བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།
འཐུས་མི་རྣམ་པ།
ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར། ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་གནང་།
འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་གཙོ་བོ།
2020ལོར་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་ལག་བསྟར་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཡོད་ལ། ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་སྲིད་དོན་མཛད་ཕྱོགས་ཆེ་མོའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམིགས་ཏེ། རང་འགུལ་ངང་ཐེག་པ་ཁུར་ལེན་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ལག་བསྟར་ནན་ཏན་བྱས་པར་བརྟེན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལེགས་སྒྲུབ་བྱས་ཡོད།
ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་10སྐོང་ཚོགས་བྱས་ཏེ་ཁྲིམས་སྲོལ་གྱི་འཆར་ཟིན་ཁག་12ལ་གྲོས་ཞིབ་བྱས་ནས་འཆར་ཟིན་ཁག་10ལ་གྲོས་འཆམ་བྱུང་ཡོད། ཆེད་དོན་ལས་དོན་སྙན་ཞུ་ཁག་38ཉན་ནས་གྲོས་ཞིབ་བྱས་ཤིང་། ཆེད་དོན་བརྟག་ཞིབ་ཐེངས་12བྱས་པ། གྲོས་ཞིབ་བསམ་འཆར་ཁག་104བརྒྱུད་སྒྲུབ་བྱས་པ། འཐུས་མིའི་གྲོས་འཆར་ཁག་269ཚང་མར་ལན་འདེབས་ཡོད། གྲོས་ཆོད་དང་གཏན་འབེབས་ཁག་17བཟོས་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་མི་ཐེངས་138ཁྲིམས་བཞིན་བསྐོ་འཐེན་བྱས་པ། རྩིས་བཤེར་བརྒྱུད་ནས་རྩད་གཅོད་ཐུབ་པའི་གནད་དོན་དག་ཐེར་བྱས་ཚུལ་ཐད་ཀྱི་བློ་མོས་བྱུང་ཚུལ་ལ་ཐོག་མར་དཔྱད་བསྡུར་བྱས་ཁར། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་7ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཀའ་མངགས་ལྟར་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཡོད།
གཅིག ཆབ་སྲིད་ཀྱི་ཚུགས་གནས་མཐའ་འཁྱོངས་བྱས་ཏེ། ཏང་གི་གསར་གཏོད་རིགས་གཞུང་གི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་པ།
ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་རྒྱུ་དེ་ཉིད་ཆབ་སྲིད་ཀྱི་ཚད་གཞི་མཐོ་ཤོས་དང་ཆབ་སྲིད་ཀྱི་རྩ་བའི་སྒྲིག་ལམ་ཞིག་ཏུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་གནང་བའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ནས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཡོད། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅིའི་ཁ་ཕྱོགས་ཀྱིས་ཁ་ཕྱོགས་བྱེད་པ་དང་། ཏང་གི་དར་ཆས་དར་ཆ་བྱས་ཏེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕན་འབྲས་དངོས་ཀྱི་ཐོག་ནས“སྲུང་སྐྱོང་གཉིས”ལ་བློ་བརྟན་འགྱུར་མེད་དང་སེམས་ཐག་ཆོད་པོ་ཡོད་ཚུལ་མཚོན་པར་བྱས་ཡོད།
(གཅིག)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། དེ་བཞིན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་གལ་ཆེའི་ནང་གི་དོན་ཆེན་ཞིག་ལ་བརྩིས་ནས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་རྒྱུའི་ཐད་ཤུགས་བརྒྱབ་པའི་ཁར། ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་བ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ། རང་འགུལ་ངང་དེའི་ཁྲོད་ནས་བསམ་གཞི་འཚོལ་བ་དང་། ཐབས་ཤེས་འཚོལ་བ། དྲིས་ལན་འཚོལ་བ་བཅས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་། མཛུབ་སྟོན་དང་མཆན་འགོད་འཛུབ་སྟོན་གྱི་དགོངས་པ་གསར་ཤོས་དུས་ཐོག་ཏུ་རྗེས་སྙེག་གིས་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཚོགས་འདུ་དང་གལ་ཆེའི་ཡིག་ཆའི་དགོངས་དོན་དུས་ཐོག་ཏུ་རྗེས་སྙེག་གིས་བརྒྱུད་བསྒྲགས་ལག་བསྟར་བྱས་ཤིང་། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་ཞུ་དང་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་རིགས་གཞུང་སློབ་སྦྱོང་དང་། ཆེད་དོན་ཞིབ་གྲོས། བོད་ལྗོངས“མི་དམངས་འཐུས་ཚོགས་ཀྱི་གླེང་སྟེགས”སོགས་བསྡོམས་ཐེངས་42གཉེར་ཡོད།
(གཉིས)དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཁ་ཕྱོགས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་དགོངས་དོན་གྱི་ངོ་བོ་དང་ལྟེ་བའི་ནང་དོན་གོ་བ་གཏིང་ཟབ་ལོན་པ་བྱས་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་ཀྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཐོག སློབ་སྦྱོང་གི་གྲུབ་འབྲས་དེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་དང་། གྲུབ་ཁོངས་མི་སྣ། དེ་བཞིན་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཀྱིས་གཞི་རིམ་དང་། མང་ཚོགས། འབྲེལ་གཏུག་བྱེད་གནས་བཅས་ལ་ཟབ་འཇུག་བྱས་ཏེ། ཏང་གི་དགོངས་པ་གསར་པ་དང་། རིགས་གཞུང་གསར་པ། ལྟ་བ་གསར་པ། བླང་བྱ་གསར་པ་བཅས་སྣེ་ཁྲིད་སྒྲོག་འགྲེལ་དང་། བློ་མཐུན་ཞི་ཅི་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་སྣེ་ཁྲིད་སྒྲོག་འགྲེལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ལས་དོན་ཐད་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་སྣེ་ཁྲིད་སྒྲོག་འགྲེལ་བཅས་བྱས་ནས་མང་ཚོགས་ཀྱིས“མོས་སེམས་ལྔ”ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅིར་གུས་ཞེན་བྱེད་པ་དང་། ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུས་ཐོག་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཡོད།
(གསུམ)ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་དེ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་པ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆབ་སྲིད་ཀྱི་ཡང་དག་ཁ་ཕྱོགས་འགན་ལེན་བྱས་ཡོད། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་གཙོ་གནད་ལས་འགན་སྔར་བས་ཁ་གསལ་བཟོས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དེ་གཉིས་ཁ་ཕྱོགས་གཅིག་མཐུན་དང་། དམིགས་ཚད་གཅིག་མཐུན། གོམ་སྟབས་གཅིག་མཐུན་བཅས་ཡོང་བ་བྱས་ཡོད། དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུཌ་འཐུས་ཚང་ཚགས་ཚུད་དུ་བཏང་བ་མ་ཟད་ལག་བསྟར་ནན་པོ་བྱས་ཏེ། མི་དམངས་འཐུས་ཚོགས་ལས་དོན་ཁྲོད་ཀྱི་གལ་ཆེའི་གནད་དོན་དང་དོན་གནད་གལ་ཆེན་རིགས་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཐེངས་112ཞུས་ཡོད། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་བསྐོ་འཐེན་བྱེད་རྒྱུ་གཉིས་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ། གལ་ཆེའི་མི་དོན་དོན་གནད་ཐད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་མངགས་ཚོགས་འདུ་ཐེངས་2ཁ་སྣོན་བྱས་ནས་འཚོགས་པ་དང་ཁྲིམས་བཅད་ཀྱི་གོ་རིམ་གཞིར་བཟུང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་གལ་ཆེའི་མི་དོན་བཀོད་སྒྲིག་བྱེད་པའི་འདོད་འདུན་ལམ་ལྷོངས་ངང་ལེགས་འགྲུབ་བྱུང་ཡོད། དེ་བཞིན་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱས་ཡོངས་བསྒྲགས་སུ་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྒྲིག་འཛུགས་ནན་ཏན་བྱས་ཡོད།
གཉིས། དོན་གཉེར་འགན་སྒྲུབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ།
ང་ཚོས་བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་དང་ཤུགས་རྒྱག་ས། དེ་བཞིན་ཐོག་མའི་དམིགས་ས་དང་དོན་ལ་བབས་ས་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐེག་པ་ཁུར་ལེན་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་ཕོད་པ། ལས་སྒྲུབ་བྱེད་མཁས་པ་བཅས་བྱས་ནས་ཁྱོན་ཡོངས་དང་འབྲེལ་བའི་གལ་ཆེའི་ཆབ་སྲིད་ཀྱི་འཐབ་རྩོད་དང་འགག་སྒྲོལ་གྱི་ལས་དོན་ཁྲོད་མི་དམངས་འཐུས་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་མངོན་པར་བྱས་ཡོད།
(གཅིག)དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ངོ་བོར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་མཛད་ཕྱོགས་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་མ་ཟད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་དང་དེ་བཞིན“བོད་ཀྱི་ཡུལ་གྱར་སྲིད་གཞུང”གི་ཁྲིམས་འགལ་རང་བཞིན་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ཡོད། ནུས་ལྡན་གྱི་སྒོ་ནས་བོད་འབྲེལ་གྱི་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་འཐབ་རྩོད་སྤེལ་ཞིང་། ཨ་རིའི་རྒྱལ་ཚོགས་ནས་བོད་འབྲེལ་གྱི་ཁྲིམས་གཞི་གྲོས་འཆམ་བྱས་པར་དམིགས་ཏེ། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨ་རིའི་རྒྱལ་ཚོགས་ནས་གྲོས་འཆམ་བྱས་པའི“2020ལོའི་བོད་ཀྱི་སྲིད་ཇུས་དང་དེར་རྒྱབ་སྐྱོར་བྱེད་པའི་ཁྲིམས་གཞིར”གསལ་བསྒྲགས》སྤེལ་ནས་རང་འགུལ་གྱིས་རྒོལ་ལན་སློག་པ་དང་། ལངས་ཕྱོགས་དྲང་ནན་གསལ་སྟོན་བྱས་པས་ཁོ་པ་ཚོས་བོད་འབྲེལ་གནད་དོན་ཐད་རང་ཕྱོགས་ལ་སྐྱུག་བྲོའི་འཁྱོག་བཤད་དང་དོན་མེད་སྐྱོན་འཛུགས་བྱས་པར་རྒོལ་ལན་ཚ་ཐག་ཆོད་སློག་སྟེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་དབང་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས་ཡིན་མིན་ཆེན་པོའི་གནད་དོན་གྱི་མདུན་དང་འགག་རྩའི་དུས་སྐབས་སུ་མི་དམངས་འཐུས་ཚོགས་ཀྱིས་ཐེག་པ་ཁུར་ལེན་བྱས་ཚུལ་དང་ལས་རྗེས་འཇོག་ཚུལ་མཚོན་པར་བྱས་ཡོད།
(གཉིས)བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཕྲག་ཐོག་ཏུ་མཐའ་གཅིག་ཏུ་འཁུར་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་སྲ་བརྟན་དུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་གལ་ཆེའི་དུས་མཚམས་དང་འཚུབ་ཆ་ཆེ་བའི་དུས་མཚམས་སུ་ས་གནས་གྲོང་ཁྱེར་དང་། འབྲེལ་གཏུག་བྱེད་གནས། དེ་བཞིན་མཐའ་མཚམས་ཀྱི་འཐབ་ས་དང་པོ་བཅས་སུ་ཟབ་འཇུག་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་དངོས་སྡོད་ཀྱིས་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་དང་ལས་སྣེ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལྗོངས་ཏང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། གཙོ་གནད་དགོན་སྡེ་ཁག་ལ་ཟབ་འཇུག་བྱས་ནས“ཚད་གཞི་བཞི་བརྩི་སྲུང་ལག་བསྟར་བྱས་ཏེ་སྔོན་ཐོན་གྱི་གྲྭ་བཙུན་ཞིག་བྱེད་ཐུབ་པ”བྱེད་རྒྱུའི་བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་མ་ཟད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཕྱོགས་ཀྱི་ཁྲིམས་སྲོལ་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་མང་ཚོགས་ལ་ཆོས་ལུགས་ཐད་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ། ཚེ་འདིར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བཅས་ཀྱི་ཁྲིད་སྟོན་བྱས་ཡོད།《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དྲིལ་བསྒྲགས་ལག་བསྟར་བྱེད་རྒྱུར་དམིགས་ཏེ་གཞི་རིམ་དུ་ཟབ་འཇུག་གིས་ལྟ་སྐུལ་ཞིབ་བཤེར་བྱས་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུར་དམིགས་ནས་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འཛུགས་སྐྱོང་བྱེད་པའི་ཆེད་དོན་བརྟག་ཞིབ་བྱས་ཡོད། མཐའ་མཚམས་ལས་དོན་དང་རྒྱལ་མཚམས་ནས་འཛུལ་གྲོལ་བྱེད་པའི་དོ་དམ་ཐད་ལ་ཆེད་དོན་བརྟག་ཞིབ་བྱས་ནས་རྒྱལ་མཚམས་འཛུལ་གྲོལ་གྱི་སྔོན་འགོག་དང་ཚོད་འཛིན་མ་ལག་དང་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འཆར་བཏོན་ཡོད།
(གསུམ)ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུར་ཁྲིམས་བཞིན་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ཡོང་བར་འགན་སྲུང་བྱས་པ། ཏོག་གསར་གློ་ཚད་ཀྱི་ནད་ཡམས་ཐོན་རྗེས་ཁྲིམས་སྐྱོང་གི་ལམ་བུའི་ཐོག་གཅིག་གྱུར་འཆར་འགོད་ཀྱིས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག མི་དམངས་ཨང་དང་པོར་འཇོག་རྒྱུ་དང་ཚེ་སྲོག་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། དུས་ཐོག་ཏུ་བདག་མེད་སྲོག་ཆགས་ཁྲིམས་འགལ་གྱི་ཉོ་ཚོང་དང་ཟས་སྤྱོད་བྱེད་རིགས་ཕྱོགས་ཡོངས་ནས་བཀག་འགོག་བྱེད་རྒྱུའི་གཏན་འབེབས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཆོད་ལག་བསྟར་བྱེད་ཕྱོགས་ཀྱི་བསམ་འཆར་བཟོ་འདོན་བྱས་ནས་བདག་མེད་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་རྒྱུའི་བཅའ་ཁྲིམས་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཁྲིམས་སྒྱུར་ཞིབ་བཤེར་གཏིང་ཟབ་བྱས་ཏེ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་ཆེད་ཁྲིམས་སྐྱོང་གི་རྒྱབ་སྐྱོར་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱིས་སྤྲིངས་པའི་འཕྲིན་ཡིག་གི་གྲོས་འགོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་དང་ལེན་ཧུར་ཐག་ཞུས་ནས་མཉམ་འགོག་མཉམ་འཛིན་དོན་འཁྱོལ་བྱེད་རྒྱུར་སྣེ་ཁྲིད་དང་། ཚན་རིག་དང་མཐུན་པའི་རིམས་འགོག་ཡག་པོ་བྱེད་རྒྱུར་སྣེ་ཁྲིད། གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་རྒྱུར་སྣེ་ཁྲིད་བཅས་བྱས་ཏེ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་བྱས་ཡོད།
(བཞི)དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཇེ་ཆེར་བཏང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཐག་གཅོད་དམག་འཐབ་དང་མཐའ་མའི་རྒྱལ་ཁ་མཐའ་གཅིག་ཏུ་བླངས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། ལོ་5བསྟུད་མར་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུལ་གྱི་ཆེད་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཆེད་དོན་བརྟག་ཞིབ་ཐེངས་10དང་། རྗེས་འདེད་ཞིབ་བཤེར་ཐེངས་5 ཆེད་དོན་འདྲི་རྩད་ཐེངས་1བཅས་བྱས་ཡོད། རྒྱུན་ལས་ཨུ་ལྷན་འགོ་ཁྲིད་ཀྱིས་ལོ་ལྟར་རང་སོ་སོའི་དབུལ་སྐྱོར་འབྲེལ་གཏུག་བྱེད་གནས་སུ་ཐེངས་མང་བསྐྱོད་དེ་དབུལ་སྒྲོལ་འགག་སྒྲོལ་དང་སྲ་བརྟན་མཐོར་གཏོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད། 2020ལོར་ཕྱོགས་བསྡུས་བརྟག་ཞིབ་ཚོགས་ཆུང་བཙུགས་ཏེ་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་དང་ལོ་གོང་མར་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱས་པའི་ལན་སྤྲོད་བསམ་འཆར་དག་ཐེར་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་དོན་འཁྱོལ་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཁོངས་མི་སྣ་དང་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲི་3.5ལྷག་ཙམ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་ཧུར་ཐག་ཞུགས་ནས་རང་ལྗོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་རྐྱང་མེད་པ་བཟོ་རྒྱུའི་ཐད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
གསུམ། ཁྲིམས་བཟོ་བར་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་བཞིན་བོད་སྐྱོང་བྱེད་རྒྱུ་གཏིང་ཟབ་ཏུ་དང་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་བ།
དུས་རབས་ཀྱི་གོམ་སྟབས་ལ་དམ་པོར་བསྙེགས་པ་དང་ས་གནས་ཀྱི་ཁྱད་ཆོས་མངོན་ཆེར་བཟུང་སྟེ། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་། དམངས་གཙོར་བརྟེན་ནས་ཁྲིམས་བཟོ། ཁྲིམས་ལ་བརྟེན་ནས་ཁྲིམས་བཟོ་བཅས་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཁྲིམས་བཟོའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་ཏན་ཏིག་བཏང་ཡོད།
(གཅིག)བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཤེས་དཔལ་དར་རྒྱས་སྐོར་གྱི་ཁྲིམས་བཟོ་རྒྱུར་སྐུལ་སྤེལ་བཏང་བ། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལ་གཞིགས་ཏེ། མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལ་ཡོངས་སུ་མོས་མཐུན་ཡོད་པའི་འདེམས་ཤོག་འཕངས་ནས་གྲོས་འཆམ་བྱུང་བའི་རྗེས། ཡང་ང་ཚོས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག(འཆར་ཟིན)》ཟིན་འགོད་བྱེད་རྒྱུའི་སྣེ་ཁྲིད་དེ། ཁྲིམས་བཟོའི་ཐབས་ལམ་གཞི་གཅིག་དང་ཕྱོགས་གཉིས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་གནད་སྨིན་ཐུབ་རྒྱུར་སྐུལ་སྤེལ་བཏང་ཡོད། ལྗོངས་ཏང་ཨུད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུའི་ཁྲིམས་བཟོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། འགོ་ཁྲིད་གཙོ་བོས་གལ་ཆེའི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་ཁར། ཁྲིམས་སྲོལ་འཆར་ཟིན་ལ་ཆེད་དོན་ཞིབ་འཇུག་གནང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཟོའི་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཤིང་། འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ལས་དོན་ཆེད་སྒྲུབ་ཚན་ཁག་བཙུགས་ཡོད། སྒོ་མོ་ཕྱེ་ནས་ཁྲིམས་བཟོ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། ཀྲུང་དབྱང་པུའུ་ཨུད། ཚན་ཞིབ་ཁང་དང་སུའོ། མཐོ་རིམ་སློབ་གླིང་དང་སློབ་གྲྭ་བཅས་ཀྱི་འགོ་ཁྲིད་དང་། རིགས་གཅིག་མཁས་དབང་། “ཁང་གཉིས”ཀྱི་ཡོན་ཧྲེ་10བཅས་གདན་འདྲེན་ཞུས་ནས་པེ་ཅིང་དུ་རིགས་གཅིག་མཁས་དབང་གི་བློ་འདྲི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་སྐོང་འཚོག་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་སྙན་སེང་ཐེངས་གཉིས་ཞུས་པ། ལྗོངས་ནང་ཁུལ་གྱི་རིགས་གཅིག་མཁས་དབང་གི་རིགས་པས་ཁུངས་སྐྱེལ་ཚོགས་འདུ་དང་ཁྲིམས་བཟོའི་གྲོས་མོལ་ཚོགས་འདུ་སྐོང་འཚོག་བྱས་ཏེ་ཕྱོགས་གང་ཐད་ཀྱི་བསམ་འཆར་བསྡོམས་ཁག་2638བསྡུ་རུབ་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་3འཚོགས་ནས་གྲོས་ཞིབ་བྱས་པ་བརྒྱུད་ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་ཞིབ་བྱེད་རྒྱུར་ཕུལ་བའི《སྲོལ་ཡིག(འཆར་ཟིན)》གྲུབ་ཡོད། འཐུས་མི་ཡོངས་ནས་ཐུན་མོང་གི་འབད་བརྩོན་བྱས་པ་བརྒྱུད། ཀྲུང་དབྱང་གི་དགོངས་དོན་དོན་འཁྱོལ་དང་། དུས་རབས་ཀྱི་གོང་འཕེལ་དང་མཐུན་པ། ས་གནས་ཀྱི་ཁྱད་ཆོས་མངོན་པ། མི་རིགས་ཁག་གི་མང་ཚོགས་ཚོའི་རེ་སྒུག་ལ་བརྡ་ལན་ཐུབ་པ་བཅས་ཀྱི་སྤུས་ཚད་མཐོ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་བཟོ་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད།
(གཉིས)ཁྲིམས་བཟོའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བཟོ་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་བ། བཅའ་ཁྲིམས་ཀྱི་མཚོན་ཆ་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་བརྟན་དུ་བཏང་ཐོག《གསང་མྱུལ་ལ་འགོག་རྒོལ་བྱས་ནས་ཉེན་ཟོན་བདེ་སྲུང་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》བཟོས་ཡོད། ཕྱོགས་ཡོངས་ནས་སྔོན་རྩིས་དོ་དམ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཐོག སྲིད་གཞུང་གི་གཏོང་ཡོང་འདུ་འགོད་ཚད་ལྡན་བཟོས་པ་དང་། སྔོན་རྩིས་ཀྱི་གཅུན་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ།《བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག》བཟོས་ཡོད། སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་སྲོལ་ཡིག་བཟོས་ཡོད། ཐོན་ཁུངས་བེད་སྤྱོད་དང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐོན་ཁུངས་དཔྱ་ཁྲལ་གྱི་ཞིབ་ཕྲའི་སྤྱོད་འཐུས་ཀྱི་ཁྲལ་ཚད་སོགས་འབྲེལ་ཡོད་དོན་གནད་ཀྱི་གཏན་འབེབས་བྱས་ཡོད། ཨར་སྐྲུན་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་གོང་འཕེལ་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད་ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་འདེམས་བསྐོའི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ་དང་། ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་བྱ་ཐབས། གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་བྱ་ཐབས། དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་བྱ་ཐབས་བཅས་ལ་དག་བཅོས་བྱས་ཡོད།
(གསུམ)ཁྲིམས་སྐྱོང་གཅིག་གྱུར་ཡོང་རྒྱུར་སྲུང་སྐྱོང་བྱས་ཏེ། ཁྲིམས་སྲོལ་གཙང་བཤེར་དང་། ཞིབ་མཆན་འགོད་རྒྱུ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྙན་དཔོད་ཞིབ་བཤེར་བྱེད་རྒྱུ་བཅས་ལ་དམ་འཛིན་ཡག་པོ་བྱས་པ། དམངས་དོན་ཁྲིམས་གཞུང་དང་། བཟའ་བཅའ་དང་སྨན་རིགས་ཀྱི་བདེ་འཇགས། དེ་བཞིན་བདག་མེད་སྲོག་ཆགས་སྲུང་སྐྱོབ་བྱེད་རྒྱུ་སོགས་ཀྱི་བཅའ་ཁྲིམས་ལ་དམིགས་ཏེ་གཙང་བཤེར་ལས་དོན་སྤེལ་ཞིང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་18ལ་ཁག་སོ་སོར་གཙང་བཟོ་བྱེད་རྒྱུའི་བསམ་འཆར་བཏོན་ཡོད། ཆུས་བཙུགས་པའི་གྲོང་ཁྱེར་གྱིས་བཟོ་འབེབས་བྱས་པའི་ཁྲིམས་སྲོལ་ཁག་14ལ་ཞིབ་བཤེར་བྱས་ཤིང་། དེ་དག་གི་ཁྲོད་ནས་ཁྲིམས་སྲོལ་ཁག་11ལ་ཆོག་མཆན་སྤྲད་ཡོད། “ཡིག་ཆ་ཡིན་ཕྱིན་ངེས་པར་དུ་སྙན་དཔོད་བྱེད་དགོས་པ་དང་། སྙན་དཔོད་བྱས་ཕྱིན་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ། ནོར་འཁྲུལ་ཡོད་ཕྱིན་ངེས་པར་དུ་ཡོ་བསྲང་བྱེད་དགོས་པ”བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྙན་དཔོད་བྱས་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྱོན་བསྡོམས་ཁག་26ལ་ཞིབ་བཤེར་བྱས་པ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་དང་ཕན་ཚུན་རྒྱབ་འགལ་དུ་སོང་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་2དག་བཅོས་བྱས་ཡོད། དམངས་དོན་ཁྲིམས་གཞུང་སོགས་སློབ་སྦྱོང་དྲིལ་བསྒྲགས་བྱེད་རྒྱུ་དང་སྦྱོང་བརྡར་སྤྲད་དེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད།
(བཞི)སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲིམས་བཟོ་རྒྱུ་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་གྱུར་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ། ཏང་གིས་ཁྲིམས་བཟོའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་དུས་ཐོག་ཏུ་ལྗོངས་ཏང་ཨུད་ལ་ཁྲིམས་བཟོའི་དོན་གནད་གལ་ཆེན་དགོངས་སྐོར་སྙན་སེང་ཞུས་ཡོད། སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་བཟོའི་ཉམས་མྱོང་བཟང་པོ་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་པ་དང་། ཁྲིམས་བཟོའི་ཆེད་སྒྲུབ་ལས་དོན་སྤེལ་སྟངས་ལེགས་སུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱིས་ཟིན་འགོད་དང་གྲོས་ཞིབ་བྱེད་པའི་ཁྲོད་དུ་བཟུང་བའི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱས་ཡོད། སྤེལ་རེས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་བརྟག་ཞིབ་རིགས་སྒྲུབ་དང་། འཆར་ཟིན་བཟོ་བ། ཆ་འཕྲིན་གྱི་རྒྱབ་སྐྱོར། ཚང་སྒྲིག་གི་བྱེད་ཐབས་བཟོ་འབེབས་སོགས་བྱེད་རྒྱུའི་ཐད་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་ཉན་འཇོག་བྱས་པ་དང་། སྲིད་གྲོས་དབར་དང་ཁྲིམས་བཟོའི་གྲོས་མོལ་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་ཡོད། ཕྱོགས་གང་ཐད་ནས་ཐེ་ཞུགས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། ཁྲིམས་བཟོ་བློ་འདྲིའི་རིགས་གཅིག་མཁས་ཅན་གྱི་མིང་མཛོད་ལེགས་སྒྱུར་འཐུས་ཚང་དུ་གཏོང་བ་དང་། གལ་ཆེའི་ཁྲིམས་བཟོའི་རིགས་ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་ལ་བློ་འདྲི་དང་རིགས་པས་ཁུངས་སྐྱེལ་བྱེད་སྟངས་བཟོས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཟིན་འགོད་དང་རིགས་པས་ཁུངས་སྐྱེལ་བྱེད་པའི་ནང་ཞུགས་རྒྱུའི་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་པ་དང་། ཕྱོགས་གསུམ་པར་མངགས་བཅོལ་གྱིས་སྲོག་ཆགས་ཀྱི་ནད་ཡམས་འགོག་བཅོས་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་སོགས་ཁྲིམས་སྲོལ་ཁག་3ལ་ཁྲིམས་བཟོ་བྱས་རྗེས་ཀྱི་ཚོད་སྐོར་བྱས་པ། གཞི་རིམ་ཁྲིམས་བཟོའི་འབྲེལ་གཏུག་བྱེད་གནས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་གིས་ཁྲིམས་བཟོའི་ཐད་ཀྱི་བསམ་འཆར་དང་གྲོས་འཆར་འདོན་རྒྱུར་སྐུལ་མ་བཏང་ཡོད།
བཞི། ཁྲིམས་བཞིན་ལྟ་སྐུལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་གྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་ཡོང་བ་བྱས་པ།ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ། ལྗོངས་ཡོངས་ཀྱི་བརྟན་ལྷིང་གོང་འཕེལ་གྱི་སྤྱི་ཡོངས་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་དམིགས་ནས་ལྟ་སྐུལ་གྱི་ལས་དོན་ནན་ཏན་ངང་སྤེལ་ཐོག དངོས་ཡོད་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད།
(གཅིག)དཔལ་འབྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་ཕན་སྐུལ་བཏང་བ། འཆར་གཞི་ལག་བསྟར་དང་། སྔོན་རྩིས་དོན་འཁྱོལ་དང་ལེགས་སྒྲིག “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་རྩ་གནད་ལག་བསྟར། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འཁེལ་བྱས་པའི་གཙོ་ཆེའི་རྣམ་གྲངས་འཛུགས་སྐྲུན་སོགས་བྱས་ཚུལ་ཀྱི་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱས་པ་མ་ཟད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་ལ་ཐོག་མའི་ཞིབ་བཤེར་བྱས་པ་དང་སྦྲགས། དམིགས་ཚད་གཙོ་བོ་དང་། གཙོ་གནད་ལས་འགན། གཙོ་ཆེའི་རྣམ་གྲངས་བཅས་དོན་འཁྱོལ་བྱེད་རྒྱུ་དང་མ་དངུལ་སྤྱོད་ནུས་ཆེ་རུ་གཏོང་རྒྱུ་སོགས་ལ་དམིགས་ཏེ། བསམ་འཆར་དང་གྲོས་འཆར་བཏོན་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་ཕན་སྐུལ་བཏང་ཡོད། “བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་དམིགས་ཏེ། ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་ཞིབ་ཚགས་བྱས་ནས་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་། སྲིད་གཞུང་དང་དངུལ་རྩས་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཚུལ་ཐད་ཆེད་དོན་བརྟག་ཞིབ་བྱེད་པ་དང་། ལས་དོན་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱས་ནས་ཆེད་དོན་འདྲི་རྩད་བྱེད་པ། དེ་བཞིན་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་རྒྱུར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་དཀའ་སེལ་ཕན་འདོགས་སྲིད་ཇུས་དོན་འཁྱོལ་བྱེད་པ། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུར་དེ་བས་སྐུལ་འདེད་ཡག་པོ་བཏང་ཡོད། “ཡོངས་འདུས་ཞིབ་བཤེར་དང་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས”བྱེད་པའི་བླང་བྱ་དོན་འཁྱོལ་བྱས་པ་དང་། ལྟ་སྐུལ་བྱེད་རྣམ་འཚོལ་ཞིབ་དང་གསར་གཏོད་བྱས་ཤིང་། 2019ལོའི་ལོ་འཁོར་གྱི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་དེ་མིན་ནོར་སྲིད་གཏོང་ཡོང་ལ་རྩིས་བཤེར་བྱས་ནས་རྩད་གཅོད་ཐུབ་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱས་པའི་རྨང་གཞིའི་ཐོག སྡེ་ཚན་དང་ཚན་པ་10ལ་རྩིས་བཤེར་བྱས་ནས་རྩད་གཅོད་ཐུབ་པའི་གནད་དོན་དག་ཐེར་བྱས་པར་བློ་མོས་བྱུང་ཚུལ་ཐད་ལ་དཔྱད་བསྡུར་བྱས་ཡོད། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་དང་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་ཆེད་དོན་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱས་ནས་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱེད་པའི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་བཏང་ཡོད།
(གཉིས)དམངས་འཚོའི་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། ཉེ་བའི་ལོ་3རིང་ནོར་སྲིད་ནས་ཞིང་ལས་དང་གྲོང་གསེབ་ཐད་བཏང་བའི་མ་དངུལ་བགོ་འགྲེམས་དང་བེད་སྤྱོད་བྱས་ཚུལ་སྐོར་གྱི་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱས་པ་དང་། ཞིང་འབྲེལ་མ་དངུལ་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་བེད་སྤྱོད་བྱས་པའི་ཕན་འབྲས་ཆེ་རུ་བཏང་ཡོད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུར་དམིགས་ཏེ་ལོ་3བསྟུད་མར་འགོས་ནད་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱས་ཡོད། སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་བཅའ་ཁྲིམས་དང་། ས་ཆ་དོ་དམ་བཅའ་ཁྲིམས་དང་ལག་བསྟར་བྱ་ཐབས། བཟོ་ཚོགས་བཅའ་ཁྲིམས་དང་ལག་བསྟར་བྱ་ཐབས་བཅས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཏེ་སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་མ་ལག་ཚགས་ཚུད་དུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། ས་ཆའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་བཏང་བ། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་གཏོད་པ་བཅས་ལ་བརྟེན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་དབང་དེ་བས་ཡག་པའི་འགན་སྲུང་ཐུབ་ཡོད།
(གསུམ)སྐྱེ་ཁམས་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་བཏང་བ། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ་སྔོ་ལྗང་ཁྱིམ་གཞིས་འཛུགས་རྒྱུ”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་ལས་འགུལ་བོད་དུ་སྤེལ་རྒྱུའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞིང་ཚོང་ཁྲོམ་ར་དང་། བཤས་ར། སྨན་བཅོས་ཀྱི་སྙིགས་རོ་དབྱེ་སེལ་སོགས་བྱས་ཚུལ་ལ་གཙོ་གནད་དུ་ལྟ་སྐུལ་ཞིབ་བཤེར་བྱས་ནས་གནད་དོན་གསལ་ཐོ་འགྲེམ་གཏོང་བྱས་པ་དང་། འཕྲལ་བཤེར་འཕྲལ་བཅོས་བྱེད་རྒྱུ་མཐའ་འཁྱོངས་བྱས་པས་དག་ཐེར་དོན་འཁྱོལ་བྱེད་ཚད་90%ཟིན་ཡོད། ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱེད་རྒྱུའི་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ་དང་། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་གྱི་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱས་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་དང་འབྱུང་འཕྲོད་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཐུབ་ཡོད།
(བཞི)ཁྲིམས་འཛིན་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་རྒྱུར་སྲུང་སྐྱོང་བྱས་པ། ཁྲིམས་ཆད་ལག་བསྟར་བྱེད་སྒོ་ཚད་ལྡན་ཡོང་ཆེད་བཙོན་ཁང་སྐོར་གྱི་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཡོད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཉེས་དོན་འདྲི་གཅོད་ལས་ཀར་ཤུགས་སྣོན་བརྒྱབ་པ་དང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་དོན་གཏུག་བཤེར་དང་ལག་བསྟར་བྱེད་སྒོའི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་པའི་གནས་ཚུལ་གྱི་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱས་ཏེ་ཆེད་དོན་བརྟག་ཞིབ་བྱེད་རྒྱུ་སྒྲིག་འཛུགས་བྱས་པ་དང་། ཁྲིམས་འགལ་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུར་སྐུལ་སྤེལ་བཏང་བས་ཁྲིམས་འཛིན་དྲང་གཞག་བྱུང་བ་དང་། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཐུབ་ཡོད།
ལྔ། འཐུས་མིའི་གཙོ་རྐང་གི་གནས་བབ་མཐའ་འཁྱོངས་བྱས་ཏེ། འཐུས་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་ཤུགས་ཆེན་བཏང་བ།
ང་ཚོས་ཐོག་མཐའ་བར་གསུམ་དུ་འཐུས་མིའི་གཙོ་རྐང་གི་གནས་བབ་ལ་བརྩི་འཇོག་བྱེད་རྒྱུ་དང་། འཐུས་མིའི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་རྒྱུ། འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་དག་མི་དམངས་འཐུས་ཚོགས་ལས་དོན་གྱི་གལ་ཆེའི་རྨང་གཞི་དང་འགག་རྩའི་ལྷུ་ཚིགས་སུ་བརྩིས་ཡོད། “འབྲེལ་བ་དམ་ཟབ་དང་། ནུས་པ་འདོན་སྤེལ། འཛུགས་སྐྱོང་ལ་ཤུགས་སྣོན”བཅས་ཀྱི་བླང་བྱར་གཞིགས་ཏེ་འཐུས་མིའི་ལས་དོན་ཡག་པོ་བསྒྲུབས་ཡོད།
(གཅིག)“འབྲེལ་བ་གཉིས”གཏིང་ཟབ་ཏུ་བཏང་སྟེ། འཐུས་མི་དང་མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱས་པ། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཁོངས་མི་སྣས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འབྲེལ་བ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཤིང་། གནས་ཚུལ་གསལ་ཞུ་དང་བསམ་འཆར་ཉན་འཇོག་གི་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོ་དང་འཐུས་མིའི་དབར་བཞུགས་མོལ་བྱེད་པའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ཤིང་། “བརྟན་པོ་དྲུག”དང་། “འགན་ལེན་དྲུག” གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་རྒྱུ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་རྩ་གནད་བཟོ་སྒྲིག་བྱེད་རྒྱུ་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་འཐུས་མི་དང་བཞུགས་མོལ་ཚོགས་འདུ་ཐེངས་3སྐོང་འཚོག་བྱས་ནས་འཐུས་མིའི་བསམ་འཆར་དང་གྲོས་འཆར་ཉན་པ་མ་ཟད་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ཁག་ལ་གཉེར་སྒྲུབ་བྱེད་རྒྱུར་བརྒྱུད་སྤྲོད་བྱས་ཡོད། འཐུས་མིས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཐེ་ཞུགས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འཐུས་མི་མི་ཐེངས་238སྒྲིག་འཛུགས་བྱས་ཏེ་ཁྲིམས་སྒྱུར་ཞིབ་བཤེར་སོགས་བྱེད་སྒོར་ཞུགས་པ་དང་། འཐུས་མི་52རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་སུ་གདན་འདྲེན་ཞུས་ཡོད། འཐུས་མིས་མང་ཚོགས་ལ་འབྲེལ་བ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་དང“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཐུས་མིས་རིམས་ནད་འགོག་ཟོན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན། འདེམས་དམངས་ལ་འབྲེལ་བ་བཅས་བྱེད་རྒྱུར་ཞབས་ཞུའི་འགན་སྲུང་མཁོ་འདོན་བྱས་ཡོད།
(གཉིས)“ལས་དོན་ཁག་གཉིས”ཡག་པོ་བསྒྲུབས་ཏེ། འཐུས་མིས་འགན་སྒྲུབ་བྱེད་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་པ། སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གྲོང་ཁྱེར་རྫོང(ཆུས)མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་གཉེར་བའི་ཆེད་དོན་སློབ་སྦྱོང་འཛིན་གྲྭར་ཞུགས་པ་དང་ལྗོངས་ཡོངས་ཀྱི་རིམ་ལྔའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཕྱོགས་བསྡུས་སྦྱོང་བརྡར་འཛིན་གྲྭ་ཐེངས་4གཉེར་ནས་གཞི་རིམ་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་རེས་སྐོར་སྦྱོང་བརྡར་ཐེངས་རེ་སྤྲོད་རྒྱུའི་ལས་འགན་ལེགས་འགྲུབ་བྱུང་ཞིང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་སོང་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འགན་འཁྲི་སྒྲུབ་པའི་དྲ་རྒྱའི་ལས་སྟེགས་བཙུགས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་ཡོད།
(གསུམ)“སྤུས་ཚད་གཉིས”མཐོ་རུ་བཏང་སྟེ། འཐུས་མིའི་གྲོས་འཆར་གཉེར་སྒྲུབ་བྱེད་པའི་ཕན་འབྲས་དངོས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་ལས་ཀའི་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ། གྲོས་གཞི་དང་གྲོས་འཆར་གཉེར་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་གང་ཐུབ་བཏང་ནས་འཐུས་མིས་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་བཏང་ཡོད། “ནང་དོན་གྱི་སྤུས་ཚད་མཐོ་པོ་དགོས་པར”གཞི་ཚུགས་ཏེ་བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་ཐེངས་31སྒྲིག་འཛུགས་ཀྱིས་མཉམ་འབྲེལ་ཐོག་ཆེད་དོན་བརྟག་ཞིབ་དང་གཅིག་སྡུད་ལྟ་ཞིབ་བྱས་པས་འཐུས་མིས་གནས་ཚུལ་ཤེས་རྟོགས་བྱེད་དབང་རྒྱ་ཆེར་སོང་ཁར། འཐུས་མིས་གྲོས་གཞི་དང་གྲོས་འཆར་འབུལ་རྒྱུའི་གྲ་སྒྲིག་བྱས་ཡོད། “གཉེར་སྒྲུབ་སྤུས་ཚད་མཐོ་པོ་དགོས་པར”གཞི་ཚུགས་ཏེ་འཐུས་མིའི་བསམ་འཆར་དང་གྲོས་འཆར་སྒྲུབ་སྤྲོད་ལས་ཀ་དོན་འཁྱོལ་ནན་ཏན་བྱས་པ་དང་། གཉེར་སྒྲུབ་གྱི་འགན་འཁྲི་དམ་ནན་དང་སྒྲུབ་སྐུལ་གྱི་ཕན་འབྲས་ཆེ་རུ་བཏང་བ་མ་ཟད། སྨན་བཅོས་འཕྲོད་བསྟེན་དང་ཡུལ་སྐོར་གོང་འཕེལ་སོགས་ཐད་ཀྱི་འཐུས་མིའི་གྲོས་འཆར་ཁག་7གཉེར་སྒྲུབ་བྱས་ཚུལ་ལ་གཙོ་གནད་དུ་ཞིབ་བཤེར་བྱས་ཡོད།
དྲུག ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་བ།
ཆབ་སྲིད་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིགས་གཞུང་གི་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་གཙོ་རྐང་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ཡོད། ཏང་གཤིས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཏང་གི་ཆེད་དུ་ལས་དོན་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ་ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་རྒྱུ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གནད་སྨིན་དོན་འཁྱོལ་དངོས་འབྲེལ་ནན་པོ་བྱས་ཡོད། སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་རྒྱུ་གཏིང་ཟབ་སྤེལ་ནས་ལྷག་བསྡད་པའི་ཕྱོགས་4ཐད་ཀྱི་གནད་དོན་ཁག་13དང་སྐོར་གཟིགས་ལན་སྤྲོད་ཀྱི་གནད་དོན་གཅིག་སྡུད་དག་ཐེར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བླང་བྱ་ཁག་རྒྱུན་ལས་ཨུ་ལྷན་དང་ལས་ཁུངས་འཛུགས་སྐྱོང་བྱེད་པའི་ཁྲོད་དོན་འཁྱོལ་གནད་སྨིན་ཐུབ་པའི་འགན་ལེན་བྱས་ཡོད། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་འགན་ལེན་བྱས་ཡོད། འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ་ཆེད་དོན་འཆད་ཁྲིད་ཐེངས་8གཉེར་བ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ཐེངས་3གཉེར་ཡོད། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ནོར་དཔལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོག་བྱས་ཏེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་འཛུགས་རྒྱུར་སྐུལ་སྤེལ་བཏང་བ་དང་། རྫོང(ཆུས)མི་དམངས་འཐུས་ཚོགས་ཀྱི་ནོར་དཔལ་ལྟ་སྐུལ་ལས་དོན་ཚད་ལྡན་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཧྲིལ་པོའི་ཕན་འབྲས་ཐོན་ཤུགས་ཆེ་རུ་བཏང་ཡོད།
འཐུས་མི་རྣམ་པ།
ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཀྱི་རྩ་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་ཁྲིད་སྟོན་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཞིག་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མཛུབ་ཁྲིད་དང་རྒྱབ་སྐྱོར་གནང་བའི་འབྲས་བུ་ཞིག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཞིག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་དང་རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཁོངས་མི་སྣ། དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱ་བཅས་ནས་དོན་གཉེར་འགན་སྒྲུབ་བྱས་པའི་འབྲས་བུ་ཞིག རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་དང་། སྲིད་གྲོས། ལྟ་ཞིབ་ཨུ་ལྷན། མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་དང་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་གཞོགས་འདེགས་དམ་ཟབ་དང་རྒྱབ་སྐྱོར་ཤུགས་ཆེ་བྱས་པའི་འབྲས་བུ་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་གང་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་བྱས་པའི་འབྲས་བུ་ཞིག་བཅས་ཡིན་པས་འདིར་ངས་རང་སྐྱོང་ལྗོངས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་མིག་ལྟ་སྐབས། ང་ཚོས་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པར། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཐད་ད་དུང་ཧེ་བག་དང་མི་འདང་བའི་ཆ་འགའ་ཤས་ལྷག་ཡོད་ཅིང་། དེའང་ཁྲིམས་བཟོའི་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་ད་དུང་མི་འདང་བ་དང་། ཁྲིམས་བཟོའི་ལས་དོན་དེ་དུས་བབ་གསར་པའི་བླང་བྱ་གསར་པ་དང་ད་དུང་དེ་ཙམ་འཚམ་པོ་མེད་པ། ལྟ་སྐུལ་བྱེད་ལུགས་བྱེད་སྟངས་དེ་ཙམ་ཕུན་སུམ་ཚོགས་པོ་མེད་པ་དང་ལྟ་སྐུལ་གྱི་ཕན་འབྲས་དངོས་ད་དུང་སྔར་བས་ཆེ་རུ་གཏོང་དགོས་པ། འཐུས་མིས་ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུར་ཞབས་ཞུ་བྱེད་པའི་ནུས་པ་དང་ཆུ་ཚད་ད་དུང་སྔར་བས་མཐོ་རུ་གཏོང་དགོས་པ། ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་ལས་ཁུངས་ཀྱི་ལས་ཕྱོད་སྔར་བས་མཐོ་རུ་གཏོང་དགོས་པ་སོགས་ཡིན། གོམ་སྟབས་རྗེས་མར། རྒྱུན་ལས་ཨུ་ལྷན་གྱིས་ཁེངས་སྐྱུང་ངང་འཐུས་མི་དང་ཕྱོགས་གང་ཐད་ཀྱི་བསམ་འཆར་དང་གྲོས་འཆར་ཉན་འཇོག་བྱས་ནས་ཟམ་མི་ཆད་པར་ལས་དོན་ཁག་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་རྒྱུ་ཡིན།
འཐུས་མི་རྣམ་པ།
བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་དང་། དུས་རབས་གསར་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ལྗོངས་ཏང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་ཆེད་མངགས་སྐོང་འཚོག་གནང་ཁར། 《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》བཟོ་འདོན་བྱས་པར་བརྟེན། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ངེས་ཡིན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ལག་བསྟར་བྱེད་འགོ་འཛུགས་པའི་ལོ་བཅས་ཡིན་པས་ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་འགོ་འཛུགས་རྒྱུ་ཡིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྤྱི་ཡོངས་ཀྱི་བླང་བྱ་ནི། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་རྒྱུ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་། དེ་བཞིན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱབ་ཁབ་སྐྱོང་རྒྱུའི་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་རྒྱུ་མ་ཟད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་བཅས་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ཏེ་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་། དགུ་པ། དེ་བཞིན་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ཡིན་ལ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་ཀྱིས་བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི“དོན་ཆེན་བཞིར”དམ་པོར་དམིགས་ཏེ“འགན་སྲུང་བཞི”མངོན་འགྱུར་བྱེད་རྒྱུ་དམིགས་ཚད་དུ་བྱས་ནས་གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གྲུབ་འབྲས་སྲ་བརྟན་དུ་བཏང་ཐོག ཁྲིམས་བཞིན་འགན་འཁྲི་བསྒྲུབ་རྒྱུ་མ་ཟད། ཁྲིམས་བཟོ་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་ཀའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་རྒྱུ་དང་གོམ་པ་བརྟན་པོ་སྤོ་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱས་ཁར། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན།
གཅིག ཆབ་སྲིད་ཀྱིས་ཁྲིད་སྟོན་བྱེད་རྒྱུ་མངོན་ཆེར་བཟུང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཚད་འཛིན་དུ་བྱེད་རྒྱུ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུའི་ལས་དོན་ཚོགས་འདུ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་པོ་དང་ཆ་ཚང་པོ་བྱས་ཏེ། རང་ལྗོངས་ཀྱི“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་ལས་འགན་གསར་པ། གོང་འཕེལ་གཏོང་རྣམ་གསར་པ་འཛུགས་རྒྱུའི་ངེས་གནས་གསར་པ། ཆོས་ལུགས་ལས་དོན་གྱི“ཕན་ཐོགས་ཡོད་པ་ལྔའི”ཚད་གཞི་གསར་པ་བཅས་ཕྱོགས་ཡོངས་ནས་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་བྱེད་རྒྱུ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་མ་ཟད། མི་དམངས་འཐུས་ཚོགས་ལས་དོན་གྱི“མཐའ་འཁྱོངས་དྲུག་གཡོ་འགུལ་མི་གཏོང་རྒྱུའི”སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ཐབས་ཇུས་གནད་འཁེལ་འདོན་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་རྒྱུའི་ཐད་ཕན་འབྲས་དོན་གཉེར་བྱེད་རྒྱུ། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་རྒྱུའི་ཐད་བྱས་རྗེས་དངོས་འཇོག་རྒྱུ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུའི་ཐད་བྱ་བ་དངོས་བསྒྲུབ་རྒྱུ། སྐྱེ་ཁམས་ཤེས་དཔལ་དར་རྒྱས་གཏོང་རྒྱུའི་ཐད་ཤུགས་རྒྱག་རྒྱུ། དམངས་ཕྱུག་མཐའ་དར་ཡོང་རྒྱུའི་ཐད་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་རྒྱུའི་ཐད་ཟོལ་མེད་བརྩེ་སེམས་འཆང་རྒྱུ་བཅས་ཀྱི་ཐོག་ནས་གོང་རིམ་ལ་སྦྲེལ་མཐུད་དང་མང་ཚོགས་ལ་འབྲེལ་འདྲིས་ཐུབ་པ་བྱས་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་རྒྱུ་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན།
གཉིས། ཁྲིམས་བཟང་སྐྱོང་མཁས་བྱེད་རྒྱུ་མངོན་ཆེར་བཟུང་སྟེ། ནུས་ཤུགས་གཅིག་སྡུད་ཀྱིས་ཁྲིམས་བཞིན་བོད་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་རྒྱུ།
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། གནད་ཆེ་གཙོ་བཟུང་དང་ཁྱད་ཆོས་མངོན་པ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཤུགས་རྒྱག་སར་བརྩིས་ནས་དུས་ཐོག་ཏུ་སྤྱོད་གོ་ཆོད་པའི་བཅོས་སྐྱོང་བྱེད་སྟངས་དང་། བཅོས་སྐྱོང་བྱེད་ཐབས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དུ་འགྱུར་བ་བྱས་ནས། ཁྲིམས་བཟོའི་སྤུས་ཚད་དང་ནུས་ཆོད་སྤྱི་འདོམས་བྱས་ཏེ། ཁྲིམས་སྲོལ་ལམ་ལུགས་ཀྱི་མཁོ་འདོན་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་ཐབས་ཏན་ཏིག་སྤྱད་ནས་ནུས་ཆོད་ཆེ་བའི་བཅོས་སྐྱོང་དང་། སྤུས་ཚད་མཐོ་བའི་གོང་འཕེལ། མཐུན་རྐྱེན་འཛོམས་པའི་འཚོ་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམིགས་ཏེ་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་ལམ་སྲོལ་དང་རྒྱུན་ལས་ཨུ་ལྷན་གྱི་དོན་གྲོས་ལམ་སྲོལ་དག་བཅོས་བྱེད་རྒྱུ་དང་། མཐའ་མཚམས་སྟོབས་ཆེར་གཏོང་རྒྱུ་དང་། མཐའ་མཚམས་སྲ་བརྟན་དུ་གཏོང་རྒྱུ། མཐའ་མཚམས་དར་རྒྱས་གཏོང་རྒྱུ་བཅས་ལ་དམིགས་ཏེ། བརྟག་དཔྱད་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ནས་འབྲེལ་ཡོད་ཁྲིམས་སྲོལ་བཟོ་འབེབས་དང་བཟོ་བཅོས་བྱེད་རྒྱུ། ཁྲིམས་སྐྱོང་གི་བོད་ལྗོངས་འཛུགས་རྒྱུར་དམིགས་ཏེ། སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་སྲོལ་ཡིག་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག་བཟོས་ནས་ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་གྲོས་ཆོད་བཟོ་རྒྱུ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་རྒྱུ་མ་ཟད། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་དང་དགོན་སྡེའི་ནོར་དོན་ལ་དོ་དམ་བྱེད་རྒྱུ་སོགས་ལ་དམིགས་ཏེ་ཁྲིམས་བཟོའི་སྔོན་གྲབས་ཀྱི་བརྟག་ཞིབ་ལས་དོན་གཏིང་ཟབ་སྤེལ་རྒྱུ། དམངས་འཚོ་ལེགས་བཅོས་བྱེད་རྒྱུར་དམིགས་ཏེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་དང་མཐོ་རུ་གཏོང་རྒྱུའི་འབྲེལ་ཡོད་ཁྲིམས་སྲོལ་ལས་དོན་སྤེལ་ཏེ“བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ཞིག་བྱེད་པའི”བརྗོད་དོན་གཙོ་བའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ། གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྲོལ་ཡིག་བཟོ་རྒྱུ། སྨན་རྫས་དོ་དམ་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་ལ་དག་བཅོས་བྱེད་རྒྱུ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུར་དམིགས་ཏེ་བདག་མེད་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་ལ་དག་བཅོས་བྱེད་རྒྱུ། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་རྒྱུར་དམིགས་ཏེ་གཉེན་སྒྲིག་བཅའ་ཁྲིམས་ཀྱི་བབ་བསྟུན་སྲོལ་ཡིག་ལ་བཟོ་བཅོས་བྱེད་རྒྱུ་དང་། གསོ་ཉར་བཅའ་ཁྲིམས་ཀྱི་བབ་བསྟུན་གཏན་འབེབས་མེད་པ་བཟོ་རྒྱུ་བཅས་ཡིན།
གསུམ། ལྟ་སྐུལ་དང་རྒྱབ་སྐྱོར་མཉམ་སྤེལ་བྱེད་རྒྱུ་མངོན་ཆེར་བཟུང་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་རྒྱུ་དང་གོམ་པ་བརྟན་པོ་སྤོ་རྒྱུར་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ།
ལྟེ་བར་དམིཌ་པ་དང་། གཙོ་གནད་མངོན་ཆེར་འཛིན་པ། དངོས་ཕན་དོན་གཉེར་བཅས་བྱས་ཏེ། ལྟ་སྐུལ་ཡང་དག་དང་ལྟ་སྐུལ་ནུས་ལྡན་བྱེད་རྒྱུ་མཐའ་འཁྱོངས་དང་། ལྟ་སྐུལ་དང་རྒྱབ་སྐྱོར་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་བེད་སྤྱོད་བྱས་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཆེད་དོན་འདྲི་རྩད་སོགས་ཀྱི་ལས་ཀ་ལེགས་བཅོས་དང་འཐུས་ཚང་དུ་བཏང་སྟེ། མུ་མཐུད་དེ་གྲོས་ཞིབ་བསམ་འཆར་བརྒྱུད་སྒྲུབ་བྱེད་རྒྱུ་དང་། མཇུག་འདེད་ལྟ་སྐུལ་བྱེད་རྒྱུ། བློ་མོས་ཆེ་ཆུང་བརྟག་རྒྱུར་སྒྲིག་འཛུགས་བྱེད་རྒྱུ་སོགས་ཀྱི་བྱེད་ལུགས་བྱེད་སྟངས་བེད་ཡག་པོ་སྤྱད་ནས་ལྟ་སྐུལ་གྱི་ཕན་འབྲས་དངོས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མངོན་ཆེར་བཟུང་སྟེ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ། ཡུལ་སྐོར་བཅའ་ཁྲིམས་དང་སྲོལ་ཡིག་དང་། ནགས་ཚལ་བཅའ་ཁྲིམས་དང་ལག་བསྟར་བྱ་ཐབས། གཏེར་རྫས་ཐོན་ཁུངས་དོ་དམ་སྲོལ་ཡིག་སོགས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ་དང་། བཟོ་ཚོགས་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པའི་སྙན་ཞུ་དང་དམངས་གཉེར་དཔལ་འབྱོར་གོང་འཕེལ་སྙན་ཞུ་སོགས་ཀྱི་གྲོས་ཞིབ་བསམ་འཆར་དོན་འཁྱོལ་བྱས་ཚུལ་ལ་མཇུག་འདེད་སྒྲུབ་སྐུལ་བྱེད་རྒྱུ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་། ཁོར་ཡུག་སྲུང་སྐྱོབ། གཞུང་ཁོངས་རྒྱུ་ནོར་དོ་དམ། རྩིས་བཤེར་བྱས་ནས་རྩད་ཆོད་པའི་མངོན་ཆེའི་གནད་དོན་བཅས་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་སོགས་ཀྱི་ཆེད་དོན་ལས་དོན་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱས་ཐོག འཆར་གཞི་དང་སྔོན་རྩིས་ངེས་རྩིས་ཐད་ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་རོགས་སྐྱོབ་ལས་དོན་དང་། “ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་དང་ནག་སེལ་གཤེད་བཅོམ་སོགས་ཀྱི་ཆེད་དོན་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱེད་རྒྱུ། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དང་། ཡུལ་སྤོས་དབུལ་སྐྱོར། རྩྭ་ཐང་ཕྱུགས་འབྲོག་ལས་སོགས་ཀྱི་ཆེད་དོན་བརྟག་ཞིབ་བྱེད་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་འབྲེལ་ཡོད་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་བརྟག་དཔྱད་བྱེད་རྒྱུ།
བཞི། འཐུས་མིའི་གཙོ་རྐང་གི་གནས་བབ་མངོན་ཆེར་བཟུང་སྟེ། བློ་གཅིག་སེམས་གཅིག་དང་བརྩེ་སེམས་ཟབ་མོའི་ཐོག་ནས་འཐུས་མི་དང་མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ།
མི་དམངས་ཨང་དང་པོར་འཇོག་རྒྱུ་དང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཐུས་མིའི་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། འཐུས་མིའི་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱས་ཏེ། འཐུས་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་ཞིབ་ཕྲའི་བྱ་ཐབས་ཚགས་ཚུད་དུ་བཏང་ཐོག ཕྱོགས་གཅིག་ནས་འགན་སྒྲུབ་ལས་སྟེགས་འཛུགས་རྒྱུར་དམ་འཛིན་བྱེད་རྒྱུ་དང་ཕྱོགས་གཞན་ཞིག་ནས་འཐུས་མིའི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་རྒྱུར་དམ་འཛིན་བྱས་ཏེ་འཐུས་མིའི་འགན་སྒྲུབ་ཞབས་ཞུའི་ལས་སྟེགས་དང་འགན་སྒྲུབ་ཡིག་ཚགས་ཚད་ལྡན་ཅན་དུ་བཟོ་རྒྱུར་སྐུལ་འདེད་གཏོང་རྒྱུ། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཁོངས་མི་སྣ་དང་འཐུས་མིའི་དབར་དང་། འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་རྒྱུ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་མཁན་འཐུས་མི་དང་བཞུགས་མོལ་བྱེད་ལམ་མཐའ་འཁྱོངས་བྱས་ཏེ། ཕྱོགས་གང་ཐད་ཀྱི་བསམ་འཆར་དང་གྲོས་འཆར་ཉན་འཇོག་ནན་ཏན་བྱས་ཐོག དམངས་ཀྱི་རེ་འབོད་ལ་ང་ཡིས་བརྡ་ལན་ཞུ་ཐུབ་པ་བྱེད་རྒྱུ། འཐུས་མིའི་གྲོས་གཞི་དང་། བསམ་འཆར། གྲོས་འཆར་བཅས་གཉེར་སྒྲུབ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱས་ཏེ། མཇུག་འདེད་ལྟ་སྐུལ་གཉེར་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་གཉེར་སྒྲུབ་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ། འཐུས་མིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམ་པོར་བརྟེན་ནས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་འཐུས་མིས་ཐེ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། འཐུས་མིས་གཅིག་སྡུད་ཐོག་ལྟ་ཞིབ་དང་། ཆེད་དོན་བརྟག་ཞིབ། འདེམས་དམངས་སྣེ་ལེན་སོགས་བྱེད་པའི་བྱེད་སྒོ་གཅིག་གྱུར་འཆར་འགོད་བྱས་ནས་སྤེལ་རྒྱུ། མུ་མཐུད་འཐུས་མིར་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་བཏང་སྟེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷག་པར་དུ་མཐའ་མཚམས་རྫོང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནང་སར་བསྐྱོད་དེ་སློབ་སྦྱོང་དང་རྟོག་ཞིབ་བྱེད་རྒྱུར་ཁག་བགོས་སྒྲིག་འཛུགས་བྱེད་རྒྱུ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ཡག་པོ་བྱས་ཏེ། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་། ཐབས་ཇུས་བཀོད་སྒྲིག་བཅས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་རྒྱུ། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་རྒྱུ་དང་ལས་ཀའི་མཛུབ་ཁྲིད་བསམ་འཆར་མུ་མཐུད་འཐུས་ལེགས་སུ་བཏང་ནས་དེའི་ནུས་པ་སྔར་བས་འདོན་སྤེལ་བྱེད་རྒྱུ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་བཞུགས་མོལ་ཚོགས་འདུ་སྐོང་འཚོག་བྱས་ཏེ་འགན་སྒྲུབ་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་སྤེལ་རེས་བྱེད་རྒྱུ། འཐུས་མིའི་འགན་སྒྲུབ་གྲོན་དངུལ་འགན་སྲུང་བྱེད་ལམ་ཚགས་ཚུད་དུ་གཏོང་རྒྱུ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལས་དོན་རྒྱུན་རྣམ་ཅན་ཡོང་བ་བྱས་པའི་འོག གསར་གཏོད་ལྡན་པའི་སྒོ་ནས་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་སྤེལ་སྟངས་འཚོལ་ཞིབ་བྱེད་རྒྱུ། “ནང་དུ་གདན་འདྲེན་ཞུ་བ”དང“ཕྱིར་སྐྱོད་པའི”ལས་ཀ་ཡག་པོ་བསྒྲུབས་ཏེ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་ཁྲོད་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་རྒྱུ་བཅས་ཡིན།
ལྔ། ལྷག་བསམ་དང་། སྤྱོད་གཙང་། ཁུར་ལེན་བཅས་བྱེད་རྒྱུ་མངོན་ཆེར་བཟུང་སྟེ། ནན་པོ་དང་དྲང་བདེན་གྱི་ཐོག་ནས་རང་ངོས་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་ནུས་ཤུགས་ཆེར་བཏང་ནས“སྲུང་སྐྱོང་གཉིས”ལ་ཆབ་སྲིད་ཀྱི་ཐོག་ནས་མོས་པ་དང་། བསམ་བློའི་ཐོག་ནས་མོས་པ། བརྩེ་སེམས་ཀྱི་ཐོག་ནས་མོས་པ་བཅས་བྱེད་རྒྱུ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་སློབ་སྦྱོང་དང་བེད་སྤྱོད་མཐའ་གཅིག་ཏུ་བྱེད་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ལས་འགན་ཨང་དང་པོ་དང་ནུས་རྩལ་མཁས་ཤོས་སུ་བརྩིས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་དམ་ནན་བྱས་ཏེ། རང་རྟོགས་ངང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཏང་གིས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་མ་ཟད། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་འོག་ནུས་ལྡན་དང་། གོ་རིམ་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་མི་དམངས་འཐུས་ཚོགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་རྫོང་དང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་དེ་སྤྱི་འདོམས་སུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དགོས་པ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པོ་དགོས་པ། སྒྲིག་འཛུགས་སྒྲིག་ལམ་གྱི་རང་བཞིན་དེ་བས་ཆེ་བ་དགོས་པ”བཅས་ཀྱི་ཆེད་དོན་སློབ་གསོ་སྤེལ་རྒྱུའི་སྒྲིག་འཛུགས་ནན་ཏན་བྱེད་རྒྱུ། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་གི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དུ་ཡན་ལག་ཏང་ཙུའུ་འཛུགས་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་ལས་བྱེད་པའི་དཔུང་ཁག་གི་གསོན་ཤུགས་ཆེ་རུ་གཏོང་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་གྲོས་རིམ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“གཞུང་གཅིག་ཨུད་གཅིག་ཁང་གཉིས”དང་འབྲེལ་མཐུད་བྱེད་པའི་ལམ་སྲོལ་འཐུས་ཚང་དང་ལེགས་སུ་གཏོང་རྒྱུ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་། སྤྱོད་ཚུལ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་བྱས་པའི་རྗེས་དང་འདྲུད་པའི་ཤུལ་འཇོག་པའི་ཐོག་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་འགོག་ཟོན་དང་ཁྱད་བསད་ཏན་ཏིག་བྱེད་རྒྱུ། རང་རྟོགས་ངང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མཛུབ་ཁྲིད་དང་ལེན་ཞུ་རྒྱུ་དང་། གཞི་རིམ་མི་དམངས་འཐུས་ཚོགས་དབར་ལས་དོན་མཉམ་འགུལ་དང་གཞོགས་འདེགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་མཉམ་ཤུགས་ཆགས་པ་བྱེད་རྒྱུ་དང་། དུས་འཚམ་ངེས་སུ་གྲོང་ཁྱེར་དང་རྫོང(ཆུས)མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོག་བྱེད་རྒྱུ། ཚད་ལྡན་ཅན་འཛུགས་སྐྱོང་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ཀྲུའུ་རེན་ཚོགས་འདུ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བཅས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་ཚོགས་ལས་དོན་དང་རིག་གཞུང་ཞིབ་འཇུག་གི་ཚོགས་འདུ་ཟུང་དུ་འབྲེལ་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་ཀར་ལེགས་བཅོས་བྱེད་རྒྱུ་བཅས་ཡིན།
འཐུས་མི་རྣམ་པ།
རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཤིང་། ལས་འགན་གསར་པས་མི་རྣམས་མདུན་དུ་བསྐྱོད་རྒྱུར་སྐུལ་མ་ཐེབས་བཞིན་ཡོད་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་འགན་གཙང་སྒྲུབ་དང་། གསར་གཏོད་བྱེད་ཕོད་པ། ཐེག་པ་ཁུར་ལེན་བཅས་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཡག་པོ་བསྒྲུབ་རྒྱུ་དང་། ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ལེགས་གྲུབ་ཡག་པོ་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་ལེགས་སྐྱེས་འབུལ་རྒྱུ་ཡིན།
(རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣