དབུ་ཤོག>སྲིད་དོན།
  • བོད་ལྕགས་གླང་ལོའི་ལོ་གསར་གྱི་སྲོལ་རྒྱུན་མི་རིགས་རྟ་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཡུལ་དུ་གཟིགས་མོ་བ་མི་གཏོང་བའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-11

    ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། མི་སྣ་འདུ་འཛོམས་ཉུང་དུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་པ་དང་། དུས་ཆེན་གྱི་ལུས་རྩལ་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད། བོད་ལྕགས་གླང་ལོའི་ལོ་གསར་གྱི་སྲོལ་རྒྱུན་མི་རིགས་རྟ་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ཡུལ་དུ་གཟིགས་མོ་བ་མི་གཏོང་བར་དྲ་ཐོག་ནས་བརྙན་ལམ་བསྟན་རྒྱུ་ཡིན། འབྲེལ་ཡོད་བཀོད་སྒྲིག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

    གཅིག ནང་དོན་བཀོད་སྒྲིག

    མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་དང་དེང་རབས་རྟ་རྩལ།

    གཉིས། བཀོད་སྒྲིག་དུས་ཚོད།

    2021ལོའི་ཟླ་2ཚེས་14ཉིན (བོད་ཟླ་དང་པོའི་ཚེས་གསུམ་ཉིན)གྱི་ཆུ་ཚོད་10དང་སྐར་མ་30

    གསུམ། གཏོང་སྤེལ་བྱེད་སྟངས།

    སྟེགས་བུ་དང་པོ། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་APPདང་། བོད་ལྗོངས་ཉིན་རེའི་ཚགས་པར་སྐད་འཕྲིན་སྤྱི་སྟེགས། བོད་ལྗོངས་ཉིན་རེའི་ཚགས་པར་ཤིན་ལང་དཔོད་ཕྲན།

    སྟེགས་བུ་གཉིས་པ། བོད་ལྗོངས་འགྲེམ་བསྒྲགས་སྐད་འཕྲིན་སྤྱི་སྟེགས།

    སྟེགས་བུ་གསུམ་པ། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་གྱི་སྐད་འཕྲིན་སྤྱི་སྟེགས།

    སྟེགས་བུ་བཞི་པ། བོད་ལྗོངས་ཚོང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་བཅས་ཡིན་པས་རྒྱ་ཆེའི་མང་ཚོཌ་མཆོག་ནས་དུས་ཐོག་ཏུ་དགྱེས་གཟིཌ་ཡོད་པར་ཞུ།

    དམིགས་སུ་བཀར་ནས་སྤྱི་བསྒྲགས་འདི་སྤེལ།

    བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས།

    2021ལོའི་ཟླ་2ཚེས་9ཉིན།

    160056_yis_1612972800000_s.jpg

    བོད་ལྗོངས་ཉིན་རེའི་ཚགས་པར་སྐད་འཕྲིན་སྤྱི་སྟེགས་ཀྱི་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།

    160054_yis_1612972800000_s.jpg

    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་APPཡི་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།

    160048_yis_1612972800000_s.jpg

    བོད་ལྗོངས་ཉིན་རེའི་ཚགས་པར་ཤིན་ལང་དཔོད་ཕྲན་གྱི་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།

    160046_yis_1612972800000_s.jpg

    བོད་ལྗོངས་འགྲེམ་བསྒྲགས་སྐད་འཕྲིན་སྤྱི་སྟེགས་ཀྱི་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།

    160052_yis_1612972800000_s.jpg

    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་གྱི་སྐད་འཕྲིན་སྤྱི་སྟེགས་ཀྱི་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།

    160050_yis_1612972800000_s.jpg

    བོད་ལྗོངས་ཚོང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ཀྱི་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།