དབུ་ཤོག>སྲིད་དོན།
  • ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་2021ལོའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-15

     ཉེ་ཆར། ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་2021ལོའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བདུན་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན། ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་དོན་འཁྱོལ་བྱེད་པའི་སྐུལ་སློང་ཚོགས་འདུའི་དགོངས་དོན་དང《ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དག་ཐེར་ཇུས་གཞི》བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་ཀྱང་གནང་བ་རེད། ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་དང་། སངས་རྒྱས་གྲགས་པ། སྒྲོལ་དཀར། ལེ་ཀུའེ་ལུང་། རྒྱ་མཚོ་ལྷ་མོ། ཏུའུ་ཅན་ཀུང་བཅས་ཚོགས་འདུར་ཞུགས་པ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་ཚོཌ་འདུར་ཟུར་ཞུགས་གནང་བ་རེད། 

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཚོགས་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། ལྷག་པར་དུ་ཏང་ཡོན་ཨུ་ཡོན་དང་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ནན་ཏན་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་བ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དོན་འཁྱོལ། སྲིད་གྲོས་ནི་ཆབ་སྲིད་ཀྱི་གཅིག་མཐུན་འདུས་གྲུབ་ཡིན་པའི་ངེས་གནས་ཁོང་དུ་ཏན་ཏིག་ཆུད་པ། ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དང་ཡང་ཡང་སྡུར་བ། རྣམ་པ་དང་གཞི་རྟེན་གསར་གཏོད་དང་ཁྱད་ལྡན་གྱི་ཐོན་ཁུངས་སྔོག་འདོན། ལས་ཀའི་གཙོ་གནད་འབུར་དུ་ཐོན་པ། ཆེད་མངགས་གྲོས་མོལ་སྒྲིག་གཞིའི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བཅས་བྱས་ནས་སྤུས་ཚད་མཐོ་བའི་གྲོས་མོལ་ཇུས་འབུལ་གྱི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་དགོས།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། སྐོར་གཟིགས་དག་ཐེར་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་སྟོན་ཕྱོགས་སུ་འཛིན་པ། འབྲས་བུ་སྟོན་ཕྱོགས་སུ་འཛིན་པ་བཅས་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་གནད་དོན་དང་ལེན། གནད་དོན་རེ་རེ་བཞིན་ལྟ་བསྡུར་ཞིབ་བཤེར། གཅིག་ཤེས་ཀུན་གྲོལ་བཅས་བྱས་ཏེ། སྐོར་གཟིགས་དག་ཐེར་ལས་དོན་གྱི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྐོར་གཟིགས་དག་ཐེར་གྱི་ལས་དོན་ཁག་དམིགས་སར་འབྱོར་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྩ་བའི་དགོངས་གཞི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང“འགན་འཁྲི་གཉིས”ལ་དམ་འཛིན་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་བས་གཏིང་ཟབ་དང་དེ་བས་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།