་ཤེས་རྟོགས་བྱེད་པ་ནི་རྩ་བ། བྱ་བ་དངོས་སྒྲུབ་པ་ནི་གཙོ་གནད། རྣམ་པ་གསར་པ་གཏོད་པ་ནི་དམིགས་ཡུལ་བཅས་རེད། བརྗོད་དོན་གཙོ་བོ་དང་གཙོ་རྐང་མངོན་གསལ་དོད་པོས་ཁོང་དུ་ཆུད་པར་བྱས་ཏེ་ཉེ་རབས་ཚུན་དུ་ཀྲུང་གོར་ཕྲད་པའི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གཉིས་ཀྱི་ཁྲོད་ནས་ཏང་གི་ལོ་རྒྱུས་ཀྱི་ལས་འགན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་། དཀའ་སྤྱད་འབད་འཐབ་ཀྱིས་རྨང་གཞི་འདིང་བ། འབྱུང་འགྱུར་གཏོད་པའི་རླབས་ཆེན་གྱི་ལོ་རྒྱུས་ལམ་དུ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གཏོང་བའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་རྟོགས་དགོས་པ་དང་། ཏང་གི་ངོ་བོ་དང་དམིགས་ཡུལ་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱས་ཏེ། “རྒྱལ་སྲིད་ནི་མི་དམངས་དང་། མི་དམངས་ནི་རྒྱལ་སྲིད་ཡིན་པ”བློ་ལ་བརྟན་པོར་འཆང་བ་དང་། རང་རྟོགས་ངང་མི་དམངས་དང་གཅིག་སེམས་གཅིག་སྦྲེལ་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་བྱེད་པ། བརྩེ་སེམས་ངོ་མ་བཅངས་ནས་ལུས་ཚུགས་པ་དང་། གཞི་རིམ་དུ་སྐྱོད་པ། དཀའ་སྤྱད་འབད་འཐབ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱེད་པ། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་ཀའི་འགན་འཁྲི་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཡག་པོ་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དགོས་མཁོ། རེ་སྒུག་བཅས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བོད་ཀྱི“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང“དོན་ཆེན་བཞི”དམ་འཛིན་ཡག་པོ་བྱེད་པ་དང་ཟུང་འབྲེལ་དང་། དུས་རབས་གསར་པའི་ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་འགན་འཁྲིའམ་ལས་འགན་དང་ཟུང་འབྲེལ། ལས་ཀའི་རྒྱུད་རིམ་རང་བཞིན་དང་། སྔོན་དཔག་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཐབ་རྩོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། བྱེད་པོའི་འགན་འཁྲི་འཁུར་ཕོད་པ་དང་། སྣེ་ཁྲིད་དཔེ་སྟོན། གཙོ་གནད་དམ་འཛིན། “ལས་ཀ”བྱེད་པའི་ཐད་ཤུགས་སྣོན། གསར་གཏོད་ཐད་བྱ་ཐབས་དངོས་འདོན་པ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་གནད་དོན་དངོས་ཐག་གཅོད་ལ་སྣང་ཆེན་བཅས་བྱས་ཏེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།