དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་73པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-23

    ཚེས་21ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་73པ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་དང་། འོད་ཟེར། འཆི་མེད་རིག་འཛིན། ཅི་གོ་ཀང་། ཝང་ཅུན་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་མི་དོན་བསྐོ་གཞག་གི་གྲོས་གཞིར་ཞིབ་འཇུག་བྱས་ཤིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པ་ཟླ་4ཚེས་22ཉིན་ལྷ་སར་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་གྲོས་འགོའི་གྲོས་རིམ་ནི་མི་དོན་བསྐོ་གཞག་གི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་སོགས་ཡིན་པ་དང་། 《ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པར་ཞུགས་མཁན་འཐུས་མི་བདམས་ཐོན་གྱི་འབྲེལ་ཡོད་གནད་དོན་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དགོངས་སྐོར》སྐོར་གྱི་ལན་འདེབས་བསམ་འཆར་ལ་ཞིབ་འཇུག་བྱས་པ། རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྔར་བས་བཀོད་སྒྲིག་བྱས་པ་རེད། 

    བློ་བཟང་རྒྱལ་མཚན་གྱིས། རྫོང་དང་ཤང་མི་དམངས་འཐུས་ཚོགས་ལ་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པའི་མཛུབ་ཁྲིད་བྱ་རྒྱུ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདི་ལོའི་ལོ་སྟོད་ཀྱི་ལས་འགན་གལ་ཆེན་ཞིག་རེད། དེས་ན་བསམ་བློའི་ངོས་འཛིན་སྔར་བས་མཐོར་རུ་གཏོང་དགོས་ཤིང་། རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་ཁར། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཁྲིམས་ལྟར་དང་། གོ་རིམ་ལྡན་པ། བདེ་བླག་བཅས་ཀྱི་འདེམས་བསྐོ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། བཅའ་ཁྲིམས་ཀྱི་གོ་རིམ་དེ་བས་ནན་པོ་ཡོང་བར་བྱེད་དགོས་ཤིང་། ཁྲིམས་ལྟར་བྱ་བ་ནན་པོས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྩ་ཁྲིམས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ། ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་དང་། འཐུས་མིའི་བཅའ་ཁྲིམས། འདེམས་བསྐོའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་བྱེད་པ། འཐུས་མིའི་ཆབ་སྲིད་ཀྱི་བྱང་ཚད་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། རང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ལ་འོས་མིའི་ཚད་གཞི་སྟངས་འཛིན་ནན་པོ་བྱ་རྒྱུའི་ཁྲིད་སྟོན་བྱེད་པ། མིང་འདོན་འོས་སྦྱོར་གྱི་གོ་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་འཐུས་མིའི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་པ་མ་ཟད། ད་དུང་ཁྲིམས་གཏན་འཁེལ་བའི་གོ་རིམ་བརྒྱུད་ཏང་གི་འདོད་འདུན་དང་མི་དམངས་ཀྱི་བསམ་འདུན་གཅིག་གྱུར་ཡོང་བར་བྱེད་དགོས་པ། འབྲེལ་གཏུག་མཐུན་སྦྱོར་ལ་དེ་བས་ཤུགས་རྒྱག་དགོས་ཤིང་། སྐབས་བརྗེའི་འདེམས་བསྐོའི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་གཏོད་དགོས། ས་ཁུལ་དང་གྲོང་ཁྱེར་ཁག་གི་མི་དམངས་འཐུས་ཚོགས་དང་འབྲེལ་གཏུག་དང་མཛུབ་ཁྲིད་བྱེད་ཟབ་ཏུ་བཏང་སྟེ། སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྤེལ་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ནས་འདེམས་བསྐོར་འགོག་རྐྱེན་བཟོ་བ་དང་གཏོར་བཤིག་གཏོང་བའི་གནད་དོན་མ་བྱུང་སྔོན་འགོག་བྱེད་དགོས། རྩ་འཛུགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཏང་གི་འགོ་ཁྲིད་དེ་སྐབས་བརྗེའི་འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པའི་འགན་ལེན་བྱེད་དགོས་པ། ཀྲུང་དབྱང་གི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་དོན་ཁྱོལ་དང་ཟུང་འབྲེལ་བྱེད་དགོས་ཤིང་། ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ་དང་། སྔོན་གཏན་འཁེལ་བའི་བཀོད་སྒྲིག་ལྟར། འགན་འཁྲི་ནན་དུ་གཏོང་བ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཏན་ཏིག་དང་གཏིང་ཟབ་སྒྲུབ་པ་བཅས་བྱས་ནས་ལས་འགན་ཁག་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།