དབུ་ཤོག>སྲིད་དོན།
  • བསྟན་ཁོས་རྒན་ཡོལ་ཞུས་པ་དང་ཏང་ཕྱིའི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་ཏང་ཕྱིའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-09

     དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ། ཚེས་7ཉིན་གྱི་སྔ་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བསྟན་ཁོས་ལྷ་སར་བཞུགས་པའི་རྒན་ཡོལ་ཞུས་པ་དང་ཏང་ཕྱིའི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་ཏང་ཕྱིའི་འཐུས་མི་ཁག་གཅིག་ལ་གཟིགས་པ་དང་འཚམས་འདྲི་གནང་ནས་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱི་ཚབ་ཞུས་ཏེ་ཁོ་ཚོར་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེ་ཀུའེ་ལུང་ལྷན་དུ་ཕེབས་ཡོད་པ་རེད།

    ས་ཆ་རེར་སླེབས་རིམ་བཞིན་བསྟན་ཁོས་ཁོ་ཚོ་དང་མཇལ་དར་འབུལ་རེས་བྱས་ཏེ་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་ད་དུང་ཁོ་ཚོའི་ལས་དོན་དང་། འཚོ་བ། གཟུགས་པོའི་གནས་ཚུལ་བཅས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ། ཚང་མ་དང་མཉམ་དུ་བསྡད་ནས་སྤྱིར་བཏང་མིན་པའི་ལོ་ཟླ་དྲན་གསོ་དང་མཛེས་སྡུག་ལྡན་པའི་འཚོ་བ་ལྷུག་པོར་གླེང་བ་རེད། བསྟན་ཁོས་ལོ་གཅིག་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་ཚང་མས་རང་ཉིད་ཀྱི་ཁྱབ་ཁོངས་དང་ལས་གནས་སུ་རང་ལྗོངས་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་སྤྱི་ཡོངས་ལ་དམིགས་ནས་སེམས་ནུས་གཅིག་སྒྲིལ་དང་བྱས་རྗེས་ཧུར་ཐག་བཞག་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་བློ་ཁ་གཅིག་མཐུན་དང་བྱ་སྤྱོད་གཅིག་མཐུན་ཡོང་བར་བྱས་ཏེ་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཚང་མས་དཀའ་སྤྱད་ལེགས་སྐྱེས་ཕུལ་བར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།