དབུ་ཤོག>སྲིད་དོན།
  • ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-27

    ཚེས་25ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》དང《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་འབྲེལ་ཡོད་ཀྱི་ལས་དོན་བཀོད་སྒྲིག་གནང་བ་དང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་དུད་ཚང་གི་བོགས་གཏོང་ཁ་གསབ་དོ་དམ་བྱ་ཐབས་དང་། “ལོ་ལྔ་ཚན་བཅུ་བཞི་པའི”ལས་ཤག་འཛུགས་སྐྲུན་ཇུས་གཞི། བོད་ལུགས་གསོ་བ་རིག་པ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་གཏོང་བ། དེང་རབས་ཚོང་དོན་འཁོར་རྒྱུག་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་གཏོང་བ་སོགས་ཀྱི་དོན་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་2010ལོ་ཚུན། རིམ་རྩིས་བརྒྱབ་ན་ལྗོངས་ཡོངས་ཀྱི་དུད་ཚང་ཐེངས་ཁྲི་10.85དང་། མི་ཐེངས་ཁྲི་16.47ལ་བོགས་གཏོང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་4.93སྤྲད་པས། ཆ་རྐྱེན་དང་འཚམས་པའི་ཡོང་འབབ་དམའ་བའི་དུད་ཚང་ལ“ཁ་གསབ་བྱེད་དགོས་རིགས་ཚང་མར་ཁ་གསབ་བྱེད་པ”མངོན་འགྱུར་བྱུང་ཡོད། གོམ་སྟབས་རྗེས་མར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐོབ་ཐང་ཞིབ་བཤེར་མུ་མཐུད་ཡག་པོ་བྱས་ནས་གནད་སྨིན་འགན་ལེན་བྱེད་པ་དང་། ཆ་འཕྲིན་ཡོངས་བསྒྲགས་དང་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བོགས་གཏོང་ཁ་གསབ་སྤྲོད་པར་དྲང་བཞག་དང་། ཡོངས་བསྒྲགས། དྲང་བདེན་བཅས་ཡོང་རྒྱུའི་འགན་ལེན་བྱེད་དགོས་པ་བསྟན་པ་རེད།

    ཚོགས་འདུའི་ཐོག་སྤྱི་ཤག་འཛུགས་སྐྲུན་བྱ་རྒྱུ་དེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་འགོ་ཁྲིད་ལ་ཤུགས་སྣོན་དང་། ཚན་རིག་དང་མཐུན་པའི་འཆར་འགོད། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལྟ་རྟོག ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱ་ཆེའི་ལས་བྱེད་ལས་བཟོའི་སེམས་ཁྲལ་ཏན་ཏིག་སེལ་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་གཏོང་བར“ས་གོ་ལའི་སྣེ་གསུམ་པའི”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ལ་བརྟེན་ནས་། སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་སྐྱིད་ཁམས་བདེའི་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ་དང་། “བོད་ཀྱི་གསོ་བ་རིག་པའི་ལུམས་རྒྱག་ཐབས”མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་ཚུད་པ་གོ་སྐབས་སུ་བྱས་ནས་རང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དང་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་སྟེ། ལོ་ངོ་སྟོང་གི་མཆོག་ནོར་ཡིན་པའི་བོད་ཀྱི་གསོ་བ་རིག་པར་དེ་བས་བཀྲག་མདངས་འཚེར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག“ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་ལྟར་རང་ལྗོངས་ཀྱི་མིག་སྔའི་དོན་དངོས་ལ་གཞི་ཚུགས་ཏེ། ཚོང་དོན་འཁོར་རྒྱུག་གི་ཐོན་ཁུངས་སྤྱི་འདོམས་དང་། ཞན་ཆ་གསབ་ཚད་མགྱོགས་སུ་གཏོང་བ། དེ་བས་ནུས་ལྡན་གྱི་འཁོར་རྒྱུག་མ་ལག་འཛུགས་པ། ཟོག་འགྲེམས་མ་གནས་དམའ་རུ་ནུས་ལྡན་གཏོང་བ། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ཁྲོད་མགྱོགས་མྱུར་མཉམ་འདྲེས་བྱ་རྒྱུ་དེ་བྱེད་པོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།