དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་གྲ་སྒྲིག་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-06

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་ལྷ་སར་དཔྱིད་རྨོས་དཔྱིད་འདེབས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    ཡན་ཅིན་ཧའེ་ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཞིང་སྨན་མཛོད་ཁང་དུ་ཕེབས་ནས། ཞིང་སྨན་གྲབས་གསོག་གི་གྲངས་འབོར་དང་། ཐོན་སྐྱེད་ཀྱི་དགོས་མཁོ། ས་བོན་གྱི་མཁོ་སྤྲོད། རིན་གོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཡན་ཅིན་ཧའེ་ཡིས་ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག་ཡོད། གྲོང་ཁྱེར་ཡོངས་སུ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད་པ་དང་། ཞིང་ལས་ཀྱི་དུས་ཚོད་ཛ་དྲག་ཆེ་ལ་ལས་འགན་ལྕི་པོ་ཡོད་པས། རིན་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བྱ་སྤྱོད་མྱུར་དུ་སྤེལ་ནས། དཔྱིད་རྨོས་ཐོན་སྐྱེད་ཀྱི་འཆར་གཞི་དང་ཞིང་དུད་ཀྱི་དགོས་མཁོར་གཞིགས་པ་དང་། ལས་ཀའི་བྱེད་ཐབས་ལེགས་སུ་གཏོང་བ། ཞིང་སྨན་དང་རྫས་ལུད་སོགས་ཞིང་ལས་ཐོན་སྐྱེད་ཀྱི་རྒྱུ་ཆ་མཁོ་སྤྲོད་འདང་ངེས་དང་། སྤུས་ཚད་བློས་འགེལ་ཆོག་པ། རིན་གོང་བརྟན་པ་བཅས་ཀྱི་འགན་ལེན་བྱས་ནས་དཔྱིད་རྨོས་དཔྱིད་འདེབས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    བོད་ཞིང་ཚོགས་པའི་རྫས་ལུད་གྲབས་གསོག་མཛོད་ཁང་དུ་རྫས་ལུད་རྫས་ཤོག་རེ་རེ་བཞིན་རླངས་འཁོར་དུ་བླུགས་ནས་ཧ་ཅང་བྲེལ་འཚུབ་ཆེན་པོས་ལྗོངས་ཡོངས་སུ་གཏོང་བཞིན་ཡོད་པ་རེད། ཡན་ཅིན་ཧའེ་ཡིས་རྫས་ལུད་ཀྱི་རྒྱུ་ཆའི་ཡོངས་ཁུངས་དང་། ཐོན་སྐྱེད་ལས་སྣོན། དེ་བཞིན་གྲབས་གསོག་གནས་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་དེང་རབས་ཞིང་ལས་ཀྱི་ཐོན་མཐོ་དང་། སྤུས་ལེགས། ཕན་ཆེ་བཅས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ནས། ཐོན་རྫས་ཀྱི་སྤུས་ཚད་འགག་སྒོ་ནན་པོར་སྲུང་བ་དང་། སྤུས་ལེགས་ཀྱི་རྫས་ལུད་མཁོ་འདོན་བྱས་ཏེ་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གནོད་མེད་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པ་དང་། བོད་ཞིང་ཚོགས་པས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཁོ་ཚོང་ཁང་དང་མཉམ་ལས་བྱས་ནས་བཟོ་ལས་ཐོན་རྫས་གཤམ་གཏོང་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་ཕྱིར་གཏོང་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་སྤུས་དག་ལ་བརྟེན་ནས་རྣམ་པར་རྒྱལ་བར་བྱེད་དགོས། ཐོན་མཐོ་དང་། སྤུས་ལེགས། ཕན་ཆེ། སྐྱེ་ཁམས། བདེ་འཇགས་བཅས་ཀྱི་བླང་བྱ་གཞིར་བཟུང་། འབྱུང་རྩ་ནས་དམ་འཛིན་དང་སྐྱེ་ལྡན་ལུད་ཐོན་སྐྱེད་ཤུགས་ཆེན་བྱེད་དགོས་པ་དང་། གདེང་ཚོད་བརྟན་དུ་བཏང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་གྲངས་འབོར་ཉུང་དུ་གཏོང་བ་དང་ཐོན་ཚད་མང་དུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་དང་ཡོང་འབབ་མང་དུ་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། རྫས་ལུད་དང་ཞིང་སྨན་གྱི་གྲངས་འབོར་ཉུང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ། འདེབས་འཛུགས་དང་། ལས་སྣོན། བྲིན་ཚོང་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་འཁོར་འབྲེལ་ཧྲིལ་པོ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་བདེ་ཐང་དང་། བདེ་འཇགས། བློས་འཁེལ་བ་བཅས་ཀྱི་བོད་ཀྱི་གནོད་མེད་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།