ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་གནང་བ། རྨང་གཞིའི་སྒྲིག་བཀོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་འོས་སྐུལ་འོས་དཔོད་ཚད་ལྡན་བཟོ་བ་སོགས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་དང་ཡིག་བསྐུར་ངོ་བཅར་ལས་དོན་སོགས་ལ་ཞིབ་འཇུག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྤྱི་པའི་ཞབས་ཞུ་ལེགས་གཏོང་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་དགོས།
བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་དབར་གྱི་འབྲེལ་མཐུད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། བོད་སྐྱོར་མ་དངུལ་དང་རྣམ་གྲངས་སྤྱི་འདོམས་ཀྱིས་བེད་སྤྱོད་བྱེད་པ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཁྲིམས་ལྟར་ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ལྟ་འདོམས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ལྗང་མདོག་ཐཱན་ཉུང་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། ལོ་འགོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དམིགས་ཚད་གཞིར་བཟུང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་འཆར་འགོད་མགྱོགས་མྱུར་བཟོ་བ་དང་ལག་བསྟར་བྱེད་པ། ཐཱན་ཚད་མཐོ་ཤོས་ཀྱི་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་ཏེ་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དམངས་དོན་ཁྲིམས་གཞུང་ལག་བསྟར་ལ་སྐུལ་འདེད་བཏང་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་ཡག་པོ་གཏོང་དགོས། “དོན་ཆེན་བཞི”ལ་དམ་པོར་དམིགས་ནས་མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱེད་པ་དང་། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་སྲིད་གཞུང་གི་སྒྲིག་སྲོལ་ཁྲིམས་འཛུགས་ཀྱི་འཆར་འགོད་ཡག་པོ་བཟོ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཚོགས་འདུའི་ཐོག ཀྲུང་དབྱང་ཡིག་བསྐུར་ངོ་བཅར་ལས་དོན་གྱི་མཉམ་ཞུགས་ཚོགས་འདུར་བསྔགས་བརྗོད་བྱས་པ་གོ་སྐབས་སུ་བྱས་ཏེ་ཡིག་བསྐུར་ངོ་བཅར་དང་བདེ་སྡུག་ཞུ་བའི་བགྲོད་ལམ་ཤར་གཏོང་དང་། འགལ་ཟླ་སེལ་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་དང་སྒྲིག་སྲོལ་ལྟར་འཁོར་སྐྱོད་དང་། མང་ཚོགས་ཀྱི་རེ་ཞུ་ཁྲིམས་མཐུན་དང་ཚུལ་མཐུན་སྒོ་ནས་མཚོན་པ། ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་ནུས་ལྡན་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཚོགས་འདུའི་ཐོག ད་དུང་མིག་སྔའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཀྲུང་དབྱང་སྐོར་གཟིཌ་ཚོགས་ཆུང་བཅུ་པས་ཚུར་ལན་སྤྲད་པའི་བསམ་འཆར་དག་ཐེར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “མིག་སྔར་སྒྱུར་བཅོས”དང“ཡུན་རིང་འཛུགས་པར”སྤྱི་འདོམས་ཡག་པོ་བྱེད་པ། སྒྲིག་སྲོལ་དང་ལམ་ལུཌ་འཛུགས་རྒྱུར་དམ་འཛིན་ཡག་པོ་བྱེད་པ། སྐོར་གཟིགས་ཀྱི“རྗེས་མཐུད་ལས་དོན”མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། བདེ་འཇགས་ཀྱི་འགན་འཁྲི་ནན་དུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ནུས་ཤུཌ་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་འགོག་ཟོན་ནུས་ལྡན་དང་སེལ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་། མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ། འབྲེལ་ཡོད་པུའུ་ཨུད་དང་འབྲེལ་མཐུད་བྱེད་པར་ཤུཌ་སྣོན་རྒྱག་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།