དབུ་ཤོག>སྲིད་དོན།
  • ཅང་ཅེ་ཡིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-09

     ཚེས་6ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཡིས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་རྒྱལ་ཡོངས་ཀྱི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གོམ་སྟབས་རྗེས་མའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིམས་འགོག་སྨན་ཁབ་རྒྱག་པའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཅང་ཅེ་ཡིས། ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་མིག་སྔའི་གཙོ་གནད་ལས་དོན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གཙོ་གནད་མི་ཚོགས་དང་། གཙོ་གནད་ས་ཁོངས། གཙོ་གནད་ཁུལ་བཅས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་ན་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། “རིམས་འགོག་སྨན་ཁབ་རྒྱག་དགོས་རིགས་ཚང་མར་རིམས་འགོག་སྨན་ཁབ་རྒྱག་ཐུབ་པ”བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། འགན་འཁྲི་ནན་དུ་གཏོང་བ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་རིམས་འགོག་སྨན་ཁབ་མཁོ་སྤྲོད་འགན་ལེན་དང་། གྲོང་ཁྱེར་དང་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིམས་འགོག་སྨན་ཁབ་རྒྱག་པའི་འཆར་གཞི་ལུགས་མཐུན་ངང་བཟོ་བ། ཇུས་གཞི་ཞིབ་ཚགས་སུ་གང་བ། རིགས་དབྱེ་དང་གོ་རིམ་ལྡན་པའི་ངང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་དགོས། རིམས་འགོག་སྨན་ཁབ་རྒྱག་པའི་ནུས་པ་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། རིམས་འགོག་སྨན་ཁབ་རྒྱག་སར་རིམས་འགོག་སྨན་ཁབ་གསོག་ཉར་སོགས་ལྷན་སྦྱར་སྒྲིག་བཀོད་བཀོད་སྒྲིག་བྱེད་པ། རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ངང་རིམས་འགོག་སྨན་ཁབ་རྒྱག་རྒྱུ་འགན་ལེན་བྱེད་དགོས། “རིམས་འགོག་སྨན་ཁབ་རྒྱག་འདོད་ཡོད་རིགས་ཚང་མར་རྒྱག་པ་དང་རིམས་འགོག་སྨན་ཁབ་རྒྱག་དགོས་རིགས་ཚང་མར་རྒྱག་པའི”རྩ་དོན་ལྟར། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་རིམས་འགོག་སྨན་ཁབ་རྒྱག་པ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་རིམས་འགོག་སྨན་ཁབ་རྒྱག་འདོད་ཆེ་རུ་གཏོང་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཀྱི་རྒྱུན་མཐོང་གི་མི་འཕྲོད་པའི་སྣང་ཚུལ་ལ་འགོག་ཟོན་ནུས་ལྡན་དང་སེལ་བ་བཅས་བྱས་ནས་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བཟང་དེ་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།