དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུཌ་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-27

    ཚེས་25ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ཡང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ཁོངས་གཏོགས་ཀྱིས་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་མཐོ་བའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་དང་། དམ་འཛིན་ཡག་པོ། ཕན་འབྲས་ཐོན་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། སྡེ་ཚན་ཁག་དང་ཏང་ཡོན་ལས་བྱེད་པས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་བསྒྲུབ”དང་། གསར་བརྗེའི་རྗེས་ཤུལ་ལ་ལྟ་སྐོར་དུ་སྐྱོད་པ། རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱ་གསར་རྩོམ་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་སོགས་ཀྱི་ལག་ལེན་བྱེད་སྒོ་གསར་གཏོད་ལྡན་པའི་ངང་སྤེལ་རྒྱུར་སྐུལ་ལྕག་བཏང་སྟེ། ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བརྩེ་བ་དང་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། ཏང་གཤིས་ཟབ་ཏུ་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལག་ལེན་ངོ་མར་འགྱུར་བ་བྱེད་དགོས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱ་རྒྱུ་དང་ལྗོངས་ཡོངས་སུ་སྤེལ་བཞིན་པའི“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ་བཅས”དགོས་པའི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ནས། ལྗོངས་ཏང་ཨུད་ཀྱིས་དཀྲིས་པའི་ལས་འགན་ནན་ཏན་ངང་ལེགས་སྒྲུབ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།