དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-12

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཁག་དང་པོའི་ལས་དོན་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་འབྲེལ་ལག་བསྟར་བསམ་འཆར་ལའང་ཞིབ་འཇུག་གནང་བ་རེད།

    ཝང་ཝུའེ་ཏུང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་དམ་དུ་དང་ནན་དུ་བཏང་ནས། རིམ་ཁག་ཏང་ཨུད་ཀྱིས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་བྱེད་པོའི་འགན་འཁྲི་དང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་ལྟ་སྐུལ་དང་། རིམ་ཁག་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་སྲིད་ཁྲིམས་ཚན་པ་ཁག་གི་ཏང་ཙུའུ(ཏང་ཨུད)ཡིས་ཐད་ཀའི་འགན་འཁྲི་དོན་འཁྱོལ་ལ་ལྟ་སྐུལ་བྱེད་དགོས་པ་དང་། “བྱེད་མི་ཆོག་པ་གསུམ”ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པའི་ལས་ཀའི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཁྲིམས་བསྟར་ཁྲིམས་འཛིན་གྱི་རུལ་སུངས་ལ་ཆད་པ་མཐའ་གཅིག་ཏུ་བཅད་ནས་དམ་བསྒྲགས་ཀྱི་རྣམ་པ་ཆགས་པ་བྱེད་དགོས་པ། འབྲེལ་ཡོད་ཚན་པས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་ནང་ཁུལ་དུ་ཉེན་བརྡ་གཏོང་བའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དཔུང་ཁག་གི་བསམ་བློ་དང་ཆབ་སྲིད་ལས་དོན་ཡག་པོ་བསྒྲུབས་ནས་རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། སྔ་བསླབ་ཕྱི་འདོམས་དང་ནོར་འཁྲུལ་ཡོ་བསྲང་བྱེད་རྒྱུ་མཐའ་འཁྱོངས་དང་། གནད་དོན་ལ་ཕྱོགས་ཡོངས་དང་། ལོ་རྒྱུས་རང་བཞིན། རྩོད་སྒྲུབ་བཅས་ཀྱི་སྒོ་ནས་བལྟ་བ། སྒྲིག་བསྟར་ཁྲིམས་བསྟར་བྱེད་རིང“རང་བཤེར་ལྷུག་པོ་དང་ཞིབ་བཤེར་ནན་པའི”སྲིད་ཇུས་ཀྱི་བྱེད་ཐབས་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་དང་གནད་སྨིན་ངང་སྤྱད་ནས། གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།