དབུ་ཤོག>སྲིད་དོན།
  • ཅང་ཅེ་རང་ལྗོངས་ཀྱི་རྒྱལ་ཡོངས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་དང་པོར་ཞུགས་མཁན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2021-04-02

    ཚེས་29ཉིན་རང་ལྗོངས་ཀྱིས་རྒྱལ་ཡོངས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་དང་པོར་ཞུགས་པའི་བྱ་དགའ་ཐོབ་མཁན་བདམས་ཐོན་པ་དང་། ཚན་པ་དང་དེ་བཞིན་འགྲན་བསྡུར་ལ་ཞུགས་ཏེ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་དང་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།

    ཅང་ཅེ་ཡིས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། ཐབས་མང་མཉམ་སྤྱོད་དང་ཕྱར་བ་གྲུ་འདེགས་ཀྱིས་རང་ལྗོངས་ཀྱི་རྩལ་ནུས་ཤེས་ལྡན་པ་སྐྱེད་སྲིང་དང་གསོ་སྦྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས། ཁ་གཏད་བོད་སྐྱོར་གྱི་གོ་སྐབས་དམ་འཛིན་གྱིས“གདན་འདྲེན་པ”དང“ཕྱིར་སྐྱོད་པའི”བྱ་ཐབས་སྤྱད་དེ་དགེ་རྒན་གྱི་སྟོབས་ཤུགས་བཀོད་སྒྲིག་ཡག་པོ་བྱས་ནས་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ད་ཡོད་ཀྱི་སློབ་གསོའི་ཐོན་ཁུངས་དང་རྨང་གཞིའི་སྒྲིག་བཀོད་བེད་སྤྱོད་གང་ལེགས་གཏོང་བ་དང་། རྩལ་ནུས་གསོ་སྦྱོང་གི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ། སློབ་གཉེར་གཞི་ཁྱོན་ཆེ་རུ་གཏོང་བ། སློབ་གཉེར་སྤུས་ཚད་འགན་ལེན་བཅས་བྱས་ནས་ལས་རིགས་ཁག་ལ་སྤྱོད་གོ་ཆོད་པའི་རྩལ་ནུས་རྣམ་པའི་ཤེས་ལྡན་པ་མཁོ་འདོན་བྱེད་དགོས། དོན་དངོས་ལ་གཞི་ཚུགས་པ་དང་འབྱུང་འགྱུར་ལ་དམིགས་ཏེ་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་དང་བྱ་ཐབས་དཔྱད་གཞིར་འཛིན་པ་དང་། བོད་ཀྱི་དོན་དངོས་དང་འཚམ་པའི་ལག་རྩལ་བཟོ་པའི་སློབ་གསོའི་མ་ལག་དང་གསོ་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་གི་ལམ་བུ་ཞིག་གཏོད་དགོས། ལས་རིགས་སློབ་གསོ་སྔར་བས་དྲིལ་བསྒྲགས་དང་། ལས་རིགས་སློབ་གསོར་སེམས་ཁུར་བྱེད་པའི་རྣམ་པ་བཟང་པོ་གཏོད་པ། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། གཞོན་ནུ་དེ་བས་མང་བ་རྩལ་ནུས་ལ་བརྟེན་ནས་ཤེས་ལྡན་པར་འགྱུར་བ་དང་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ལམ་བུའི་ཐོག་བསྐྱོད་པར་སྐུལ་ལྕག་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།