དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་སར“དུས་ཆེན་གཉིས”རིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-05

    ཚེས་2ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ལྷ་སའི་མེ་འཁོར་འབབ་ཚུགས་དང་བྱང་འདབས་འགྲུལ་སྐྱེལ་འབབ་ཚུགས་སོགས་སུ་ཕེབས་ནས“དུས་ཆེན་གཉིས”རིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

    ལྷ་ས་གྲོང་ཁྱེར་མེ་འཁོར་འབབ་ཚུགས་སུ་ལས་དོན་པས་རྡོག་ཁྲེས་རེ་རེ་བཞིན་ལ་ཞིབ་ཚགས་ངང་དུག་སེལ་བྱེད་ཀྱི་ཡོད། ཀྲོང་ཡན་དང་བཅས་པས་ཕེབས་ཞོར་གཟིགས་ཞོར་དུ་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་ལས་ཀའི་སྙན་ཞུ་ནན་ཏན་ངང་གསན་པ་དང་ལྟ་སྐུལ་ཚོད་འཛིན་ལྟེ་གནས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་མ་ཟད། ལས་དོན་མི་སྣར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཏན་ཏིག་སྒྲུབ་པ། སྙིང་སྟོབས་ཆེར་སྐྱེད་ཀྱིས“དུས་ཆེན་གཉིས”རིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་དང་འགན་ལེན་ལས་དོན་ཁྲོད་ཞུགས་ཏེ་བདེ་འཇགས་དང་། བརྟན་ལྷིང་། གོ་རིམ་ལྡན་པ་བཅས་ཀྱི་སྐྱེལ་འདྲེན་ཞབས་ཞུ་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས་པའི་མངགས་བཅོལ་ཡང་གནང་བ་རེད།

    ལྷ་ས་གྲོང་ཁྱེར་བྱང་འདབས་འགྲུལ་སྐྱེལ་འབབ་ཚུགས་སུ་ཀྲོང་ཡན་གྱིས་འགྲུལ་པ་དང་སྐྱེལ་འདྲེན་གྱི་འགན་ལེན་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ཆབས་ཅིག་རྒན་རྒོན་གྱི“བདེ་ཐང་ཨང་རྟཌ”ཚབ་གཉེར་ཚབ་བཤེར་བྱེད་སར་བཞུགས་ནས་སྙན་སེང་གསན་པ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ནས་དུས་ཆེན་གོང་གི་སྐྱེལ་འདྲེན་ཞབས་ཞུ་འགན་ལེན་གྱི་འཐབ་ས་དང་པོའི་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་མ་ཟད། “དུས་ཆེན་གཉིས”རིང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབ་རྒྱུར་བླང་བྱའང་བཏོན་གནང་ཞིང་། ཁོང་གིས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཨང་དང་པོར་བཞག་སྟེ་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་རྒྱུན་མཐུད་དམག་འཐབ་རྒྱག་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། གཉིས་ནས་བདེ་འཇགས་ཐོན་སྐྱེད་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་ནས“བདེ་འཇགས་ཨང་དང་པོ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་བརྟན་པོར་འཛུགས་པ། གསུམ་ནས་སྒྲིག་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་འགྲུལ་པའི་བསྡོམས་འབོར་དང་འགྱུར་ལྡོག་འགྲོ་ཚུལ་ལ་ཞིབ་འཇུག་བརྡར་གཅོད་དང་དབྱེ་ཞིབ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་སྐྱེལ་འདྲེན་བཀོད་སྒྲིག་བྱེད་ནུས་སྔར་བས་ལེགས་སུ་གཏོང་བ། བཞི་ནས་འགན་འཁྲི་ནན་དུ་ཏན་ཏིག་བཏང་ནས་ཁོངས་གཏོགས་ཀྱི་དོ་དམ་འགན་འཁྲི་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།