དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-25

    ཟླ་2ཚེས་22ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་གཟིགས་ཀྱི་དག་ཐེར་ལས་དོན་སྐོར་གྱི་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་གྱི་ལས་དོན་བཀོད་སྒྲིག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པའི་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་སྐོར་གྱི་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་དག་ཐེར་ཇུས་གཞིར་ཞིབ་འཇུག་ཀྱང་བྱས་པ་རེད།

    ཝང་ཝུའེ་ཏུང་གིས་བསྟན་དོན། ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ནི་སྒམ་ནན་གྱི་ཆབ་སྲིད་ལས་འགན་ཞིག་ཡིན་ལ། “སྲུང་སྐྱོང་གཉིས”ལ་ཞིབ་དཔྱད་བྱེད་པའི་རྡོ་ཀ་ཤུ་ཀ་ལྟ་བུ་ཡང་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སྐོར་གཟིགས་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་གཟིགས་ཀྱི་ཚུར་ལན་སྤྲོད་པའི་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་དོན་འཁྱོལ་བྱེད་པའི་སྐུལ་སློང་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལྟར་སྐོར་གཟིགས་དག་ཐེར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལྟ་སྐུལ་གྱི་གཙོ་གནད་དུ་བརྩིས་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྐོར་གཟིགས་དག་ཐེར་གྱི་འགན་འཁྲི་ཏན་ཏིག་འཁུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དག་ཐེར་ཇུས་གཞི་དང་བསྡུར་བ་བྱེད་པ། གནད་དོན་རེ་རེ་བཞིན་རང་འགུལ་དང་ལེན་དང་དག་ཐེར་ཏན་ཏིག་བཅས་བྱས་ནས་ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་ཚང་མ་དག་ཐེར་གནད་སྨིན་ཡོང་བ་བྱེད་དགོས།

    ཝང་ཝུའེ་ཏུང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་གཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྐོར་གཟིགས་དག་ཐེར་གྱི་ལས་དོན་ཁྲོད་མིག་དཔེ་འདོན་པ་དང་། ཕྱོགས་ཡོངས་ནས་དག་ཐེར་མཐའ་འཁྱོངས། ཀྲུང་དབྱང་སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་དང་པོ་ནས་འགོ་བཙུགས་ཏེ་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་དང་རེ་རེ་བཞིན་ལ་གཅིག་ཤེས་ཀུན་གྲོལ། དེ་གོང་གི་སྐོར་གཟིགས་དག་ཐེར་གནད་ལ་མ་ཁེལ་བའི་གནད་དོན་དག་ཐེར་དང་སྐོར་གཟིགས་ལས་དོན་གྱི་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ནང་བཏོན་པའི་གནད་དོན་དང་ཟུང་འབྲེལ་བཅས་བྱས་ནས་གཅིག་ཀྱང་མ་ལུས་པར་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། གོ་རིམ་ལྡན་པའི་ངང་དག་ཐེར་མཐའ་འཁྱོངས་དང་། “མཉམ་འདྲེས་བཞིའི”དག་ཐེར་བླང་བྱ་དོན་འཁྱོལ། ལྟ་སྐུལ་འགན་འཁྲིའི་ཁྲོད་གནས་པའི་ཉམས་ཞན་ལྷུ་ཚིགས་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ། གོང་འོག་མཉམ་འགུལ་གྱིས་ཐུན་མོང་ཐོག་དག་ཐེར་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་སྐྱོན་ཆ་དང་ཞན་ཆ་ཐག་གཅོད་བྱེད་པའི་ཁྲོད་ལྟ་སྐུལ་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་དགོས། ཞིབ་ཕྲའི་གནད་དོན་ལ་དམིགས་ཏེ་དག་ཐེར་ལ་དམ་འཛིན་བྱས་ནས་ཀྲུང་དབྱང་གི་སྐོར་གཟིགས་བྱ་ཡུལ་དུ་ཐོན་པའི་དཔེ་མཚོན་གྱི་གནད་དོན་དང་རྩིས་སྤྲད་པའི་གནད་དོན་ཀྱི་ཁུངས་སྣེ་དང་ཡིག་བསྐུར་ངོ་བཅར་གྱི་གནད་དོན་དག་རེ་རེ་བཞིན་ཐག་གཅོད་བྱ་རྒྱུར་དམ་འཛིན་དང་དག་ཐེར་ལ་ལྟ་སྐུལ་བྱས་ཏེ་བྱ་བ་ཚང་མ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།