དབུ་ཤོག>སྲིད་དོན།
  • ཅང་ཅེས་ལྷ་ས་གྲོང་ཁྱེར་གྱི་དམངས་འཚོའི་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་འཕེལ་རིམ་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-12

    ཉེ་དུས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ལྷ་ས་གྲོང་ཁྱེར་དུ་ཕེབས་ནས། བོད་ལྗོངས་མཛེས་རྩལ་ཁང་དང་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་ཀྱི་དམངས་འཚོའི་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་འཕེལ་རིམ་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་དམངས་འཚོའི་ལས་གྲྭ་ཡག་པོ་བསྒྲུབ་རྒྱུ་དེ་མང་ཚོགས་ལ་ཕན་འདོགས་པ་དང་མི་སེམས་གཅིག་ཏུ་བསྒྲིལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྤུས་ཚད་འགན་ལེན་དང་བདེ་འཇགས་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཡུན་ལྡོག་སྒྲིག་དང་། ལས་རིམ་གསལ་འགོད། གཅིག་སྡུད་འགག་སྒྲོལ་བྱེད་པ་དང་། རྣམ་གྲངས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དམངས་འཚོའི་ལས་གྲྭ་རྩེར་སོན་ལས་གྲྭར་བསྒྱུར་བ་བཅས་བྱས་ནས། བོད་ཀྱི་མཚོན་རྟགས་རང་བཞིན་གྱི་ཨར་སྐྲུན་དུ་འགྱུར་བ་བྱས་ཏེ། ལོ་རྒྱུས་དང་ལག་ལེན་གྱི་ཞིབ་བཤེར་གྱི་ཉམས་སད་ཐེག་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    “ལས་གྲྭའི་འཕེལ་རིམ་གནས་ཚུལ་གང་འདྲ་ཡོད་དམ”“ད་དུང་དཀའ་ངལ་གང་འདུག་གམ”ཞེས་ས་གནས་ས་ཐོག་ཏུ་ཅང་ཅེ་དང་བཅས་པས་གཟིགས་ཞིབ་དང་བཀའ་འདྲི་གནང་ནས། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་དང་། ལས་གྲྭའི་སྤུས་ཚད། ལག་རྩལ་སོགས་གནས་ཚུལ་གྱི་སྙན་སེང་ཞིབ་ཕྲ་གསན་རྗེས། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་གནང་བ་མ་ཟད། རྣམ་གྲངས་འགན་འཁུར་བར་ཨར་ལས་ཀྱི་བདེ་འཇགས་དོ་དམ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབ་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།