དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-01

    ཟླ་1ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་གཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།

    ཝང་ཝུའེ་ཏུང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཆབ་སྲིད་ཐད་ནས་བལྟ་བ། རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ། རང་རྟོགས་ངང་ལྟ་སྐུལ་བྱེད་ནུས་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཛུགས་སྐྱོང་ཁྲོད་མཉམ་འདྲེས་ཐུབ་པ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་བདེ་བླག་ངང་བྱེད་པར་འགོ་ཡག་པོ་འཛུགས་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཝུའེ་ཏུང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་འཛོལ་ཁྱད་ནུས་ཤུགས་ཡོད་རྒུས་ཤེས་རྟོགས་ཐུབ་པ་དང་ཡོ་བསྲང་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ་དང་། དམ་བསྒྲགས་ཀྱི་རྣམ་པ་དང་ཆད་གཅོད་བྱེད་ཤུགས་རྒྱུན་འཁྱོངས་བྱས་ནས་མ་དངུལ་གྱི་ཐོན་ཁུངས་མང་པོ་འདུས་པའི་ལས་རིགས་ཁྱབ་ཁོངས་ལ་དམ་འཛིན་ནན་པོ་བྱེད་པ་དང་། འགག་རྩའི་ཉུང་ཤས་ལ་དམ་འཛིན་ནན་པོ་བྱེད་པ། རུལ་རྒོལ་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། དཔེ་གཞིར་བརྟེན་ནས་སྒྱུར་བཅོས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ཕོགས་སྣོན་ཁ་གསབ་གང་བྱུང་དུ་སྤྲོད་པ་དང་། གཞུང་རྒྱུ་མ་ཟས་ཀྱང་སྦྱིན་བདག་གི་རྒྱུ་ཟ་བ། བཟའ་བཏུང་འཕྲོ་བརླག་གཏོང་བ་སོགས་ཐོན་རིམ་བཞིན་རྡུང་རྡེག་གཏོང་བ་དང་རྡུང་རྡེག་ཡང་ཡང་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱ་ཡན་དུ་མི་གཏོང་བར་སྙིང་རུས་གཏན་འཁྱོངས་ཀྱིས“སྤྱོད་ཚུལ་བཞིར”ཡོ་བསྲང་བྱེད་དགོས། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་རྒྱུན་མཐུད་ངང་དག་ཐེར་བྱེད་པ་དང་། མང་ཚོགས་ཀྱི“འཕྲལ་མཁོ་ཆེ་བ་དང་། དཀའ་ཚེགས་ཆེ་བ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཁྲོད་མི་དམངས་མང་ཚོགས་ལ་ཐོབ་སྣང་དེ་བས་མང་བ་ཐོབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།