དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-03

    རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆ་བེད་སྤྱོད་ཀྱི་འགྲོ་ལུགས་ལས་གཉེར་ལས་དོན་གྱི་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆ་བེད་སྤྱོད་ཀྱི་འགྲོ་ལུགས་165འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”འགྲིམ་འགྲུལ་རྣམ་གྲངས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གཞུང་ལམ་རྣམ་གྲངས་ཀྱི་མ་འཇོག་གོ་རིམ་ལྡན་པའི་ངང་སྦྲེལ་མཐུད་བདེ་བླག་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་རེད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཅིག་ནས་ངོས་འཛིན་མཐོ་རུ་གཏོང་བ་དང་དམིགས་ཚད་ཁ་གསལ་བཟོ་དགོས་ཤིང་། གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆ་བེད་སྤྱོད་ཀྱི་འགྲོ་ལུགས་གཉེར་བའི་ལས་དོན་དུས་བཀག་ལྟར་སྤུས་ཚད་མཐོ་པོས་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་དང་ལས་འགན་མགྱོགས་མྱུར་བསྒྲུབས་ཏེ། གཏན་ལ་འཁེལ་བའི་དུས་ཚོད་དང་མཚམས་ཚིགས་ལྟར་འགྲོ་ལུགས་གཉེར་བའི་ལས་དོན་ཁག་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་ལས་བགོས་ཞིབ་ཕྲ་དང་འགན་འཁྲི་ནན་པོ་དཀྲི་དགོས། གཙོ་གནད་ལས་དོན་ལ་སྔར་བས་གསེད་བཀྲོལ་དང་། དམིགས་ཚད་ལས་འགན་དབྱེ་འབྱེད། འགན་འཁྲི་མི་ཐོག་ཏུ་ཁ་གསལ་འཁྱོལ་བ་བཅས་བྱས་ནས་འགོ་ཁྲིད་གཙོ་བོས་རང་ངོ་མས་དམ་འཛིན་དང་ལས་འགན་ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ་བྱེད་པའི་ལས་དོན་གྱི་རྣམ་པ་ཞིག་ཆགས་པར་བྱས་ཏེ། ལྟ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་དང་ལས་བགོས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས། གསུམ་ནས་མཐུན་སྦྱོར་གཞོགས་འདེགས་དང་མཉམ་ཤུགས་ཆགས་པར་བྱེད་དགོས། རང་འགུལ་ངང་སྦྲེལ་མཐུད་དང་གཞོགས་འདེགས་ལ་དམ་ཟབ་བྱས་ཏེ་བསམ་བློ་གཅིག་ཏུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་པ་དང་། བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབད་འཐབ་ཧུར་ཐག་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་དགོས། བཞི་ནས་ཁྲིམས་ལྟར་སྒྲིག་སྲོལ་དང་མཐུན་པ་དང་མཐའ་ཚད་བརྟན་པོ་སྲུང་དགོས། མཐའ་ཚད་ཀྱི་བསམ་བློ་དང་ཁྲིམས་ལྟར་ས་ཆ་བེད་སྤྱོད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ས་ཆ་བེད་སྤྱོད་ཀྱི་གཏན་འབེབས་དང་བརྒྱུད་རིམ་ལག་བསྟར་ནན་པོ་བྱེད་པ། རྨོ་ཞིང་སྲུང་སྐྱོང་དང་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་ས་ཆ་བེད་སྤྱོད་ཀྱི་ལམ་ལུགས་ནན་ཤོས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ལྔ་ནས་རང་འགུལ་ངང་སྙན་ཞུ་འབུལ་བ་དང་འབྲེལ་གཏུག་ཧུར་ཐག་བྱེད་དགོས། དགོངས་སྐོར་སྙན་སེང་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་གནད་དོན་གལ་ཆེན་དུས་ཐོག་ཏུ་སྙན་ཞུ་འབུལ་བ་དང་ཇི་མ་ཇི་བཞིན་སྙན་སེང་ཞུས་ཏེ་ལས་དོན་དང་ལས་འགན་ཁག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་མཐུན་སྦྱོར་སྦྲེལ་མཐུད་ལས་དོན་ཡག་པོ་ནན་ཏན་དང་ཞིབ་ཚགས་བསྒྲུབས་ཏེ་འབད་བརྩོན་ཆེ་ཤོས་ཀྱི་སྒོ་ནས་བསམ་ཤེས་དང་རྒྱབ་སྐྱོར་འཐོབ་པར་བྱེད་པ་དང་། གཞུང་ལམ་རྣམ་གྲངས་ཀྱི་ས་ཆ་བེད་སྤྱོད་ཀྱི་འགྲོ་ལུགས་དུས་བཀག་དང་བླང་བྱ་ལྟར་གཉེར་ཐུབ་པའི་འགན་ལེན་བྱས་ནས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་གྱི་བོད་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་ཆེད་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།