དབུ་ཤོག>སྲིད་དོན།
  • ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-15

    ཉེ་ཆར་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཚུར་ལན་བསམ་འཆར་བརྒྱུད་བསྒྲགས་དང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་བཅའ་སྡོད་ས་ཚིགས་ཁག་གི་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧོ་ཝུན་ཧའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་ལི་ཝུན་ཀོང་ཚོགས་འདུར་ཞུགས་ཡོད་པ་རེད།

    ཧོ་ཝུན་ཧའོ་ཡིས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིམ་ཁག་འགོ་ཁྲིད་ཀྱིས་རང་འགན་གཙང་སྒྲུབ་དང་ལྷག་པར་དུ་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྲིད་ཁྲིམས་ཚན་པ་ཁག་གི་འགོ་ཁྲིད་ངོ་མས་དམ་འཛིན་བྱེད་དགོས་པ་དང་། བསམ་བློའི་སྐུལ་སློང་དང་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་སྙིང་གཏམ་ཤོད་རེས་ཡག་པོ་བྱས་ཏེ། རང་བཤེར་རང་བཅོས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་པ། ཁུངས་སྣེའི་ཡོང་ཁུངས་རྒྱ་ཆེར་གཏོང་བ་དང་། དཔེ་མཚོན་གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བའི་སློབ་གསོར་ཤུགས་སྣོན། ཁུངས་སྣེའི་ཚུར་ལན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྱོད་གཞི་སྒྲུབ་གཉེར་མགྱོགས་སུ་གཏོང་བ། རང་བཤེར་རང་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། གནད་དོན་གསེད་བཀྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས“6+N”གྱི་བྱ་ཐབས་སྤྱད་དེ་ལྷགས་པའི་གནད་དོན་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཚོད་འཛིན་ལྟ་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཡག་པོ་སྤེལ་ནས་དམངས་བདེ་དམངས་ཕན་གྱི་བྱེད་ཐབས་དེ་བས་མང་བ་བཏོན་ཏེ། དམངས་ལ་ཞབས་འདེགས་ཞུ་བ་ལམ་ལུགས་ཅན་དང་ཕུགས་ཕན་ཅན་ཆགས་པར་བྱེད་དགོས་པ། ཆ་འཕྲིན་གོང་ཞུར་ཤུགས་སྣོན་བརྒྱབ་སྟེ་གོ་ཆོད་ཡུན་ཚད་དང་སྤུས་ཚད་ལེགས་སུ་གཏོང་བ་དང་ཕྱོགས་སྡོམ་བཙོ་སྦྱང་ལ་དོ་སྣང་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་ལས་ཀའི་རྣམ་པ་མངོན་པར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།