དབུ་ཤོག>སྲིད་དོན།
  • རྫོང(ཆུས)ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མི་གྲངས་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-03

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་ཐོག་ལྗོངས་ཡོངས་ཀྱི་རྫོང(ཆུས)ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མི་གྲངས་གཏན་འབེབས་གཤམ་གསལ།

    ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་ལ་29དང་། སྟོད་ལུང་བདེ་ཆེན་ཆུས་ལ་27 ལྷུན་གྲུབ་རྫོང་ལ་27 འདམ་གཞུང་རྫོང་ལ་27 སྙེ་མོ་རྫོང་ལ་25 ཆུ་ཤུར་རྫོང་ལ་25 སྟག་རྩེ་ཆུས་ལ་25 མལ་གྲོ་གུང་དཀར་རྫོང་ལ་27བཅས་དང་།

    གཞིས་རྩེ་གྲོང་ཁྱེར། བསམ་གྲུབ་རྩེ་ཆུས་ལ་29དང་། རྣམ་གླིང་རྫོང་ལ་27 དིང་རི་རྫོང་ལ་27 ས་སྐྱ་རྫོང་ལ་27 ལྷ་རྩེ་རྫོང་ལ་27 ངམ་རིང་རྫོང་ལ་27 བཞད་མཐོང་སྨོན་རྫོང་ལ་27 གཏིང་སྐྱེས་རྫོང་ལ་25 འབྲོང་པ་རྫོང་ལ་25 སྐྱིད་གྲོང་རྫོང་ལ་25 གཉའ་ནང་རྫོང་ལ་25 ས་དགའ་རྫོང་ལ་25 རྒྱལ་རྩེ་རྫོང་ལ་27 པ་སྣམ་རྫོང་ལ་27 རིན་སྤུངས་རྫོང་ལ་25 ཁང་དམར་རྫོང་ལ་25 གྲོ་མོ་རྫོང་ལ་25 གམ་པ་རྫོང་ལ་25བཅས།

    ལྷོ་ཁ་གྲོང་ཁྱེར། སྣེ་གདོང་ཆུས་ལ་27དང་། གྲ་ནང་རྫོང་ལ་25 གོང་དཀར་རྫོང་ལ་27 ཟངས་རི་རྫོང་ལ་25 འཕྱོངས་རྒྱས་རྫོང་ལ་25 ཆུ་གསུམ་རྫོང་ལ་25 རྒྱ་ཚ་རྫོང་ལ་25 ལྷུན་རྩེ་རྫོང་ལ་25 མཚོ་སྣ་རྫོང་ལ་25 མཚོ་སྨད་རྫོང་ལ་25 ལྷོ་བྲག་རྫོང་ལ་25 སྣ་དཀར་རྩེ་རྫོང་ལ་25བཅས།

    ཉིང་ཁྲི་གྲོང་ཁྱེར། བྲག་ཡིབ་ཆུས་ལ་27དང་། ཀོང་པོ་རྒྱ་མདའ་རྫོང་ལ་25 སྨན་གླིང་རྫོང་ལ་25 མེ་ཏོག་རྫོང་ལ་25 སྤོ་བོ་རྫོང་ལ་25 རྫ་ཡུལ་རྫོང་ལ་25 སྣང་རྫོང་ལ་25བཅས།

    ཆབ་མདོ་གྲོང་ཁྱེར། ཁ་རུབ་ཆུས་ལ་29དང་། འཇོ་མདའ་རྫོང་ལ་27 གོ་འཇོ་རྫོང་ལ་25 རི་བོ་ཆེ་རྫོང་ལ་27 སྟེང་ཆེན་རྫོང་ལ་27 བྲག་གཡབ་རྫོང་ལ་27 དཔའ་ཤོད་རྫོང་ལ་25 མཛོ་སྒང་རྫོང་ལ་27 སྨར་ཁམས་རྫོང་ལ་27 ལྷོ་རོང་རྫོང་ལ་27 དཔལ་འབར་རྫོང་ལ་25བཅས།

    ནག་ཆུ་གྲོང་ཁྱེར། གསེར་རྙེད་ཆུས་ལ་29དང་། ལྷ་རི་རྫོང་ལ་25 འབྲི་རུ་རྫོང་ལ་27 སྙན་རོང་རྫོང་ལ་25 ཨ་མདོ་རྫོང་ལ་25 ཤན་རྩ་རྫོང་ལ་25 སོག་རྫོང་ལ་27 དཔལ་མགོན་རྫོང་ལ་25 སྦྲ་ཆེན་རྫོང་ལ་27 ཉི་མ་རྫོང་ལ་25 མཚོ་གཉིས་རྫོང་ལ་25བཅས།

    མངའ་རིས་ས་ཁུལ། སྤུ་ཧྲེང་རྫོང་ལ་25དང་། རྩྭ་མདའ་རྫོང་ལ་17 སྒར་རྫོང་ལ་25 རུ་ཐོག་རྫོང་ལ་25 དགེ་རྒྱས་རྫོང་ལ་25 སྒེར་རྩེ་རྫོང་ལ་25 མཚོ་ཆེན་རྫོང་ལ་25བཅས་རེད།

    རྫོང(ཆུས)ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མི་གྲངས་ལ་སྐབས་འདིའི་མི་དམངས་འཐུས་མི་ཚོགས་ཆེན་རིང་འགྱུར་ལྡོག་གཏོང་རྒྱུ་མིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།