དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་བཅུ་པའི་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-23

     ཟླ་3ཚེས་21ཉིན་སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་བཅུ་པའི་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཁྲེན་ཡུང་ཆིས་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རེས་སྐོར་དགུ་པའི་སྐོར་གཟིགས་གནས་ཚུལ་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་འབྲེལ་རེས་སྐོར་བཅུ་པའི་སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་གི་དབང་སྤྲོད་འགན་འཁུར་དང་ལས་འགན་ཁག་བགོས་ཀྱི་གཏན་འབེབས་ཁྱབ་བསྒྲགས་ཀྱང་གནང་བ་རེད།

    ཝང་ཝུའེ་ཏུང་གིས་རེས་སྐོར་བཅུ་པའི་སྐོར་གཟིགས་ཚོགས་ཆུང་གིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོས་ཏེ་འཆར་འགོད་བཀོད་སྒྲིག་ལ་སྐུལ་འདེད་གཏོང་དགོས་པ་དང་། སྐོར་གཟིགས་ཚོགས་ཆུང་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་པའི་ཁར། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“གནད་ལ་མི་འཁེལ་བ་དྲུག”དང“ཧེ་བག་དྲུག”དང་བསྡུར་ནས་སྐོར་གཟིགས་བྱ་ཡུལ་ས་ཁུལ་དང་ཚན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར། ཀྲུང་དབྱང་གི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་གྱི་ལས་དོན་སོགས་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གཏིང་ཟབ་བཙལ་བའི་ཁར། གཙོ་གནད་མི་སྣ་དང་། གཙོ་གནད་ལས་དོན། གཙོ་གནད་གནད་དོན་ལ་བསྡིགས་ཏེ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས་སྐོར་གཟིགས་ལྟ་སྐུལ་ཐད་རྩ་ལག་མཉམ་བཅོས་ཀྱི་འཐབ་ཇུས་ནུས་པ་གང་ལེགས་འདོན་དགོས། སྐོར་གཟིགས་སྒྲིག་གཞིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རང་རྟོགས་ངང་ལྟ་སྐུལ་ནན་ཤོས་དང་ལེན་ཞུས་ཏེ་སྐོར་གཟིགས་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།