དབུ་ཤོག>སྲིད་དོན།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-18

    ཚེས་16ཉིན། རང་སྐྱོང་ལྗོངས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་གང་ཐུབ་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཀྲུང་དབྱང་གི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལམ་སྲོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་རྒྱུན་མཐུད་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལམ་སྲོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། 2020ལོའི་ལྗོངས་ཡོངས་ཀྱི་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གནས་ཚུལ་ལ་ཕྱོགས་སྡོམ། འདི་ལོའི་ཁུར་པོ་ཡང་དུ་གཏོང་བའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    ལིའུ་ཅང་གིས། ཡིག་ཆ་ཁུ་བསྡུ་དང་ཚོགས་འདུ་ཉུང་དུ་གཏོང་བ་དང་། ལྟ་བཤེར་དཔྱད་གསུམ་ཚད་ལྡན་དུ་གཏོང་བ། རིའུ་མིག་རྒྱོང་བ་དང་གྲངས་ཞུའི་ལས་དོན་ཉུང་དུ་གཏོང་བ། “གློད་སྡོམ་ཞབས”གསུམ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་མཐུད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། སྒུལ་བདེའི་དྲ་སྦྲེལ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་སོགས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་ལ་དམ་འཛིན་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་སྣུར་སྲིང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།