དབུ་ཤོག>སྲིད་དོན།
  • ཧོ་ཝུན་ཧའོ་ཡིས་རང་ལྗོངས་ཀྱི་སྲིད་ཁྲིམས་དཔའ་བོ་དཔེ་བཟང་བའི་བྱས་རྗེས་སྙན་ཞུ་ཚོགས་པར་མཇལ་འཕྲད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-12

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཧོ་ཝུན་ཧའོ་ཡིས་རང་ལྗོངས་ཀྱི་སྲིད་ཁྲིམས་དཔའ་བོ་དཔེ་བཟང་བའི་བྱས་རྗེས་སྙན་ཞུ་ཚོགས་པར་མཇལ་འཕྲད་གནང་ནས། སྒྲོག་འགྲེལ་བྱས་ཚུལ་གྱི་སྙན་སེང་གསན་ཏེ་གོམ་སྟབས་རྗེས་མའི་དཔའ་བོ་དཔེ་བཟང་བའི་སྙིང་སྟོབས་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་བཀོད་སྒྲིག་གནང་བ་རེད།

    ཧོ་ཝུན་ཧའོ་ཡིས་དཔའ་བོ་དཔེ་བཟང་བ་དྲིལ་བསྒྲགས་དང་དཔའ་བོ་དཔེ་བཟང་བར་སློབ་སྦྱོང་བྱ་རྒྱུའི་ཐད་ཤུགས་སྣོན་རྒྱག་པ་དང་། དཔའ་བོ་དཔེ་བཟང་བའི་འོད་མདངས་འཚེར་ས་དང་དཔའ་བོ་དཔེ་བཟང་བའི་བྱས་རྗེས་ཀྱི་ནང་དོན་སྔར་བས་སྔོག་འདོན་བྱས་ནས་དཔའ་བོ་དཔེ་བཟང་བ་དྲིལ་བསྒྲགས་བྱེད་པ་བརྒྱུད། རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་སྦྱངས་ན་མིག་དཔེ་ལྟ་ས་ཡོད་པ་དང་། ཚད་འཛིན་ས་ཡོད་པ་བྱས་ཡོད། དཔའ་བོ་དཔེ་བཟང་བའི་ཏང་ལ་ལྷག་བསམ་ཟོལ་མེད་ཀྱི་ཆབ་སྲིད་ཀྱི་གཤིས་སྤྱོད་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ནས་སྲོག་ཤིང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དཔའ་བོ་དཔེ་བཟང་བའི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ནས་མི་དམངས་གོང་དུ་བཀུར་ཏེ་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས། དཔའ་བོ་དཔེ་བཟང་བའི་ཁྲིམས་བསྟར་དྲང་གཞག་གི་ལས་རིགས་སྤྱོད་བཟང་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ནས་ཁྲིམས་བསྟར་བྱེད་སྒོ་དང་ཁྲིམས་བསྟར་ལྷུ་ཚིགས་ཚང་མའི་ཁྲོད་ནས་མི་དམངས་མང་ཚོགས་ཚོས་དྲང་པོ་དྲང་གཞག་ཚོར་ཐུབ་པ་བྱེད་དགོས། དཔའ་བོ་དཔེ་བཟང་བའི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ལས་བརྩོན་སྙིང་སྟོབས་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ནས་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་གོ་རྟོགས་དེ་བས་མཐོ་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་དུས་རབས་ཀྱི་སྙིང་སྟོབས་མངོན་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།