དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གཞུང་དོན་ཁང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-22

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲོང་ཡན་ལྗོངས་ཏང་ཨུད་སྒྱུར་བཅོས་གཞུང་དོན་ཁང་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་ནས། ཉེ་དུས་ཀྱི་ལས་དོན་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།

    ཚོགས་ཞུགས་བློ་མཐུན་གྱི་སྙན་སེང་གཏམ་བཤད་ནན་ཏན་ངང་གསན་རྗེས། ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་སྒྱུར་བཅོས་ཨུ་ལྷན་གཞུང་དོན་ཁང་བཙུགས་ནས་ལོ་གཉིས་ལྷག་ཙམ་སོང་ཚུན་ཧྲུའུ་ཅི་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། བློ་མཐུན་ཏེང་ཡེ་ཤན་དང་ནོར་བུ་དོན་གྲུབ་ཀྱི་སྣེ་ཁྲིད་འོག་སྒྱུར་བཅོས་ཨུ་ལྷན་གཞུང་ལས་ཁང་གི་བློ་མཐུན་ཡོངས་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་སྣང་ཆེན། འགན་འཁྲི་འཁུར་ཕོད་པར་སྣང་ཆེན། མཐུན་སྒྲིལ་ལ་སྣང་ཆེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་བཅས་བྱས་ཏེ་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སྒྱུར་བཅོས་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་གང་ལེགས་ཐོབ་ཡོད། ཚང་མས་ཡང་འབད་བསྐྱར་འབད་དང་གསར་འབྱེད་གསར་གཏོད་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཚད་བརྒལ་གསར་པ་ཡོང་བ། གྲུབ་འབྲས་གསར་པ་ཐོབ་པ་བཅས་ཡོང་བའི་རེ་བ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་བ། སྒྱུར་བཅོས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་དང་ནུས་ཆེ་མཉམ་འགུལ་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར“སློབ་སྦྱོང་བྱེད་དགོས་དོན་གང་ཡིན་པ”དང“སློབ་སྦྱོང་གང་ཞིག་བྱེད་པ”“སློབ་སྦྱོང་ཇི་ལྟར་བྱེད་པ”བཅས་ལ་དམིགས་ནས། “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་ངང་སྤེལ་ཏེ་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བའི་རྒྱུན་འཛིན་པ་རྣམ་དག་ཅིག་བྱེད་དགོས་པ། སྐོར་གཟིགས་དག་ཐེར་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བར་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ཚོགས་ཆུང་བརྒྱད་པའི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱེད་དགོས་པ། “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་དགོས་པའི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་བར་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་སྟེ་ཆུ་ཚད་དེ་བས་མཐོ་བའི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྒྲིག་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འཐབ་ས་གཙོ་བོ་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པར་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ལྗོངས་ཡོངས་ཀྱི་སྒྱུར་བཅོས་ཟབ་གཏོང་ལས་དོན་ལ་གཞི་བཙུགས་ནས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་ཆབ་སྲིད་ཀྱི་བདེ་འཇགས་རྒྱུན་མཐུད་སྲ་བརྟན་ཡོང་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བསམ་པའི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཏུ་ཆགས་པར་བྱེད་དགོས་པ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཕུགས་བསམ་དད་སེམས་བརྟན་པ་དང་། ལྷག་བསམ་ཟོལ་མེད། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ། ཁྱིམ་ཚང་དང་རྒྱལ་ཁབ་ལ་འགྱུར་མེད་ཀྱི་བརྩེ་སེམས་འཆང་བ་བཅས་ཀྱི་ས་མཐོའི་སྒྱུར་བཅོས་ཀྱི་དམག་ཧྲག་ནུས་ཤུགས་ཡོད་རྒུས་གཏོད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།