ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ལྷན་དུ་འབྲེལ་ཡོད་བརྟག་ཞིབ་བྱེད་སྒོར་ཞུགས་པ་རེད།
ཟླ་4ཚེས་8ནས་10ཉིན་བར། ཉིན་གསུམ་གྱི་དུས་ཚོད་ནང་། བློ་བཟང་རྒྱལ་མཚན་སྔ་རྗེས་སུ་ལྷ་རྩེ་ཤང་དང་། དཔལ་འབར་གྲོང་རྡལ། སྙེ་མོ་ཤང་། ས་སྟེང་ཤང་། མར་ཤོག་ཤང་། མཚོ་ཁ་གྲོང་རྡལ་བཅས་ཀྱི་ཤང་དང་གྲོང་རྡལ་6དང་། ལྷ་རྩེ་ཤང་ལྟེ་བའི་སློབ་ཆུང་དང་། ས་སྟེང་ཤང་ལྟེ་བའི་སློབ་ཆུང་། དཔལ་འབར་རྫོང་ལྟེ་བའི་སློབ་ཆུང་། དཔལ་འབར་རྫོང་སློབ་འབྲིང་བཅས་སློབ་གྲྭ་4 དང་ས་སྟེང་ཤང་འཕྲོད་བསྟེན་ཁང་དང་དཔལ་འབར་རྫོང་མི་དམངས་སྨན་ཁང་གི་སྨན་བཅོས་སྒྲིག་གཞི་2བཅས་ལ་ཕེབས་པ་དང་། དེ་རྗེས་གཞན་མགུ་གྲོང་ཚོའི་སྤོས་ལས་སྣོན་བཟོ་གྲྭ་དང་། དཔལ་འབར་རྫོང་དྲ་ཐོག་ཚོང་དོན་ཞབས་ཞུ་ས་ཚིགས། རྡོ་ཤོད་གྲོང་ཚོའི་མཛེས་གསུམ་ལས་གྲྭའི་དཔེ་སྟོན་ས་ཚིགས། དཔལ་འབར་རྫོང་ནགས་གླ་གསོ་ཚགས་རྟེན་གཞི། དཔལ་འབར་རྫོང་དབུལ་སྐྱོར་སྔོ་ཚལ་ཐོན་ལས་གླིང་། དངུལ་ཁང་གི་དྲ་ཚིགས། གནས་སྤོས་དུད་ཚང་དང་དེ་བཞིན་དཔལ་འབར་རྫོང་གི་གྲོང་ཚོའི(སྡེ་ཁུལ)དཔུང་ཁག་གཙོ་བོའི་རྒྱལ་ཁབ་ཀྱི་སྤྱི་སྐད་གསོ་སྦྱོང་རྟེན་གཞི་བཅས་སུ་ཕེབས་ནས། རྨང་གཞིའི་སློབ་གསོ་དང་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་དར་རྒྱས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་སོགས་ལ་བརྟག་ཞིབ་གནང་བ་རེད། ཚེས་10ཉིན་གྱི་ཕྱི་དྲོ་ཁོང་གིས་ད་དུང་དཔལ་འབར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་རེད།
བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ནས། རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་སྲོལ་དམངས་ཆིངས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་གི་ལེགས་ཆ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་ལ་དེ་བས་ལེགས་པའི་སྒོ་ནས་འགྱུར་བ་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱབ་གདལ་སློབ་གསོའི་བྱེད་སྒོར་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། ཆོས་ལུགས་ལས་དོན་གྱི“ཕན་ཡོད་ལྔའི”ཚད་གཞི་གསར་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་དམ་པོར་དམིགས་ནས་ཐོན་ལས་འཕེལ་རྒྱས་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཡུལ་བབ་དང་བསྟུན་ནས་དོན་དངོས་དང་མཐུན་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྲོམ་རའི་དགོས་མཁོ་ཟུང་འབྲེལ་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གནས་སྤོས་ཡུལ་མིར་རོགས་སྐྱོར་བྱེད་སྟངས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། སློབ་གསོའི་ཞན་ཆ་མུ་མཐུད་སེལ་བ་དང་གཞི་རིམ་གྱི་སྨན་བཅོས་ཉམས་ཞན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། གཅིག་སྡུད་གསོ་སྦྱོང་ལ་བརྟེན་ནས་ནུས་པ་ཆེ་རུ་གཏོང་བ། གནས་གཏན་འཁེལ་གྱི་གསོ་སྐྱོང་ལ་བརྟེན་ནས་འོས་བབ་ཐོབ་ཐང་རག་ཐབས་བྱེད་པ། ཐོབ་ཐང་མཐོ་རུ་བཏང་ནས་མི་སེམས་གནས་ཐབས་བྱེད་པ་བཅས་བྱས་ཏེ་གཞི་རིམ་གྱི་དགེ་རྒན་དཔུང་ཁག་དང་སྨན་པའི་དཔུང་ཁག་གཏན་འཇགས་ཡོང་བ་བྱེད་དགོས། མཉམ་སྡེབ་དཔལ་འབྱོར་གསར་པ་སྟོབས་ཆེར་གཏོང་བར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གྲོང་ཚོ་རིམ་པའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ས་གཙོ་བོར་སྣེ་འདྲེན་གྱི་ནུས་པ་འདོན་རྒྱུར་ལྕག་སྐུལ་བྱས་ཏེ་མང་ཚོགས་ཀྱི་ནང་སྐྱེས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། འབྲོང་ཐང་དགོན་དང་། རྒྱ་ར་དགོན། སྙེ་མོའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས། དཔལ་འབར་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་བཅས་ཀྱི་ཤང་གྲོང་རྡལ་ལས་ཁུངས་སུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་ལས་བཟོ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དགོན་སྡེར་བཅའ་སྡོད་ལས་བྱེད་པ། དགོན་སྡེའི་དགེ་འདུན་པ་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།