དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོངས་གཏོགས་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2021-04-07

     ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་ལ་གཞིགས་ནས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་ཁོངས་གཏོགས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ཕྱོགས་བསྡུས་ཁྲུའུ་གཉིས་པའི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་རེད། ཚེས་5ཉིན་གྱི་སྔ་དྲོ་ཀྲི་པུའི་ཏང་ཡོན་ཚོ་དང་མཉམ་དུ་ལྷ་ས་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཕེབས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དུར་མཆོད་གནང་བ་དང་། ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་གནང་བ་དང་འབྲེལ་ཚང་མ་དང་བཞུགས་མོལ་གནང་ནས་བསམ་བློའི་མྱོང་ཚོར་དང་གྲུབ་འབྲས་ལྷུག་པོར་གླེང་གནང་བ་རེད།

    ལྷ་ས་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་རྩྭ་རྩི་ཤིང་གིས་བསྐོར་བ་དང་གསོམ་ཤིང་དང་ཤུག་པས་ཁེངས་ཤིང་། རྔམ་བརྗིད་སྒམ་བརླིང་ལྡན་པ་ཞིག་ཡོད། ཀྲོང་ཡན་དང་ཀྲི་པུའི་ཏང་ཡོན་ཚོས་གུས་སྟབས་ཀྱིས་ལངས་ནས་ཞུམ་པ་མེད་པར་རང་སྲོག་བློས་གཏོང་མཁན་གྱི་སྔོན་གཤེགས་དཔའ་བོ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

     ངག་བསྡམས་ནས་མྱ་ངན་ཞུས་རྗེས་ཀྲི་པུའི་ཏང་ཡོན་ཚང་མས་ཏང་དར་ལ་ཁ་ཕྱོགས་པ་དང་ལག་གཡས་པ་བརྐྱངས་ཏེ་ཏང་ལ་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཡོད། དེ་རྗེས་ཁོང་རྣམས་པས་རྡོ་སྐས་ལ་འཛེགས་ཏེ་དྲན་གསོའི་རྡོ་རིང་གི་མདུན་དུ་སྔོན་གཤེགས་དཔའ་བོ་ཚོར་མེ་ཏོག་སི་ར་དང་མེ་ཏོག་སོས་པ་ཕུལ་ནས་སྐོར་བ་བརྒྱབ་པ་དང་། སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་བལྟས་ཏེ་སྔོན་གཤེགས་དཔའ་བོ་ཚོར་མྱ་ངན་ཞུ་སེམས་མཚོན་པར་བྱས་ཡོད། ཀྲོང་ཡན་དང་བཅས་པས་ད་དུང་ཁུང་ཧྥན་སེན་སོགས་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་ཆེད་མངགས་ཕེབས་ཏེ་མེ་ཏོག་སོས་པ་དང་ཁ་བཏགས་ཕུལ་བ་རེད།

    དེ་རྗེས་བཞུགས་མོལ་ཚོགས་འདུའི་ཐོག ཀྲི་པུའུ་ཏང་ཡོན་ཚོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་བརྗོད་པ་རེད། ཀྲོང་ཡན་གྱིས་ཀྱང་རང་ཉིད་ཀྱིས་ལྟ་སྐོར་བྱས་པའི་སློབ་སྦྱོང་གི་མྱོང་ཚོར་གླེང་གནང་བ་དང་འབྲེལ་བླང་བྱ་ཁག་གསུམ་བཏོན་ནས་ཚང་མ་དང་མཉམ་དུ་ཡར་རྒྱས་ཡོང་བར་བྱས་པ་རེད། ཁོང་གིས་གསར་བརྗེའི་ཕུགས་འདུན་ཐམས་ཅད་ལས་ལྷག་པར་འཛིན་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དཔའ་ངར་ཆེར་སྐྱེད་ཀྱི་འཐབ་སེམས་རྒྱུན་འཁྱོངས་བྱས་ནས་རང་འགུལ་ངང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། བསམ་པའི་ཀལ་རྒྱུ་གསབ་པ་བཅས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ལ་རྒྱུན་ཆད་མེད་པར་དུས་རབས་གསར་པའི་ནང་དོན་སྣོན་པ་བཅས་བྱེད་དགོས། དངོས་ཐོག་བདེན་འཚོལ་གྱི་ལས་ཀའི་སྤྱོད་ཚུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ལས་དོན་སྒྲུབ་རིང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་། ལས་དོན་གྱི་གྲུབ་འབྲས་ཐད་དངོས་སྒྲུབ་དང་དམངས་ལ་བསམ་བློ་གཏོང་བར་སྣང་ཆེན། སྐད་ཆ་དྲང་པོ་ཤོད་པ་དང་བྱ་བ་དངོས་སྒྲུབ་རྒྱུ་མཐའ་འཁྱོངས། འགན་འཁྲི་འཁུར་ཕོད་པ་དང་ཕན་འབྲས་ལ་སྣང་ཆེན། ལག་ལེན་དངོས་དང་། མི་དམངས་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་པའི་བྱས་རྗེས་ཧུར་ཐག་གཏོད་པ་བཅས་བྱེད་དགོས། སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་བརྩི་སྲུང་ཞུ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་གྱི་ནུས་པ་གང་ལེགས་འདོན་པ་དང་། ཁེངས་སྐྱུང་གཟབ་ནན་དང་ང་རྒྱལ་དང་འཚབ་འཚུབ་སྤོང་བ། མིག་ལྟོས་ཡར་འདྲེན་དང་རང་ངོས་ལེགས་གཏོང་བཅས་མཐའ་འཁྱོངས་བྱེད་པ། ཏང་ལ་ལྷག་བསམ་རྣམ་དག་དང་། རྒྱལ་ཁབ་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ། དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།