དབུ་ཤོག>སྲིད་དོན།
  • ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བཅུ་པའི་སྐོར་གཟིགས་ཚོགས་ཆུང་བཅའ་སྡོད་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-01

     ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ལྗོངས་ཏང་ཨུད་སྐབས་དགུ་པའི་རེས་སྐོར་བཅུ་པའི་སྐོར་གཟིགས་ཀྱིས་སྐོར་གཟིགས་ཚོགས་ཆུང་10བཀོད་སྒྲིག་བྱས་ཏེ་སྐོར་གཟིགས་བྱ་ཡུལ་ས་གནས་དང་ཚན་པར་དུས་ཡུན་ཉིན་30ནས་40བར་རྒྱུན་གཏན་གྱི་སྐོར་གཟིགས་དང་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་རྒྱུ་རེད། ཉེ་ཆར་སྐོར་གཟིགས་ཚོགས་ཆུང་ཚང་མ་བཅའ་སྡོད་ཟིན་ནས་ལས་དོན་སྤེལ་བཞིན་ཡོད་པ་རེད།

    བླང་བྱ་ལྟར་སྐོར་གཟིགས་བྱ་ཡུལ་ས་གནས་དང་ཚན་པས་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་ཚོགས་འདུ་སོ་སོར་འཚོགས་པ་རེད། ཚོགས་འདུ་མ་འཚོག་གོང་སྐོར་གཟིགས་ཚོགས་ཆུང་གིས་སྐོར་གཟིགས་བྱ་ཡུལ་ས་གནས་དང་ཚན་པའི་ཏང་སྲིད་ཀྱི་འགན་ཁུར་བ་གཙོ་བོར་འབྲེལ་ཡོད་ལས་འགན་གྱི་བཀོད་སྒྲིག་བརྡ་ཁྱབ་བཏང་བ་རེད། ཚོགས་འདུའི་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རེས་སྐོར་དགུ་པའི་སྐོར་གཟིགས་གནས་ཚུལ་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་གིས་འབྲེལ་ཡོད་ལས་ཀའི་བླང་བྱ་བཏོན་ནས་ལྗོངས་ཏང་ཨུད་ཀྱི་རེས་སྐོར་བཅུ་པའི་སྐོར་གཟིགས་ཀྱིས་སྐོར་གཟིགས་ལས་ཀའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཆབ་སྲིད་ཀྱི་སྐོར་གཟིགས་བླང་བྱ་གནད་སྨིན་དོན་འཁྱོལ་གྱིས“སྲུང་སྐྱོང་གཉིས”རྩ་བའི་ལས་འགན་ལ་བརྩིས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་གཞིར་བཟུང་། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་ནུས་དང་ལས་འགན་ལ་དམ་པོར་དམིགས་པ་དང་། “དོན་འཁྱོལ་བཞིར”དམིགས་ནས་ལྟ་སྐུལ་བྱེད་པ། སྐོར་གཟིགས་ལྟ་སྐུལ་འགན་སྲུང་ལག་བསྟར་དང་འཐུས་སྒོ་ཚང་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱེད་དགོས། “ཕྱིར་མིག་ལྟ་སའི”ས་གནས་དང་ཚན་པར་ཀྲུང་དབྱང་གི་སྐབས་བཅུ་དགུ་པའི་སྐོར་གཟིགས་ཐེངས་3པ་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་སྐབས་གོང་མའི་སྐོར་གཟིགས་དག་ཐེར་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། གསལ་པོ་མ་རྟོགས་པའི་གནད་དོན་སླར་ཡང་ཤེས་རྟོགས་བྱེད་པ། ཤེས་རྟོགས་མ་ཐུབ་པའི་གནད་དོན་སླར་ཡང་ཤེས་རྟོགས་བཅས་བྱས་ཏེ་ཆབ་སྲིད་ཀྱི་ཧེ་བག་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན་ཡོད། སྐོར་གཟིགས་ཀྱིས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ལ་ལྟ་སྐུལ་ཡོ་བསྲང་བྱེད་པ་མ་ཟད། ངར་ཤུགས་འཕེལ་རྒྱུར་ཡང་རྒྱབ་སྐྱོར་བྱེད་པ་དང་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྒྲིག་ལམ་གྱི་བླང་བྱ་ནན་དུ་གཏོང་བ་བཅས་བྱས་ཏེ་སྐོར་གཟིགས་ཚོགས་ཆུང་དང་མཉམ་དུ་སྐོར་གཟིགས་ཀྱི་ལས་འགན་ཡག་པོ་བསྒྲུབ་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།