དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆི་ལྷོ་ཁ་གྲོང་ཁྱེར་དུ་བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-15

     ཟླ་3ཚེས་4ནས་12ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ལྷོ་ཁ་གྲོང་ཁྱེར་དུ་ལྟ་སྐུལ་ལས་དོན་སྤེལ་བར་ཕེབས་པ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། བསམ་བློའི་ངོས་འཛིན་གནད་དུ་འཁེལ་བར་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་འཐབ་ཇུས་གནས་བབ་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་བརྟན་པོར་ཆུད་པ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་གནད་དུ་འཁེལ་བ། གནད་སྨིན་སྔོན་འགོག་དང་ཚོད་འཛིན་མཐའ་འཁྱོངས། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན། སྤྱི་ཚོགས་དང་མཐའ་མཚམས་ལམ་ཐིག་གི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན། ཆོས་ལུགས་ཁྱབ་ཁོངས་དང་། འདུ་ཤེས་འཛིན་སྟངས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཡོངས་ཁྱབ་ཐུབ་པ་དང་ཁུག་ཆ་མི་ལུས་པ་བྱེད་དགོས་པ་དང་། ལས་དོན་དོན་འཁྱོལ་གནད་དུ་འཁེལ་བར་བྱས་ཏེ་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ངར་ཤུགས་ཀྱིས་ལས་དོན་ཁག་དོན་འཁྱོལ་བྱས་ནས་ལས་དོན་ཚང་མ་དམིགས་སར་འབྱོར་བར་བྱེད་དགོས་པ། དྲིལ་བསྒྲགས་སློབ་གསོ་དམིགས་སར་འབྱོར་བར་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་དྲིན་ཚོར་ཡར་བརྩོན་བྱེད་པར་ཁྲིད་སྟོན་བྱེད་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་དམིགས་སར་འབྱོར་བ་དང་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དམིགས་སར་འབྱོར་བར་བྱས་ཏེ་ལས་ཀའི་སྒྲིག་ལམ་ནན་དུ་གཏོང་བ་དང་། དོན་འཁྱོལ་ཐད་རིམ་པ་བཞིན་དུ་མིག་དཔེ་སྟོན་པ་དང་ལག་ལེན་ཐད་རིམ་པ་བཞིན་དུ་སྣེ་ཁྲིད་བྱས་ནས་མཉམ་འཛིན་མཉམ་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་གནད་དུ་འཁེལ་བར་བྱས་ཏེ་མ་ལག་འདུ་ཤེས་མཐའ་འཁྱོངས་དང་། “དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”དོན་འཁྱོལ་ལ་དམིགས་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཏན་ཏིག་བྱེད་པ། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ཚད་གཞི་མཐོ་པོས་ལེགས་སྒྲུབ་བྱེད་པ། སྐབས་བརྗེའི་ལས་དོན་ཞིབ་ཚགས་སྒྲུབ་པ། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་བྱ་གཞག་ཁག་དང་མཉམ་དུ་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་སྤེལ་རེས་ཐུབ་པར་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ཏེ་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།