དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བསྐོ་གཞག་མཚན་ཐོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-24

    (2021ལོའི་ཟླ་4ཚེས་22ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

    བསྐོ་གཞག་བྱ་རྒྱུའི་གཏན་འབེབས།

    ཝང་ཡུང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱས། 

    བློ་མཐུན་ཝང་ཡུང་གི་ལོ་རྒྱུས་མདོར་བསྡུས།

    435179_yis_1619193600000_s.jpg

    ཝང་ཡུང་། ཕོ། རྒྱ་རིགས། 1971ལོའི་ཟླ་3པར་སྐྱེས།(ལོ་50)སི་ཁྲོན་ལུའུ་ཀྲོའུ་བ། 1994ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1991ལོའི་ཟླ་7པར་ལས་ཀར་ཞུགས། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པ།

    1987ལོའི་ཟླ་9པ་ནས་1991ལོའི་ཟླ་7པའི་བར་སི་ཁྲོན་སློབ་ཆེན་རྩིས་འཁོར་ཚན་རིག་ཚན་ཁག་གི་རྩིས་འཁོར་ཚན་རིག་གི་ཆེད་ལས་སྦྱངས།

    1991ལོའི་ཟླ་7པ་ནས་1992ལོའི་ཟླ་8པའི་བར་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་དོ་དམ་ཅུས་མཁའ་འགྲུལ་གནམ་གཤིས་ཁྲུའུ་ཡི་གནམ་གཤིས་བརྟག་དཔྱད་ཁང་གི་ཁོའོ་ཡོན་བྱས།

    1992ལོའི་ཟླ་8པ་ནས་1996ལོའི་ཟླ་3པའི་བར་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་དོ་དམ་ཅུས་ཀྱི་འཆར་འགོད་ཁྲུའུ་ཡི་ཁོའོ་ཡོན་བྱས།

    1996ལོའི་ཟླ་3པ་ནས་1998ལོའི་ཟླ་6པའི་བར་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་དོ་དམ་ཅུས་འཆར་འགོད་ཁྲུའུ་ཡི་ཀྲུའུ་རེན་གཞོན་པའི་ཁོའོ་ཡོན་བྱས།

    1998ལོའི་ཟླ་6པ་ནས་2000ལོའི་ཟླ་3པའི་བར་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་དོ་དམ་ཅུས་འཆར་འགོད་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་བྱས(1997ལོའི་9ཟླ་པ་ནས་1999ལོའི་ཟླ་7པའི་བར་སི་ཁྲོན་སློབ་ཆེན་དཔལ་འབྱོར་དོ་དམ་ཚན་ཁག་རྒྱལ་དམངས་དཔལ་འབྱོར་དོ་དམ་རིག་པའི་ཆེད་ལས་སྦྱངས་ནས་དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ)

    2000ལོའི་ཟླ་3པ་ནས་2002ལོའི་ཟླ་5པའི་བར་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་དོ་དམ་ཅུས་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་བྱས།

    2002ལོའི་ཟླ་5པ་ནས་2003ལོའི་ཟླ་7པའི་བར་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་དོ་དམ་ཅུས་ཀྱི་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་བྱས།

    2003ལོའི་ཟླ་7པ་ནས་2007ལོའི་ཟླ་12པའི་བར་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་འཆར་འགོད་བསྡོམས་རྩིས་ཁྲུའུ་ཡི་ཁྲུའུ་ཀྲང་བྱས།

    2007ལོའི་ཟླ་12པ་ནས་2011ལོའི་ཟླ་12པའི་བར་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་བྱས(2006ལོའི་ཟླ་9པ་ནས་2011ལོའི་ཟླ་6པའི་བར་སི་ཁྲོན་སློབ་ཆེན་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་སུ་སློབ་སྦྱོང་བྱས་ནས་དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ)

    2011ལོའི་ཟླ་12པ་ནས་2015ལོའི་12པའི་བར་དམངས་སྤྱོད་མཁའ་འགྲུལ་ཀུའེ་ཀྲོའུ་བདེ་འཇགས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་བྱས།

    2015ལོའི་ཟླ་12པ་ནས་2016ལོའི་ཟླ་9པའི་བར་ཀུའེ་ཀྲོའུ་ཞིང་ཆེན་གནམ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་། ཀུའེ་ཀྲོའུ་ཞིང་ཆེན་གནམ་ཐང་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་གཞོན་པ་དང་། སྤྱི་ཁྱབ་ཅིང་ལི། ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་བྱས།

    2016ལོའི་ཟླ་9པ་ནས་2018ལོའི་ཟླ་1པོའི་བར་ཀུའེ་ཀྲོའུ་ཞིང་ཆེན་གནམ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་། ཀུའེ་ཀྲོའུ་ཞིང་ཆེན་གནམ་ཐང་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་། སྤྱི་ཁྱབ་ཅིང་ལི། ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་བྱས།

    2018ལོའི་ཟླ་1ནས་2019ལོའི་ཟླ་4པའི་བར་ཀུའེ་ཀྲོའུ་ཞིང་ཆེན་གནམ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་བྱས།

    2019ལོའི་ཟླ་4པ་ནས་2021ལོའི་ཟླ་4པའི་བར་ཀུའེ་ཀྲོའུ་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱས(དེའི་རིང་2020ལོའི་ཟླ་10པ་ནས་2021ལོའི་ཟླ་1པོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་ནུ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་48པར་སློབ་སྦྱོང་བྱས)

    2021ལོའི་ཟླ་4པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པའི་འོས་མི་བྱས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།