དབུ་ཤོག>སྲིད་དོན།
  • ལྗོངས་ཏང་ཨུད་རྩ་འཛུགས་པུས་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་གྱི་པུའུ་དོན་ཨུ་ལྷན་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-15

    ཟླ་4ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་གྱི་པུའུ་དོན་ཨུ་ལྷན་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཡིས་པུའུ་དོན་ཨུ་ལྷན་ཚན་ཁག་གི་ཚབ་ཞུས་ཏེ་ཞིབ་བསྡུར་སྐྱོན་བཤེར་གནང་བ་མ་ཟད། སྣེ་ཁྲིད་དེ་མི་སྒེར་གྱི་ཞིབ་བསྡུར་སྐྱོན་བཤེར་གནང་བ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་སྐོར་གཟིགས་ཀྱི་གཞུག་མའི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ནས་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཡིན་ལུགས་མཚོན་པར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། བྱ་ཐབས་ཏན་ཏིག་དང་ནུས་ལྡན་སྤྱད་ནས་སྤྱི་འདོམས་མཐུན་སྦྱོར་དང་། བཀོད་གཏོང་གྲངས་བཤེར། སྒྲུབ་པར་ལྟ་སྐུལ་རྗེས་སྙེག་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཐོ་གཞིར་བཟུང་དུས་ཐོག་ཏུ་དག་ཐེར་བྱས་ནས་སྐོར་གཟིགས་དག་ཐེར་གྱི་ལས་འགན་ལེགས་སྒྲུབ་ཡོང་བར་བྱེད་དགོས། ཟུར་བསྟན་ལེབ་མཐོང་མཐའ་འཁྱོངས་ཀྱིས་སྒྲིག་འགལ་ངང་མི་སྣ་འདེམས་སྤྱོད་བྱེད་པ་སོགས་ཆེད་དོན་དག་ཐེར་བྱ་སྤྱོད་བཞིར་དམ་འཛིན་ནན་པོ་དང་ཏག་ཏིག་བྱས་ཏེ་རྩ་འཛུགས་ལས་ཀའི་ཞན་ཆ་ཐག་གཅོད་ནུས་ལྡན་བྱེད་དགོས། ཁོངས་གཏོགས་ཀྱི་ལྟ་བ་བཙུགས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རོགས་ཡག་པོ་བྱས་ནས“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས”ཀྱི་ཆེད་དོན་སློབ་གསོ་ཡག་པོ་སྤེལ་བར་མཛུབ་ཁྲིད་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།