དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་བུད་མེད་འཐུས་མིར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2021-03-10

    “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཐེངས་111པའི་ཉིན་དེར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་བྱམས་བརྩེའི་འཚམས་འདྲི་དང་བཅས། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ལྷ་སར་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་བུད་མེད་ངལ་རྩོལ་པའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་སྤུན་ཟླ་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོའང་ཞུས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནི་ལྗོངས་ཡོངས་ཀྱི་འགོས་ནད་ཆེད་ལས་ཚན་ཁག་གི་སྨན་ཁང་གཅིག་པུ་དེ་ཡིན་པ་དང་། སྨན་ཁང་དེའི་སྨན་དོན་མི་སྣ་བཅུ་ཆ་བདུན་བུད་མེད་རེད། ཀྲོང་ཡན་གྱིས་ན་ནིང་ཏོག་གསར་གློ་ཚད་ཐོན་རྗེས་རང་ལྗོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པ་དང་ལྷག་པར་དུ་བུད་མེད་སྨན་དོན་ལས་དོན་པས་ནད་བཅོས་སྲོག་སྐྱོབ་དང་། སྨན་པའི་བྱམས་སེམས། ལྷད་མེད་བརྩེ་སེམས་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། དམག་འཐབ་ཆེ་མོའི་ཁྲོད་ཐོག་མའི་འགན་འཁྲི་ལག་བསྟར་བྱེད་པ་དང་རྒྱུགས་ཆེན་ཁྲོད་ཚད་གཞི་ལོན་པའི་རྒྱུགས་ལན་ཞིག་ཕུལ་ནས། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དང་། ས་བབ་མཐོ་བའི་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཆེད་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དཔའ་ངར་ཆེར་སྐྱེད་དང་ཡར་ཐོན་གྱི་སེམས་ཤུགས་རྒྱུན་འཁྱོངས་བྱེད་པ། རང་འཁྲིའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་མུ་མཐུད་འགན་ལེན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    ཁོར་ཡུག་སྲུང་སྐྱོང་བཟོ་པ་ཚོས་ལོ་གཅིག་དུས་བཞི་ཉིན་གཅིག་ལྟར་དཀའ་སྤྱད་འབད་བརྩོན་གྱིས་སྤྱིར་བཏང་གི་ལས་གནས་ཐོག་ལེགས་སྐྱེས་འབུལ་བཞིན་ཡོད། ཁྲེང་ཀོན་ཆུས་ཅེ་ཏ་ཁོར་ཡུག་སྲུང་སྐྱོང་གཙང་སྦྲ་ཀུང་སི་ཆུ་མིག་ལམ་སྤྱི་གླིང་ངལ་གསོ་ས་ཚིགས་སུ་ཀྲོང་ཡན་གྱིས་བུད་མེད་གཙང་སྦྲ་བའི་འཐུས་མིར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཧྲི་ཁྲོན་ཞང་གི་མི་སེམས་འགུལ་བའི་གཏམ་རྒྱུད་གསུངས་པ་མ་ཟད། རང་ཉིད་ཀྱི་ཉམས་མྱོང་དང་ལྗོངས་ཕྱི་ནང་གི་ཡུལ་སྐོར་བས་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་གཙང་ཞིང་ལྟ་ན་སྡུག་ཅེས་བརྗོད་ལུགས་ཁོང་ཚོར་གསུངས་པ་དང་། རྒྱ་ཆེའི་ཁོར་ཡུག་སྲུང་སྐྱོང་བཟོ་པ་ཚོས་དཀའ་སྤྱད་འབད་བརྩོན་བྱས་པར་བསྔགས་བརྗོད་ཀྱང་གནང་བ་རེད། ཀྲོང་ཡན་གྱིས་ཚང་མས་ཧྲི་ཁྲོན་ཞང་གི“མི་གཅིག་བཙོག་པ་ཆགས་ན་ཡང་། ཁྱིམ་ཚང་ཁྲི་སྟོང་གཙང་མ་ཆགས”ཞེས་པའི་བླ་ན་མེད་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་གཏམ་རྒྱུད་མུ་མཐུད་བརྩམས་ནས་ལྷ་ས་དེ་བས་མཛེས་སྡུག་ལྡན་པ་དང་བོད་ལྗོངས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་རེད།

    ཀྲོང་ཡན་དང་བཅས་པ་བོད་དམག་ཁུལ་ཁང་ཆབ་སྲིད་ལས་དོན་པུའི་རིག་རྩལ་ཚོགས་པར་ཕེབས་ནས། འཐབ་འཛིང་པ་ཚོས་འཁྲབ་སྟོན་བྱས་པའི《མི་རིགས་ཀྱི་མཚར་སྡུག》ཞེས་པ་གཟིགས་པ་རེད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རྒྱ་ཆེའི་བུད་མེད་སྤུན་ཟླ་ཚུད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་འབད་བརྩོན་དང་ཁ་འབྲལ་ཐབས་མེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླ་ཚོས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་སྨན་བཅོས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། “དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བར་དམིགས་ནས། སྲོལ་རྒྱུན་བཟང་པོ་སྔར་བས་དར་སྤེལ་གཏོང་བ་དང་། རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། རླབས་ཆེན་བྱ་གཞག་གི་འཛུགས་སྐྲུན་པ་དང་། ཤེས་དཔལ་དར་སྲོལ་གྱི་སྲོལ་གཏོད་པ། ཕུགས་བསམ་དོན་གཉེར་བྱེད་ཕོད་པའི་འབད་འཐབ་པ་བཅས་བརྩོན་ལེན་བྱས་ཏེ། རང་གཅེས་དང་། ཡིད་ཆེས། རང་ཚུགས། རང་སྟོབས་བཅས་ཀྱི་དུས་རབས་གསར་པའི་བུད་མེད་ཧུར་ཐག་བྱེད་དགོས། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།